Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 469 of 500
      KMC018 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      དཔེ་ཐོག་བྲོ་བརྡུང་གོ་སྐམ་གྱི་སྣང་ཚུལ་སོགས་གང་དྲན་ཡི་གེར་བཏབ་པ་དང་མཚངས་སྟོན་པའི་གླུ་ཆུང་ནམ་མཁའི་མེ་ཏོག་གཞོན་ནུའི་ལྡིང་ཁང་།
      རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།ས…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ཀཾ་ཚང་མན་ངག་གཅེས་བཏུས་ལས་ཞི་བྱེད་སྐོར་གྱི་གླེགས་བམ་ ཛ༽ པའི་དཀར་ཆག
      ཀཾ་ཚང་མན་ངག་གཅེས་བཏུས་ལས་ཞི་བྱེད་སྐོར་གྱི་གླེགས་བམ་ ཛ༽ པའི་བཞུགས་བྱང་ལ། ༡ 1 – 2 གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་། ༤༠ 3 – 81 མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ། ༤ 83 – 89 གཏོར་མའི་བསྲུང་འཁོར། ༣ 91 – 95 བཀའ་བརྒྱུད་ཚོགས་ལས་གནས་ཆོས་དབྱིངས་མ། ༣ 97 – 101 རིང་བརྒྱུད་གསོལ་འདེབས་སྤྱི་གཙུག་ཉི་ཟླ། ༣ 103 – …
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ཀཾ་ཚང་མན་ངག་གཅེས་བཏུས་ལས་ཞི་བྱེད་སྐོར་གྱི་གླེགས་བམ་ ཛ༽ པའི་དཀར་ཆག
      དམིགས་རིམ་ཟིན་བྲིས་ཤེལ་དཀར་མེ་ལོང་། ༤༧ 275 – 368 ལུས་སྦྱིན་རྒྱུན་ཁྱེར་རྨི་ལམ་ལུང་བསྟན། ༥ 369 – 377 དམ་ཆོས་བདུད་ཀྱི་གཅོད་ཡུལ་ལས་ཡེ་ཤེས་མཁའ་འགྲོའི་ཞལ་ལུང་གསང་བ་མངོན་དུ་ཕྱུང་བ་སྤྲོས་པ་ཉེར་ཞི་བརྟུལ་ཞུགས་ལམ་ལོངས་དང་བཅས་པ། ༢༢༦ 379 – 453 གཅོད་ཀྱི་ཉམས་ཁྲིད་ཞག་བདུན་མ། ༢༢༦ 355 – 488 བཅས་བཞུགས་སོ། །
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་གསུང་རྒྱུན་འཁྲུལ་མེད་ལྟར་བཀོད་པ་བཞུགས་པའི་དབུ་ཕྱོགས་ལགས་སོ།། །།
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      བླ་མ་དང་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གཅོད་ཀྱི་ཚོགས་ལས་བྱེད་པར་འདོད་པས། གཏོར་མ་མཆོད་པ་ཚོགས་རྫས་གཞུང་བཞིན་བཤམས་ལ། ཐོག་མར་གཞི་བདག་ལ་དཀར་གཏོར་བསྔོ་བ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་སོགས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བྱིན་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཪྵ་ཡ་ཛ་ཛཿ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་པདྨ་ཀ་མ་ལཱ་ཡ་སྟྭཾ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿ སརྦ་ཏ་ཐཱ་ག་ཏོ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲི་ཧཎྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། བྷཱུ་…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཨོཾ་ཨཱཿཧཱུྃ། གསུམ། སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་བརྒྱད་ལ་གནས་པའི་གཞི་བདག །ཛམྦུ་གླིང་གི་བསོ་དོར། རྒྱལ་པོ་ཆེན་པོ…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      ལོ་རྒན་དྲུག་ཅུ། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ། ད་ལོའི་ལོ། དེ་རིང་གི་ཉི་མ། གཟའ་རྒྱུ་སྐར། དུས་ཚོད་ཚེས་གྲངས་ལ་དབང་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་ཕྱིན་ཆད་གང་དུ་འགྲོ་བ་ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕ་རི་གཡས། ཚུ་རི་གཡོན། འགྲོ་བ་ལམ། སྐྱེ་བ…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      ཆད་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག །ཨོཾ་ཨཱཿཧཱུྃ། སྟོང་གསུམ་གཞི་བདག་རྣམས་ལ་འདོད་ཡོན་ཚོགས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པ་འབྱུང་བར་ཤོག །ཅེས་བརྗོད་གཏོར་མ་གཙང་སར་འབུལ། ༈ ནང་མཆོད་བྱིན་རླབས་ནི་ཆུ་གཙང་གིས་བྲན་ལ། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། སླར་གོང་གཏོར་ཆང་རྒོད་ཆུ་དང་བདུད་རྩིས་བྲན་ལ་གཏོར་མ་ལ་དམིགས་པའི་ལན་གཅིག་བྱའོ། ༈ །མཆོད་པ་བྱིན་རླབས་ནི་ཆུ་དང་བདུད་རྩིས་བྲན་ལ། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་ས…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      པར་བྱེད་པ་དུས་འཁོར་བ་ཇི་སྲིད་མ་སྟོང་གྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པ་དྱཱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤབྟ་ཨཱཿཧཱུྃ་སྭཱ་ཧཱ། ༈ སེམས་བསྐྱེད་ཅིང་མགྲོན་བསྡུ་བ་ནི། བདག་གཞན་སེམས་ཅན་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      པའི་བགེགས། བར་དུ་གཅོད་པའི་རྐྱེན། ན་མོ་གནས་ཀྱི་གདོན་དང་ལུས་ཀྱི་གདོན། གནས་གདོན་ལུས་གདོན་གཉིས་ཀྱི་གཙོར་བྱས་པའི་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་མ་ཐོབ་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དྲིན་ཅན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བསྐྱབ་ཏུ་གསོལ། སྐྱབས་འོག་དམ་པ་ན་ཆུད་པར་མཛད་དུ་གསོལ། བདག་ཅག་རྣམས་སངས་རྒྱས་ལ་བསྟེན་ནོ། ཆོས་ལ་བསྟེན་ནོ། །དགེ་འ…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་ག…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      པཾ་པདྨ་མཎྜལ། མ་སཱུརྱ་མཎྜལ། ཨ་ཙཎྜ་མཎྜལ། ཧཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་མདུན་གྱི་ནམ་མཁའི་གནས་སུ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་སྐུ་སྐེད་ལ་བརྟེན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། དབུ་…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      མ་སྐུ་མདོག་དམར་མོ་མཚལ་ལི་ཁྲིའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའོ། །དེའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དཀར་མོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། ནུབ་ཏུ་ནི་ལས་པདྨ་…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། དེ་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུ་ཐོག་ཏུ་ཉི་ཟླ་པདྨའི་གདན་ལ་ཆོས་སྐུ་ཡུམ་ཆེན་མོ་སྐུ་མདོག་…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      སྒྲོལ་མ། རྒྱབ་ཏུ་གངས་ཅན་མཚོ་རྒྱལ། དེ་རྒྱབ་ཏུ་དཔའ་བོ་དང་དཔའ་མོ། དེ་རྒྱབ་ཏུ་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བསྐོར་ནས་བཞུགས་པའི་མ་གཅིག་ལབ་ཀྱི་སྒྲོན་མའི་གདན་འོག་ཏུ་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་འདི་རྣམས་ཀྱིས་ལུས་གུས་པའི་སྒོ་ནས་ཕྱག་འཚལ། ངག་གུས་པ…
      KMC019 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་།
      ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། ཡུམ་ཆེན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཡུམ་ཆེན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །སེང་གེ་པད་ཟླའི་གདན་སྟེང་དུ། །ཅི་བདེ་བར་ནི་བཞུགས…