Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 182 of 500
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་ཀྱི་གསོལ་འདེབས།
      གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གར་གྱི་དབང་ཕྱུག་ཧེ་རུ་ཀ་སྐུ་མདོག །ཐུན་མཚམས་མདོག་མཚུངས་བདུད་བཞིའི་དཔུང་རྣམས་འདུལ། །རྔམ་བརྗིད་ཡོན་ཏན་མ་ལུས་རབ་རྫོགས་པ། །རྟ་མགྲིན་དབང་གི་རྒྱལ་པོར་གསོལ་བ་འདེབས། །ཆོས་ཀུན་ཡུམ་མཆོག་རཱ་གའི་མདངས་འཕྲོ་ཞིང་། ཁམས་གསུམ་ཆོས་དབྱིངས་ཀུན་ཏུ་རྒྱས་གདབ་མ། །སྣང་སྟོང་དབྱེ་བ་མེད་…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་ཀྱི་གསོལ་འདེབས།
      བརྗོད་དུ་མེད། །རིག་སྟོང་གཞི་མེད་རྩ་བྲལ་དོན་རྟོགས་ཤིང་། །གང་ལའང་འཆིང་མེད་ཅིར་སྣང་ཆོས་སྐུར་འཆར། །གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་ཟིན། །བདེ་སྟོང་དབྱེར་མེད་ཚེ་གཅིག་འཇའ་ལུས་འགྲུབ། །འབྲེལ་ཚད་འགྲོ་བ་རྫོགས་སངས་རྒྱས་ཐོབ་ཤོག །ཅེས་སོ། །དེ་ཡང་འདིའི་ཟབ་ཆོས་སྙིང་པོ་ནི ། རིག་འཛིན་ཆེན་པོ་ནུས་ལྡན་མི་འགྱུར་རྡོ་རྗེ་དེ…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་ཀྱི་གསོལ་འདེབས།
      འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་བཞུགས་པས་དབུ་ལགས་སོ༔
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      གུ་རུ་བུདྡྷ་དྷརྨ་ཀཱ་ཡ་ན་མོ། བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡང་ཉམས་ལེན་བླ་མ་སྒྲུབ་པའི་ཚུལ ༔ རིག་འཛིན་མི་འགྱུར་རྡོ་རྗེའི་མིང་ཅན་དེས༔ རང་ལོ་ཉེར་ལྔ་ལོན་པའི་སྦྲུལ་ལོ་ལ༔ མགོན་པོ་རྡོ་རྗེ་བེར་ཅན་སྒྲུབ་པའི་ཚེ༔ ཐོ་རང་རྣལ་ལམ་མ་ཡིན་དངོས་ཉམས་སུ༔ མིག་ལམ་འོད་དམར་ཁྱུག་ཁྱུག་ཁྱིམ་ཀུན་ཁེངས༔ གཟའ་ནད་ནའམ་ཆོ་འཕྲུལ་ཡིན་ནམ…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      ཀྱཻ་ཧོཿ རང་རིག་ཡེ་ཤེས་བརྗོད་མེད་ནི༔ ཞེན་པའི་ཡུལ་ལྗོངས་སྣང་བའི་རང་མདངས་ལས༔ འཁྲུལ་པའི་གཞི་འབྱུང་རིག་རྩལ་དེ་རྗེས་འབྲང་༔ ཨ་འཐས་བདེན་འཛིན་བག་ཆགས་ལུ་གུ་རྒྱུད༔ སྣ་ཚོགས་སྣང་བའི་ཆོ་འཕྲུལ་ཅི་ཡང་འཆར༔ གང་ཤར་བདེ་སྡུག་བདེན་མེད་སྣང་བའི་ཡུལ༔ དེ་ལ་གཅེར་ལྟོས་རང་རིག་གཅེར་བུར་ཞོག༔ སྣང་བ་བརྡ་ཡི་བླ་མ་སྣང་བའི་ཡུལ༔ གང་ཤར་ཞ…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      སེམས་ཀྱི་གནས་ལུགས་སྒོམ་ཚུལ་ཡིན༔ དེ་ནས་ལམ་ཀྱི་སྤྱོད་ཡུལ་སྦྱོང་ཚུལ་ནི༔ ཀྱཻ་ཧོ༔ མ་འགགས་སྣ་ཚོགས་འཆར་བའི་ཚེ༔ འཁྲུལ་ལས་ཡིད་འཕྲེང་གཉིས་འཛིན་རེ་དོགས་ནི༔ གང་ཤར་དུག་ལྔའི་རང་ཞལ་འདི་ལྟར་ལྟོས༔ ཉོན་མོངས་རྒྱུ་ལས་བྱུང་བའི་འཁྲུལ་ཆ་འདི༔ དུག་གསུམ་འདོད་ཆགས་བདེ་བར་ཞེན་པའི་ཡིད༔ ཟས་ནོར་ལོངས་སྤྱོད་མངའ་ཐང་ཟླ་གྲོགས་ལ༔ ཨ་འཐས་…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      བཞུགས༔ དེ་ལ་དངོས་པོ་མ་མཆིས་སྣ་ཚོགས་འཕྲོ༔ འཕྲོ་འདུའི་བྱེད་ལས་རིག་རྩལ་རྒྱུ་ཡི་ལམ༔ བྱེད་ལས་གང་ཤར་བདེན་མེད་ཤར་གྲོལ་ལམ༔ འདི་དོན་རྟོགས་ན་ཚེ་གཅིག་སངས་རྒྱས་འགྱུར༔ ས་མ་ཡ༔ ཅེས་གསུངས༔ དེ་ནི་ཞལ་གདམས་སླད་མེད་པའོ༔ ས་མ་ཡ༔ དེ་ལ་རྟེན་ནས་རང་འདོད་དུ་བརྩམས་པ༔ དེ་ཡི་ལས་བྱང་བསྟན་པ་ནི༔ དཀྱིལ་འཁོར་པདྨ་འདབ་བརྒྱད་སྟེང་དུ་བླ་…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      མཆི༔ མ་གྱུར་འགྲོ་དྲུག་སེམས་ཅན་རྣམས༔ ངན་སོང་སྡུག་བསྔལ་ཞི་གྱུར་ཅིག༔ བདེ་ལྡན་སངས་རྒྱས་ཐོབ་པར་ཤོག༔ རྟོག་ཚོགས་གཉིས་འཛིན་རང་སར་ཞི༔ རང་གསལ་གཅེར་མཐོང་འགྲུབ་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ནམ་འཁའ་ཡངས་པའི་དཀྱིལ་འཁོར་དུ༔ ཆོས་འབྱུང་དམར་པོ་བསྣོས་བའི་དབུས༔ པདྨ་འདབ་བརྒྱད་ཁ་བྱེའི་སྟེང་༔ ཆོས་སྐུའི་རང་སྒྲ་ཧཱུྃ་ཡིག་ལས༔ གྲུབ…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      བཞུགས༔ གཡས་སུ་ཧ་ཡ་གྲཱི་ཝ་དམར༔ ཞལ་མདོངས་མཆེ་གཙིག་སྤྱན་གསུམ་དམར༔ སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར༔ གཏུམ་རྔམ་ཁྲོ་བོའི་དབང་རྟགས་རྫོགས༔ ཐོད་དབྱུག་མེ་ཞགས་ཕྱག་ན་བསྣམས༔ ཞབས་གཉིས་འདོར་སྟབས་རུ་ཏྲ་བརྫིས༔ གཡོན་དུ་རྡོ་རྗེ་ཕག་མོ་དམར༔ དྲག་གཏུམ་ཁྲོས་རྔམ་ཁྲོ་ཆས་རྫོགས༔ སྤྱི་བོར་ཕག་ཞལ་ངུར་སྒྲ་ལྡིར༔ གྲི་གུག་ཐོད་ཁྲག་ཕྱག་ན་བ…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      ཁྲོད་ཆས་བརྒྱད་ཁྲོ་ཆས་རྫོགས༔ དར་ནག་འཇོལ་བེར་སྐུ་ལ་གསོལ༔ ཟངས་གྲི་ཐོད་ཁྲག་ཕྱག་ན་བསྣམས༔ ཞབས་གཉིས་འདོར་སྟབས་ལོག་འདྲེན་མནན༔ རང་བྱུང་རྒྱལ་མོ་དྲེའུ་ཞོན༔ མཐིང་ནག་ཁྲོ་གཏུམ་འོད་དུ་འབར༔ ཁ་ཊྭཱཾ་ཕུར་བུ་མེ་ལོང་སྦྲུལ༔ ཕྱག་བཞིར་བསྣམས་ཤིང་ཞབས་བཙན་སྐྱིལ༔ རྡོ་རྗེ་ལེགས་པ་ར་སྐྱེས་ཆིབས༔ དམར་ནག་ཐོ་བ་སྦུད་པ་འཛིན༔ དྲག་གཏུམ་ས…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      དབྱིངས་དཀྱིལ་འཁོར་ནས ༔ གྲུབ་ཆེན་ཀརྨ་པཀྴི་རྗེ༔ བཀའ་བརྒྱུད་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེས་སུ་གསོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ རས་ཆུང་རྡོ་རྗེ་གྲགས་པ་ནི༔ གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཟླ་གམ་དབང་དྲག་གཞལ་ཡས་ནས༔ ཧ་ཡ གྲཱི་ཝ་རྟ་མཆོག་དཔལ༔ དཔའ་བོ་རྒྱ་མཚོའི་…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      ལྷ་མོ་རང་བྱུང་རྒྱལ་མོ་ནི༔ མ་མོ་བྱེ་བའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འཛམ་གླིང་དག་པའི་ཡུལ་ལྗོངས་ནས༔ དམ་ཅན་རྡོ་རྗེ་ལེགས་པ་ཆེ༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣང་སྲིད་ཟིལ་གནོན་ལྷ་ཚོགས་རྣམས༔ ད་ལྟ་སྙིགས་དུས་བསྐལ་པ་ལ༔ རྣལ་འབྱོར་བདག་ལ་སྲུང་བའི་ཕྱིར༔ མ་ཐོ…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      བསྣོལ་མ་འདིར༔ ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས༔ པདྨ་ཉི་ཟླ་འབར་བའི་གདན༔ ཐབས་ཤེས་དབྱེར་མེད་ལྷུན་གྱིས་གྲུབ༔ འོད་འབར་བརྗིད་ལྡན་ལྷུན་ཆགས་པའི༔ གདན་མཆོག་འདི་རུ་བཞུགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དབང་སྒྱུར་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་ཚལ་ལོ༔ དགྱེས་རྗས་མཆོད་པ་འབུལ་བ་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ བདུག་…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      པར་རོལ༔ རི་རབ་ཙམ་གྱི་གཏོར་ཆེན་ལ༔ དཀར་ཐིག་དམར་རྒྱན་བརྒྱན་པ་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ སྣང་སྲིད་ཟིལ་གནོན་ལྷ་ཚོགས་རྣམས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ རྩ་བ་ཡན་ལག་དམ་ཚིག་དང༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཉམས་གྱུར་ཐམས་ཅད་མཐོལ་ལོ་བཤགས༔ བྱང་དག་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གན…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      དབང་ཆེན་རྟ་མགྲིན་སྐུ་ལ་བསྟོད༔ རྡོ་རྗེ་ཕག་མོས་དུས་མཚན་བཏུལ༔ གཏི་མུག་རྣམ་དག་ཕག་ཞལ་ནག༔ རྣམ་དག་རྩད་གཅོད་གྲི་ཐོད་འཛིན༔ རྡོ་རྗེ་ཕག་མོའི་སྐུ་ལ་བསྟོད༔ མ་ཧཱ་ཀཱ་ལ་རྡོ་རྗེ་བེར༔ ཕྲག་དོག་རྣམ་དག་ཁྲོ་གཏུམ་རྔམས༔ དུག་ལྔ་རྩད་བཅོད་ཟངས་གྲི་འཛིན༔ ཀུན་རྟོག་ཀུན་འཇོམས་ཐོད་ཁྲག་རོལ༔ རྡོ་རྗེ་བེར་ཅན་སྐུ་ལ་བསྟོད༔ བསྟན་བསྲུང་ལྷ་…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      བསམ་ཕྲིན་ལས་མྱུར་འགྲུབ་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༀ་ཨཱཿཀརྨ་པཀྴི་ཧཱུྃ༔ ༀ་བཛྲ་པཱ་ཎི་ཧཱུྃ༔ ༀ་བཛྲ་ཀྲོ་ངྷ་ཧ་ཡ ་གྲཱི་ཝ་ཧཱུྃ༔ ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ༔ ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛཿ ༀ་བཛྲ་སཱ་དྷུ་ས་མ་ཡ ་ཝ་ཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ ་སཱ་ངྷུ…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      མ་ལྷར་བསྐྱེད་པ༔ སྤྱན་འདྲེན་བྱིན་ཕབ་ལ༔ སློབ་མའི་མགོར་རྡོ་རྗེ་བཞག་ལ༔ ཏིཥྛ་བཛྲ༔ དེ་ནས་བུམ་པ་ཐོགས་ཏེ༔ ཧཱུྃ༔ སྣང་བ་སྣོད་ཀྱི་བུམ་པ་རུ༔ སྟོང་པ་བཅུད་ཀྱི་བདུད་རྩིས་བལྟམས༔ སྣང་སྟོང་བླ་མ་ཕྱག་རྒྱ་ཆེ༔ གསལ་སྟོང་སྐུ་ཡི་དབང་ཐོབ་ཤོག༔ སྔགས་བྱང་མཐར༔ ཀཱ་ཡ ་ཨ་བྷི་ཥིཉྩ་ༀ ༔ དེ་ནས་ཧཱུྃ་དཀར་དམར་མཐིང་གསུམ་ཐོགས་ཏེ༔ ཧཱུྃ༔ གྲགས…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      རང་མདངས་གསལ༔ དགོས་འདོད་ཀུན་འབྱུང་འབྲས་བུ་སྨིན༔ ཡོན་ཏན་ཀུན་འབྱུང་ཕྱག་རྒྱ་ཆེ༔ བླ་མའི་ཡོན་ཏན་དབང་ཐོབ་ཤོག༔ སྔགས་བྱང་མཐར༔ རཏྣ་ཨ་བྷིི་ཥིཉྩ་བྷྲུཾ༔ དེ་ནས་རྒྱལ་མཚན་ཐོགས་ཏེ༔ ཧཱུྃ་ཀུན་ཁྱབ་ཡེ་ཤེས་རྒྱལ་མཚན་ལ༔ ཐབས་ཤེས་དབྱེར་མེད་ཉི་ཟླས་བརྒྱན༔ ལས་ཉོན་བདུད་བཞིའི་གཡུལ་ལས་རྒྱལ༔ འཇིགས་བྲལ་བླ་མ་ཕྱག་རྒྱ་ཆེ༔ བླ་མའི་འཕྲིན་…
      KMC008 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་།
      དམིགས་དར་དཔྱངས་ནི༔ བློ་བུར་ཡིད་བྱེད་རླུང་གིས་སྤྱོད༔ སྣ་ཚོགས་ཆོ་འཕྲུལ་རྒྱན་དུ་ཆེ༔ འགགས་མེད་ཤར་གྲོལ་ཕྱག་རྒྱ་ཆེ༔ གང་ཤར་ཤར་གྲོལ་དབང་ཐོབ་ཤོག༔ སྔགས་བྱང་སྔར་ལྟར༔ དེ་ནས་མེ་ཏོག་ཐོགས་ལ༔ ཧཱུྃ་སྣང་སྲིད་སྟོང་པའི་ཆོ་འཕྲུལ་ལས༔ རང་རིག་ཡེ་ཤེས་མེ་ཏོག་བཀྲ༔ ཉོན་མོངས་རྟོག་ཚོགས་གང་ཤར་རྣམས༔ བུང་བས་མེ་ཏོག་རྩི་ལེན་ལྟར༔ གང་ཤ…