Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      993 results — page 48 of 50
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      བསྟན་པ་ནི། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་ཟད་དོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་ཟད་པར་མ་གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །དེ་ལྟར་དམྱལ་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་ཏེ། གྲང་དམྱལ་དུ་ལུས་ཚལ་པ་བརྒྱ་སྟོང་དུ་འགས་པ་དང༌། ཚ་དམྱལ་དུ་ལུས་དུམ་བུ་བརྒྱ་སྟོང་དུ་གཏ…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      བསྒྲིམས་ནས་སྤང་དགོས་པའོ། །དུད་འགྲོའི་སྡུག་བསྔལ་བཤད་པ་ནི། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤོང་བ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟདཔ། ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་ལྤགས་པའི་ཆེད་དུ་གསོད་པར་འགྱུར། །དབང་མེད་གཞན་དག་རྡོག་ལ་ལག་པ་དང༌།…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      གསོད་པར་བྱེད་དོ། །གཞན་ཡང་རང་དབང་མེད་པའི་དུད་འགྲོ་འགའ་ཞིག་རྡོག་པ་དང་ལག་པས་བསྣུན་པ་དང༌། རྟ་སོགས་ལྕག་གིས་བཀོལ་བ་དང༌། གླང་པོ་ཆེ་ལྟ་བུ་ལྕགས་ཀྱུས་བཏབ་སྟེ་བཀོལ་བ་ལ་སོགས་པས་རྣམ་པ་སྣ་ཚོགས་པའི་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་དོ། །ཡི་དྭགས་ཀྱི་སྡུག་བསྔལ་བཤད་པ་ལ། མདོར་བསྟན་པ་དང་རྒྱས་བཤད་ལས། དང་པོ་ནི…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      འགྲོ་བ་གཞན་ཡང་དགྲར་གྱུར་པའི་གནོད་འཚེ་ལ་སོགས་འཇིགས་སྐྲག་ཆེན་པོས་བསྐྱེད་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་བསྟེན་པར་བྱེད་དགོས་སོ། །རྒྱས་བཤད་ལ། ཡི་དྭགས་ནང་གི་སྒྲིབ་པ་ཅན་གྱི་སྡུག་བསྔལ་བཤད་པ་ནི། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱི། །འཚོལ་བའི་མཐུ་དང་ལྡ…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      ཁ་ཅིག་མཚན་ཤིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབ་བྱེ་མ་འཚལ། །ཡི་དྭགས་མང་པོ་ཞིག་ནི་ལུས་ལ་ཤ་མེད་པས་ལྤགས་པ་དང་རུས་པ་ཙམ་ལྷག་མར་ལུས་ཤིང་སྐེམ་པ་དང༌། གོས་ཀྱིས་ཕོངས་པས་ལུས་གཅེར་བུར་གྱུར་པ་ཏ་ལའི་ཡ་ཐོག་སྐམ་པ་ཉི་ལྷག་ཀྱིས་ཁྱེར་པ་ལྟར། མདོག་སྐྱ་བོ་མི་སྡུག་པ། ལུས་ལ་གཤེར་མེད་པ་དང་རུས་ཚིགས་སུམ་བརྒྱ་དྲུག་བཅུ་འཐབ་པའ…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      སྐལ་བ་མེད་པས། ཡི་དྭགས་དེ་རྣམས་ཉིད་ཕན་ཚུན་ཞེ་སྡང་གིས་འཁྲུགས་ནས་ཁུ་ཚུར་བསྣུན་པས། གདོང་ལ་སོགས་པའི་རང་གི་རྨའི་ཁྲག་ཟགས་པ་སོགས་ཅུང་ཟད་དང༌། ལྦ་བ་བྱུང་བ་སྨིན་པའི་རང་གི་རྣག་ཀྱང་ཟས་སུ་འཚལ་པ་སྟེ་ཟ་བར་བྱེད་དོ། །གྲང་དྲོའི་སྡུག་བསྔལ་པ་ནི། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་ནི་ཉི་མའང་གྲང༌། །ལྗཽན་ཤིང་…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །བར་མ་ཆད་པར་ཁོར་ཡུག་ཏུ་སྡུག་བསྔལ་མི་བཟད་པ་བསྟེན་པར་འགྱུར་བ་ནི་རྒྱུ་ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་སྲ་བས་བཅངས་པའི་ལུས་ཅན་ཡི་དྭགས་འདི་དག་ནི་མངོན་པ་ལས། ཟླ་བ་ཉིན་ཞག་ལྔ་བརྒྱ། ཞེས་པ་མིའི་ཟླ་བ་རེ་ལ་ཞག་རེར་རྩིས་པའ…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      