Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      993 results — page 5 of 50
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་འཛོམ་ལ།
      སོང་མུན་པ་སངས་པ་ན། །ངོ་བོ་འགྱུར་ནས་བཟང་དུ་སོང་བ་མེད། །སེམས་ཀྱི་རང་བཞིན་སྒྲིབ་བཅས་སྒྲིབ་མེད་ལ། །རང་བཞིན་ངོ་བོ་བཟང་ངན་འགྱུར་ཟློག་མེད། །མི་ཤེས་གཏི་མུག་རང་ངོ་ཤེས་པ་ན། །མི་བཅོས་སོ་མར་ཞོག་ཅིག་ཡེ་ཤེས་ཡིན། །ཆོས་དབྱིངས་ཡེ་ཤེས་དེ་ལ་བཅོས་མ་གཏོང༌། །རྣམ་པར་སྣང་མཛད་གཞན་ནས་མ་འཚོལ་ཞིག །འཁོར་བ་ལས་གཞན་མྱང་འདས་ཡོད་མ་ཡ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་འཛོམ་ལ།
      བྱམས་པ་སྒོམས་ན་འདོད་ཆགས་སྲེད་པར་ལྷུང༌། །ཞེན་མེད་སྒོམས་ན་རང་དོན་ཡིད་བྱེད་སྐྱེ། །མི་རྟག་སྡུག་བསྔལ་སྒོམས་ན་ཡི་ཆད་ལྡང༌། །རིག་པས་བརྟགས་ཤིང་བཅད་ཀྱང་རྣམ་རྟོག་ཡིན། །བསམ་མནོ་ཙམ་གྱིས་མགོ་བོ་འཁོར་ཉེན་གདོག །བྱང་ཆུབ་ཐོབ་འདོད་སྐྱེས་ཀྱང་རེ་བ་ཡིན། །སྡུག་བསྔལ་བྲལ་འདོད་སྐྱེས་ཀྱང་དོགས་པར་སོང༌། །མི་སྡུག་ཏིང་འཛིན་སྒོམས་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རང་ལ་འཛུར་བརྡར།
      རྗེ་མཚན་ལྡན་གྱི་བླ་མ་སྐུ་དྲིན་ཅན། །ཕ་ལྷ་དབང་གྲགས་པའི་ཞབས་ལ་འདུད། ཁོང་རྟོགས་ལྡན་མ་ཡིན་གྲུབ་ཐོབ་ཡིན། །གྲུབ་ཐོབ་མ་ཟེར་སངས་རྒྱས་གྱིས། །ལས་ངན་མ་དག་པས་མི་ངས་ཀྱང༌། །སྔོན་བླ་མ་སངས་རྒྱས་སེམས་ཅན་དུ་མཐོང༌། །དུས་དེ་ཙམ་ལྟས་ན་ཆོས་སྐུར་གདའ། །སྐུ་གསུམ་རིན་པོ་ཆེ་ལ་གསོལ་བ་འདེབས། ཁྱེད་སྒྲུབ་པ་ལྷུར་ལེན་གྱི་ཚོགས་པ་ལ། །ང…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རང་ལ་འཛུར་བརྡར།
      ཀུན་བར་དོའི་འཁྲུལ་བར་གདའ། །གདམས་པ་ཟབ་མོ་མང་ཡོད་ཀྱང༌། །བརྩོན་འགྲུས་ཀྱི་ལག་དང་བྲལ་གྱུར་ན། །རྒྱ་མཚོའི་གཏིང་གི་ནོར་བུ་འདྲ། །བཟང་ཡང་ཕན་པར་མི་གདའོ། །བློ་དྲང་པོས་ཐམས་ཅད་ཤེས་ན་ཡང༌། །བདེན་བརྫུན་གྱི་ཁ་རྒྱག་བྱས་གྱུར་ན། །སྙིགས་དུས་ཀྱི་སྐྱེ་བོས་སྡིག་པ་གསོག །ངག་སྨྲ་བ་བསྐྱུངས་ལ་རང་སོ་བཟུང༌། །ཟ་རྒྱུ་དང་གོན་རྒྱུ་སྐྱ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རང་ལ་འཛུར་བརྡར།
