Author
About 40% of texts have an author recorded — this list will grow as more are attributed.
903 results
— page 27 of 46
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
དག ད་སྲཽ། སེལ་བྱེད་དག འདི་གཉིས་སྤུན་ཡིན་པས་མིང་སོ་སོ་ཡིན་ཡང་རེ་རེ་ལ་གཉིས་ཚིག་བྱིན་པས་གཅིག་ལྷག་ཅན་གྱི་བསྡུ་བར་གྱུར་པའི་ཕྱིར་སྤྱི་མིང་དུ་འགྱུར་རོ། །ཨ་ཤྭི་ནི་ཀུ་མཱ་རཽ། ཐ་སྐར་གཞོན་ནུ་དག །ཨཱ་ཤྭ་ནཽ། ཐ་སྐར་སྐྱེས་དག ཨ་ཤྭི་ནེ་ཡོ། རྟ་ལྡན་མའི་བུ་དག་ཅེས་སོ། །དེ་བཱི། སུ་ར་བ་དྷུ། དང་། ཨམྶཱ་རཱ། དང་། དེ་བ་ཀནྱཱ། རྣམ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
བཻ་ཤྭཱ་ན་རཿ བི་ཤྭ་ན་རའི་བུ། ཞེས་མེ་ཡི་མིང་ངོ་། །དེའི་མིང་སྲེག་ཟ་རྙེད་ཟ་བྱིན་ཟ་སོགས་ཟེར། ལྷོར། ཡ་མཿ གཤིན་རྗེ། དེའི་མིང་མཐར་བྱེད་དང་ཉི་མའི་བུ་སོགས་ཟེར། ལྷོ་ནུབ་ཏུ། ནཻ་ར་རྀ་ཏཿ བདེན་བྲལ་ཏེ། དེའི་མིང་། རཀྵཿ སྲུང་བ་པ་སྟེ་སྲིན་པོ། དེའི་མིང་། ཀཽཎ་པཿ རོ་ཟན། ཀྲ་བྱཏ྄། ཤ་རྗེན་ཟ། ཀྲ་བྱཱ་དཿ ཤ་ཟ། ཨ་སྲ་བཿ ཁྲག་འཐུང་…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
དུ་བྱས་ནས། གོ་བགོས་ཏེ་ལྷ་མིན་གྱི་དམག་ཐམས་ཅད་ཕམ་པར་བྱས་པའི་ཚེ་ན། རྒྱལ་ཆེན་བཞིའི་ལྷའི་རིས་ཀྱི་ལུས་ཚད་སུམ་ཅུ་རྩ་གསུམ་པའི་ལུས་ཀྱི་ཕྱེད་ལས་མེད་ཀྱང་། དེས་ལྷ་མིན་བཏུལ་བ་ངོ་མཚར་ནས་ཉེ་དབང་སོ་གཉིས་ཀྱིས། ལུས་ངན་པོས་ནི་ལྷ་མིན་བྱེ་བ་བཏུལ། །ཞེས་སོགས་ཚིགས་བཅད་ཀྱིས་བསྟོད་པ་བཞིན། སུམ་ཅུ་རྩ་གསུམ་པ་ལ་ལྟོས་ནས་ལུས་ངན་པོ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
འཛིན་ནམ་དགེ་འབྱུང་། གཏེར་གྱི་བྱེ་བྲག་དགུ་སྟེ། པདྨ་དང་པདྨ་ཆེན་པོ་དུང་ཅན་ཆུ་སྲིན་ཅན། རུས་སྦལ་ཅན། རྔ་ཅན། དགའ་བ་ཅན་སྔོན་པོ་སྡེ་ཅན་ཞེས་སོ། །རྣམ་སྲས་ཀྱི་བུའི་མིང་། ན་བ་ཀཱུ་བ་རཿ དཔལ་མོས་འདོད་བྱེད་ཟེར། ན་ལ་ཀཱུ་བ་རཽཿ དཔལ་མོས་འདོད་བྱེད་དག་ཞེས་པའི་གཉིས་ཚིག་གིས་ནི། མ་ཎི་གྲཱི་བཿ ནོར་བུའི་མགྲིན་ཅན་ཉེ་ཚིག་གི་ལྷག་མ་ཅ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