དེའི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ་སྟེ། རང་གི་ནོར་ལ་རྐམ་ཆགས་དང༌། གཞན་གྱི་ནོར་ལ་བརྣབ་སེམས་དང་ལྡན་པའི་སེར་སྣ་ནི་འཕགས་མིན་ཏེ། འཕགས་པའི་ཆོས་དང་མི་མཐུན་པ་དེ་ལས། ཡི་དྭགས་ཀྱི་འགྲོ་བའི་སྡུག་བསྔལ་སྣ་ཚོགས་འབྱུང་བ་ཡིན་པར་སངས་རྒྱས་ཀྱིས་གསུངས་སོ། །ལྷའི་སྡུག་བསྔལ་བཤད་པ་ལ། མདོར་བསྟན། རྒྱས་བཤད་ལས། དང་པོ་ནི། མཐོ་རིས་ན…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      སྲེད་པ་བགྱིད་པར་མི་འོས་ཏེ། མཐོ་རིས་ཀྱི་བདེ་བ་དེ་ནི་ཟད་པར་འགྱུར་བས་བློ་བསྟད་མི་ཐུབ་པའི་ཕྱིར་རོ། །ལྷའི་སྡུག་བསྔལ་རྒྱས་པར་བཤད་པ་ལ། འཆི་ལྟས་འཕོག་པའི་སྡུག་བསྔལ་དང༌། འཆི་འཕོ་ལྟུང་བའི་སྡུག་བསྔལ་གཉིས་ལས། དང་པོ་ནི། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང༌། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང༌། །གོས་ལ་དྲི་མ་ཆགས་དང་ལུས…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      མར་གྱུར་པས་སྔོན་དུ་གོས་ལ་དྲི་ནོགས་ཆགས་པར་མི་འགྱུར་བ་ལས། དྲེག་པ་ཆགས་པར་འགྱུར་བ་དང༌། ཡང་ལུས་ལྡང་བ་ཡང་ཞིང་ཟོ་མདོག་བདེ་བས་རྔུལ་མི་འབྱུང་བ་ལས། དེ་སྐབས་མཆན་ཁུང་ལ་སོགས་པ་ནས་རྔུལ་འཛག་པའི་ལྟས་རྣམས་འབྱུང་བར་འགྱུར་རོ། །མཐོ་རིས་འཆི་འཕོ་སྒྲོན་བྱེད་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      འཆི་འཕོ་བའི་རྟགས་མངོན་དུ་གྱུར་པ་ནས་སེམས་ཀྱི་སྡུག་བསྔལ་དྲག་པོ་ཡུན་རིང་དུ་འཁུར་དགོས་པའི་སྣང་བ་འབྱུང་བས་དེའི་ཞག་བདུན་གྱི་སྡུག་བསྔལ་དེ་ཡང་ཡུན་རིང་ཞིང་དོས་དྲག་པ་ཡིན་ནོ། །གནས་འོག་ཏུ་ལྷུང་བའི་སྡུག་བསྔལ་ནི། ལྷ་ཡི་འཇིག་རྟེན་དག་ནས་འཕོངས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌།…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      འགྱུར་རོ་སྙམ་པའི་སྡུག་བསྔལ་དང་བཅས་ནས་འཆི་འཕོ་ལ། དགེ་བའི་ལྷག་མ་མེད་ན་ངན་སོང་དུ་སྐྱེ་ཞིང༌། ལྷག་འཕྲན་བུ་ཡོད་ན་མིར་སྐྱེ་བ་ཡིན་ལ། ལྷ་ནས་ལྷར་སྐྱེ་བ་ནི་ཆེས་དཀོན་པ་ཡིན་ནོ། །ལྷ་མིན་གྱི་སྡུག་བསྔལ་བཤད་པ་ནི། ལྷ་མིན་དག་ནའང་རང་བཞིན་གྱི་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་ངན་ནའང་འགྲོ་བ་ཡི། །སྒྲ…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      ནི་བློ་གྲོས་དང་ཤེས་རབ་ལྡན་པ་དད་པས་ཆོས་ལ་འཇུག་པ་སྲིད་ཀྱང༌། འགྲོ་བའི་སྒྲིབ་པ་ཞེས་བྱ་བ་ལུས་དེ་བླང་པ་ཁོ་ནའི་སྐྱོན་གྱིས་བདེན་པ་མཐོང་བ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐར་པའི་ལམ་ཐོབ་པར་མ་གྱུར་ཅིང༌། དེར་མ་ཟད་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་སོགས་ཆགས་བྲལ་གྱི་ལམ་ཙམ་ཡང་ཐོབ་པར་མི་འགྱུར་རོ། །འགྲེལ་པ་ལས་རང་བཞིན་ག…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      