      བ་ཞུ། །དབང་ཆོས་ཞུ་བ་སྐད་བྱེད་ན་ཡང༌། །བླ་མ་ལ་ཕྱི་མི་འཚོལ་བ་དང༌། །མི་གཞན་ལ་ནང་མི་བྱེད་པ་འདི། །དམ་ཁ་ལ་མ་ཉམས་དོན་ལ་ཉམས། །དམྱལ་བའི་གཏིང་རྡོ་ཞིག་ལགས་པས་སྤོང་བར་ཞུ། །ཇ་ཆང་དང་མར་སྐྲོག་གི་ལག་འཁྱོངས་ཀྱིས། །ཉེ་གནས་ཀྱི་ངོས་འཛིན་བྱེད་བྱེད་ནས། །སྒྲུབ་པ་པའི་རང་ཚུགས་བསྐྱལ་ཉེན་གདོག །རྒྱུ་སོང་ལ་ཕན་ཡོན་ཆུང་བ་ཞིག་གདའ། …
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རང་ལ་འཛུར་བརྡར།
      དུས་ཅིག་མེད་མེད་འདྲ། །རླུང་སེམས་ཚགས་སུ་མ་ཚུད་ན། །བློ་ཆོས་སུ་སོང་བ་སྐད་བྱས་ན་ཡང༌། །ངེས་འབྱུང་ནི་ན་བུན་བཞིན་དུ་ཡལ། །ཉམས་ཀྲ་ཀྲི་ཅུང་ཟད་ཤར་བ་ཡང༌། །སོས་ཀའི་ལྡེང་ཀ་བཞིན་དུ་བསྐམས། །མཐར་ཐ་མལ་དུ་འགྲོ་བའི་དུས་ཤིག་འདུག །རླུང་སེམས་ལ་འཇུར་བརྡར་མཛད་པ་ཞུ། །གཞན་ཡང་གྲྭ་རིགས་ཀུན་གྱིས་དགོངས་འཚལ་བ་ལ། །རང་གི་ཆོས་ཉམས་སུ་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > སྒོམ་ཆེན་རྣམས་ལ་གདམས་པ།
      ཨོཾ་སྭཱ་སྟི། ལོངས་སྤྱོད་ཀྱི་ཁེ་སྤོགས་བྱེད་པ་སྟེ། །ངེད་རང་ཆོས་པ་ལ་རུང་མ་ཡིན། །དུས་ནམ་ཞིག་བླ་མ་སངས་རྒྱས་དུས། །མ་དག་པའི་འཁོར་དུ་འོང་ཞེས་གསུངས། །ད་དགེ་སྦྱོར་གང་ཡོང་མ་གཏོགས་པ། །འབྲུ་ཚོང་གི་འཕེལ་འགྱེད་མི་མཛད་པ་ཞུ། །འཕྲལ་འདོད་པ་ཆུང་ཞིང་ཆོག་ཤེས་པ། །ནམ་ཞིག་དག་པའི་འཁོར་དུ་འོང༌། །དེ་ལྟ་འདམ་ཁ་ཡོད་ཕྱིར་ལ། །དག་པའ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > སྒོམ་ཆེན་རྣམས་ལ་གདམས་པ།
      སྤྲོས་བཅས་ཀྱི་མགོ་བསྐོར་ཙམ་དུ་གདའ། །དབང་སྡུད་དང་དྲག་པོའི་འཕྲིན་ལས་དང༌། །མིག་མཐོང་དང་རྣ་སྙན་ཁྲུས་ཆོག་སོགས། །ཉམས་ལེན་པ་ལ་བདུད་དུ་འབབ། །འགྲོ་བ་ལ་ཕན་ངེས་མ་གཏོགས་པ། །གྲོང་ཆོག་ལ་དགའ་བ་མི་མཛད་ཞུ། །བདེ་སྡུག་དང་སེམས་སྣང་གང་བྱུང་ཡང༌། །ཉམས་ལ་མ་ཞེན་སྒོམ་པར་ཞུ། །མཛའ་མཛའ་འདུས་པའི་ཕོ་ཁྲོམ་ལ། །ཆགས་སྡང་གི་ལོང་གཏམ་འཐ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > སྒོམ་ཆེན་རྣམས་ལ་གདམས་པ།
      བཟླས་ལ་རེམ་པར་འཚལ། །བསྟན་པ་བསྲུང་དུས་དགོས་པས་ན། །ཆོས་སྐྱོང་གི་བཟླས་བརྗོད་བརྩོན་པར་ཞུ། །འཕྲལ་དུ་སྤྱོད་པ་གཙང་བ་དང༌། །ཕུགས་སུ་དག་སྣང་ཆེ་བ་དང༌། །མཆེད་གྲོགས་ནང་ཁ་གཤིན་པ་དང༌། །མགོ་ཡང་བློ་མངས་མི་བྱེད་པ། །སྒོམ་ཆེན་ཀུན་ལ་གནད་དུ་ཆེ།། །།མངྒལཾ། །
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > མཻ་ཏྲི་དྷརྨ་བྷུ་ཏི་ལ་གདམས་པ།
      ལར་སྙིང་ནས་བློ་སྣ་མ་འགྱུར་ཞིང༌། །སེམས་དང་དམ་ཆོས་མ་འདྲེས་པས། །རློམ་སེམས་དང་བཟང་འཛིན་ཅི་བྱས་ཀྱང༌། །ཤུལ་རྗེས་ལེགས་པར་མི་གདའ་འོ། །མི་གཞན་ལ་ཁྱད་གསོད་དང་རང་མཐོང་སྐྱེ། །ཕྲག་དོག་དང་ངག་འཁྱལ་ཆགས་སྡང་འཕེལ། །བླ་མ་དང་མཆེད་གྲོགས་ལ་འཁང་ཞིང་འཁུ། །ནོར་འདོད་དང་ཁེངས་དྲེགས་སྐྱེས་པ་ཞིག །དེ་ཡིན་པ་བར་ཆད་ཀྱིས་ཁྱེར་རྟགས་ཡིན…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > མཻ་ཏྲི་དྷརྨ་བྷུ་ཏི་ལ་གདམས་པ།
      པ་ག་ལ་སྲིད། །ཕྱིན་ཆད་བླ་མའི་ཐུགས་རྗེ་ཡིས། །དམ་པའི་ཆོས་བཞིན་སྤྱོད་པར་ཤོག། །།ཏཱ་ར་ནཱ་ཐས་མཻ་ཏྲི་དྷརྨ་བྷུ་ཏི་ལ་གདམས་པའོ། །མངྒལཾ། །
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > སཱུཪྱ་བི་ཛ་ཡ་ལ་གདམས་པ།
      ཨོཾ་སྭཱ་སྟི། རྗེ་རྡོ་རྗེ་འཆང་ཆེན་གྲུབ་ཐོབ་ཚུལ། །མཚན་ཐོས་པ་ཙམ་གྱིས་དོན་ཆེན་ལྡན། །བདག་བུ་སློབ་ཀྱི་བློ་སྣ་ཆོས་ལ་སྒྱུར། ཁྱེད་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །དུས་ད་རེས་མི་ལུས་ཐོབ་པ་དང༌། །མཚན་ལྡན་གྱི་རྗེ་དང་མཇལ་སྐབས་འདིར། །ཉམས་ལེན་ལ་འབད་འབུང་མ་བཏོན་ན། །མི་ཚེ་དོན་མེད་དུ་འགྲོ་ཉེན་གདའ། །ཉམས་ལེན་གྱི་རྒྱལ་པོ་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > སཱུཪྱ་བི་ཛ་ཡ་ལ་གདམས་པ།
      མེད་པའི་གནད་ཀ་དེས། །རང་བབས་སུ་བཞག་ན་འགྱུར་མེད་ཐོབ། །རང་ཤར་ལ་བཟོ་བཅོས་མི་འཚལ་ཏེ། །བཅོས་མིན་ལ་ངོ་ཤེས་གལ་རེ་ཆེ། །སེམས་རྣམ་རྟོག་མེད་པར་རང་གསལ་ན། །གསལ་བ་གསལ་ཞིང་སྟོང་པ་དེ། །རང་ངོ་ཤེས་ན་ཆོས་སྐུར་འདུག །རང་གིས་རང་ངོ་ཤེས་དུས་ན། །རྟོག་པའི་ཆོ་འཕྲུལ་ཅི་ཆེ་ཡང༌། །བདེ་སྡུག་གི་འཆར་སྒོ་གང་མང་ཀྱང༌། །ཐམས་ཅད་ཆོས་སྐུའི་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > སཱུཪྱ་བི་ཛ་ཡ་ལ་གདམས་པ།
      ཞིག་འཚལ། །ཉམས་ལེན་ལ་རང་བྱན་ཆུད་པ་ཞིག་ཞུ།། །།ཞེས་པའང་ཏཱ་ར་ནཱ་ཐས་སཱུཪྱ་བི་ཛ་ཡ་ལ་གདམས་པའོ། །མངྒལཾ། །
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཟླ་རི་བ་གྲགས་བཟང་ལ་གདམས་པ།
      ན་མོ་གུ་རུ་ཝེ། བླ་མ་རིན་ཆེན་ཞབས་ལ་འདུད། །བུ་ཁྱོད་མངའ་རིས་སྟོད་ཕྱོགས་སུ། །འགྲོ་བར་བཞེད་ན་དམ་ཆོས་ཀྱི། །རིན་ཆེན་ཕྲེང་འདི་རྫོངས་སུ་འབུལ། །རྙེད་དཀའ་དལ་འབྱོར་མི་ལུས་འདི། །རང་ཡང་ལོ་བརྒྱ་མི་འདའ་ཞིང༌། །དོ་ནུབ་རང་ཡང་གདེངས་མེད་པས། །ཚེ་འདིའི་ལས་ཐབས་མ་ཚར་བར། །འཆིའོ་སྙམ་དུ་སྐྱོ་ཤས་བསྐྱེད། །ངན་སོང་གསུམ་ན་སྐྱིད་མེད…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཟླ་རི་བ་གྲགས་བཟང་ལ་གདམས་པ།