པར་བྱའོ། །ཚིགས་བཅད་འདིར་ལྷ་མིན་མ་བཤད་པ་ནི་ལྷའི་ནང་དུ་འདུས་པའི་དབང་དུ་བྱས་སོ། །དེས་མཐོང་ལམ་འཕྲོས་དོན་དང་བཅས་པ་བསྟན་ཟིན་ནས། འབྲས་བུ་མྱང་འདས་རྒྱུ་སྒོམ་ལམ་དང་བཅས་བཤད་པ་ལ། འབྲས་བུ་མྱང་འདས་ལ་གདམས་པ་དང༌། སྒོམ་ལམ་ལ་གདམས་པ་གཉིས་ལས། དང་པོ་ནི། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང༌།…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      དག་དང་ཤེས་རབ་བསམ་གཏན་གྱིས། མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་བས་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །རྒྱུའམ་ལམ་ཚུལ་ཁྲིམས་དག་དང༌། ཤེས་རབ་དང༌། ཏིང་ངེ་འཛིན་ཏེ་བསླབ་པ་གསུམ་གྱིས་འབྲས་བུ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་བྱ་ཞིང༌། དེ་ཡང་མྱ་ངན་ནི་སྡུག་བསྔལ་ཡིན་ལ། དེ་སྤངས་པས་མྱ་ངན་ལས་འད…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      འདོད་པ་ལ་སོགས་པ་འབྱུང་བའམ། འབྱུང་འགྱུར་ལས་བྱུང་བའི་འདུས་བྱས་ཀྱི་བཀོད་པ་ཐར་པར་འདོད་པ་དེ་ལྟ་བུར་མ་ཡིན་པའི་ཟག་མེད་དབྱིངས་ཀྱི་ཐར་པ་མཆོག་ཐོབ་པར་མཛོད་ཅིག །མུ་སྟེགས་འདོད་པའི་འདུས་བྱས་ཀྱི་གནས་དེ་འདྲ་ནི་ཐར་པ་མ་ཡིན་ཏེ། འབྱུང་བ་ལས་གྱུར་པས་མཐར་འཇིག་པའི་ཕྱིར་རོ། །རྒྱུ་སྒོམ་ལམ་བཤད་པ་ལ། བྱང་ཆུབ་ཡན་ལག་བདུན་ལ་གདམས་པ…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      དེ་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཀྱི་ཉམས་ལེན་ཡིན་པས་འབད་པས་སྒོམ་པར་བྱེད་དོ། །དེ་ཡང་མདོ་སྡེ་རྒྱན་དང་དབུས་མཐའ་རྣམ་འབྱེད་ལས་མཐུན་པར་གསུངས་པ། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་པ་རང་བཞིན་ནི་དངོས་སམ་གཙོ་བོའི་དོན་ཡིན་པས། བདག…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      ཡན་ལག་ཡིན་ཅིང༌། དབུས་མཐའ་རྣམ་འབྱེད་ལས། འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བརྗོད་པ་ཡིན། །ཅེས་པ། གཞི་ནི་རྒྱུའི་དོན་ཡིན་པས། ཉོན་མོངས་པའི་བག་ལ་ཉལ་དང༌། རྗེས་སུ་མཐུན་པའི་ལུས་ངག་ཡིད་གསུམ་གྱིས་ཀུན་ཏུ་སྤྱཽད་པ་ནི་གནས་ངན་ལེན་ཡིན་ཞིང༌། དེ་ཉིད་སྔོན་འབད་པས་བསྒྲིམས་ཏེ་བཟློག་དགོས་པ་ཕྱིར་སྦྱངས་པའི་གོམས་ཤུགས་ཀྱིས་…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཐོས་བསམ་ཀྱི་ཤེས་རབ་ཕྱིན་ཅི་མ་ལོག་པས་མཚམས་སྦྱོར་བ་མེད་ན། གནས་ལུས་ཀྱི་དོན་ལ་མཉམ་པར་འཇོག་པའི་བསམ་གཏན་བསྒོམ་ནུས་པ་ཡོད་པ་མིན་ཅིང༌། བསམ་གཏན་དེ་མེད་པས་ཉོན་མོངས་སྤོང་བ་དང་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཟག་མེད་སྒོམ་བྱུང་གི་ཤེས་རབ་སྐྱེ་བར་འགྱུར་བ་མེད་ལ། ཐོས་བསམ་སྒོམ་གསུམ་གྱ…
      JTN021 · ཏཱ་ར་ནཱ་ཐ།
      བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
      པའི་འཇིག་རྟེན་གྲགས་ཆེ་བའི་ལྟ་བ་བཅུ་བཞི་ནི། ཉི་མའི་གཉེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལུང་མ་བསྟན་པའི་ལྟ་བ་ཞེས་པའི་ཐ་སྙད་རབ་ཏུ་གསུངས་པ་གང་དག་སྟེ། དེ་ལྟར་བུའི་ལོག་པའི་ཤེས་རབ་ཀྱི་ལྟ་བ་དེ་དག་རྣམས་ལ་ནི། བསམ་པ་དང་བསྒོམ་པར་བྱ་བ་མ་ཡིན་ཏེ། དེའི་བློ་སྟེ་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་པ་ཞི་བར་བགྱིད་པ་མ་ཡིན་པའི…