      ལོངས་སྐུའི་ལམ་ཁྱེར་ཡིན། །སྐྱིད་ན་སེམས་ཅན་སྐྱིད་པར་སྨོན། །སྡུག་ན་ཀུན་གྱི་སྡུག་བསྔལ་བླང༌། །དགེ་བ་བྱས་ཚད་གཞན་དོན་བསྔོ། །བྱེད་སྤྱོད་སྤྲུལ་སྐུ་ལམ་ཁྱེར་ཡིན། །དངོས་གཞི་སྐུ་གསུམ་ལམ་ཁྱེར་རོ། །དེ་ནས་སངས་རྒྱས་མ་ཐོབ་བར། །དགོས་སུ་ཚེ་འདི་ཡང་དགོས་སུ། །གནས་སྐབས་ཀུན་ཏུ་དམ་ཆོས་དང༌། །མི་འབྲལ་འདུན་པ་དྲག་ཏུ་སྦྱང༌། །སྤྱོ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཟླ་བ་རི་པ་གྲགས་པ་བཟང་པོ་ལ་ཉེ་བར་གདམས་པ།
      ན་མོ་གུ་ར་ཝེ། བདག་འཆོལ་བའི་རྣལ་འབྱོར་རྒྱལ་ཁམས་པས། །ཉམས་མྱོང་ཀུན་སྨྲ་རུ་ཅུང་མ་བཏུབ། །ཚིག་ཅུང་ཟད་བརྗོད་ན་ཇི་ཙུག་འོང༌། །ཐུགས་ལ་མི་འཕྲོད་ན་ཞོག་ལ་ཐོང༌། །བླ་མཆོད་དུ་མིང་བཏགས་ཀྱི་ལྟོ་ཟན་འདི། །རང་ཚུགས་འཇིག་པའི་རྒྱུ་གཅིག་གདའ། །དབེན་པར་བསྡད་ན་མི་ལེགས་སམ། །མཐའ་རྒྱ་མ་ཆོད་པའི་དགེ་སྦྱོར་འདི། །ཟོམ་ཟོམ་གྱི་བཟང་རྫུ་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཟླ་བ་རི་པ་གྲགས་པ་བཟང་པོ་ལ་ཉེ་བར་གདམས་པ།
      མཐའ་ལ་ཐུག་དུས་མེད། །སེམས་ལས་ཆེ་བ་ཁོ་ནར་ཟད། །མ་བརྟགས་བར་ཀློད་ན་མི་ལེགས་སམ། །བསྐྱེད་རིམ་མི་གསལ་བའི་མོག་མོག་འདི། །བོགས་སུ་མི་ཐོན་ཞེ་རེ་སུན། །ཅི་གསལ་བྱས་ན་མི་ལེགས་སམ། །ཉལ་བར་འདོད་དང་འཕྲེད་སྙེས་འདོད། །ཉི་མ་ལ་སྡོད་འདོད་ཀྱི་ངན་ལང་འདི། །ཉམས་ལེན་བྱེད་སྐད་བྱས་ཀྱང་བྱེད་དུས་མེད། །སྡུག་སྲན་སྐྱེད་ན་མི་ལེགས་སམ། །བ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཟླ་བ་རི་པ་གྲགས་པ་བཟང་པོ་ལ་ཉེ་བར་གདམས་པ།
      མེད། །མ་ཉན་ཀྱང་ང་ལ་ཞེ་སྡང་མེད།། །།ཅེས་པའང་ཟླ་བ་རི་པ་གྲགས་པ་བཟང་པོ་ལ་ཉེ་བར་གདམས་པ་ཏཱ་ར་ནཱ་ཐས་སོ། །དགེའོ། མངྒལཾ། །
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཆ་བཀའ་བཅུ་པ་ལའོ། །
      ན་མོ་གུ་ར་ཝེ། །བུ་དད་ལྡན་ཉི་མ་རྣམ་རྒྱལ་བ། ཁྱེད་ན་ཚོད་བག་གཅིག་སྨིན་པ་ལ། །ཟབ་དོན་དང་མཇལ་བ་ཉམས་རེ་དགའ། ཁོང་མཁྱེན་རྒྱ་ཅན་དགེ་བཤེས་སུ་མིང་བཏགས་པའང༌། །རྒ་ཤི་སོ་ཐུག་ཐུག་སྤྲོས་པ་ལ་འདས། །འཆི་ཁར་མཚམས་སྦྱོར་འདྲ་བཟང་ཙམ་དང༌། །འཕྲལ་ལམ་ཁྱེར་བཟང་ཙམ་ཞིག་ལ་རེ། །རང་གྲོལ་གཅིག་ཉམས་སུ་མ་ལོངས་ན། །རང་དབང་འདུས་པ་ཞིག་མི་འོང་…