ཞིང་སྐྱོང་། ཨཥྚ་ཀཱ། ཕ་མཚུན། ཌཱ་ཀཿ མཁའ་འགྲོ། ཞེས་པ་ལ་སོགས་པའོ། །སྔ་མའི་རྗེས་སུ་བརྒྱ་བྱིན་གྱི་སྲུང་མ་ལྔ་པ། རོལ་མཚོ་སོགས་ལ་གནས་པའི་ཀླུ་ནི། ཤཾ་ཁ་པཱ་ལོ་ནཱ་ག་རཱ་ཛཿ ཀླུའི་རྒྱལ་པོ་དུང་སྐྱོང་། དེ་བཞིན་ནཱ་ག་རཱ་ཛ། ཀླུའི་རྒྱལ་པོ་ཞེས་པ་མིང་ཀུན་ལ་ཞབས་སུ་སྦྱར་ཏེ། ཀརྐ་ཊ་ཀོཿ སྟོབས་ཀྱི་རྒྱུ། ཀུ་ལུ་ཀཿ རིགས་ལྡན། པདྨཿ པ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
སོགས་པ་དང་། ནམ་མཁའ་ལྡིང་གི་དབང་པོ། མ་ཧཱ་བེ་ག་ལབྡྷ་སྡྱ་མཱཿ ཤུགས་ཆེན་མཐུ་ཐོབ་ལ་སོགས་པ་དང་མིའམ་ཅིའི་དབང་པོ། དྲུ་མ་ཀིནྣ་རཱ་ཛཿ མིའམ་ཅིའི་རྒྱལ་པོ་ལྗོན་པའམ་སྡོང་པོ་ལ་སོགས་པ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ། སུ་མ་ཏི་རེ་ཎུཿ བློ་གྲོས་ཞིབ་མཆོག་ལ་སོགས་པ་དང་། གྲུལ་བུམ་གྱི་དབང་པོའི་མིང་། འཕགས་སྐྱེས་པོ་དང་། ནཱ་གཱ་དྷི…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
ས་ཏའི་ཞལ་ནས། ས་ར་སྭ་ཏཱི་ཞེས་པ་སྒྲ་འགྱུར་དུ་བྱས་ན་མཚོ་ལས་བྱུང་བའི་མཚོ་བྱུང་ཡིན་ཡང་། བོད་ཀྱི་གོ་བདེ་ཕྱིར་དོན་འགྱུར་དུ་དབྱངས་ཅན་མར་བསྒྱུར། སྭ་ཏཱི་ས་ར་ཞེས་སྒྲ་བཟློག་ན་དབྱངས་ཅན་མ་ཡིན་མོད། ལ་ལས་གཏམ་རྒྱུད་མ་གཟིགས་པར་དེ་ལྟར་བསྒྱུར། བྷ་གི་ར་ཐ་ཞེས་པ་དུག་ཅན་པའི་བུ་མོ་དག་གིས་བྷ་ག་བསྲུབ་པ་ལས་སྐྱེས་པས་བྷ་ག་བསྲུབ་…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
ཏོག་ཟ་བ་སོགས་ཀྱང་དེ་བཞིན་ནོ། །གསུངས་པ་དེ་ལྟར་ངེས་ཏེ། ས་ར་སྭ་ཏཱི། དབྱངས་ཅན་མར་བསྒྱུར་བ་སོགས་ནི། སྭ་ར་སྭ་ཏཱི། སྟེ་དབྱངས་ཅན་མའི་མཚན་གྱི་རྣམ་གྲངས་ཡིན་པས་སྒྲ་ཐད་སོར་བསྒྱུར་བ་ལས་དོན་འགྱུར་བཟང་སྟེ། ཨཱ་ཀཱ་ཤ་གརྦྷ། ནམ་མཁའི་སྙིང་པོ་མཚན་ཡིན་པས་དེ་ལྟར་བསྒྱུར་བ་དོན་གོ་བདེ་ཞིང་ནོར་སོ་མེད་མོད། སྒྲ་འགྱུར་ལྟར་ན་ཀུན་ག…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
དེའི་བུ་དི་ལི་པ། དེའི་བུ་བྷ་གི་ར་ཐ་སྟེ་དེས་དཀའ་ཐུབ་ཆེན་པོས་ཚངས་པ་མཉེས་པར་བྱས་ནས་ཆུ་བོ་གང་གཱ་དབབ་པ་སོགས་ཀྱི་ལོ་རྒྱུས་ཡོངས་གྲགས་ལ་དེ་དུག་ཅན་པའི་བུ་མོ་རྣམས་ཀྱི་བྷ་ག་བསྲུབ་པ་ལས་སྐྱེས་པའི་གཏམ་རྒྱུད་ཞིག་གསན་ཚོད་ཀྱང་ཡོངས་གྲགས་སྐལ་ལྡན་ཤིང་རྟར་བསྒྱུར་བ་ལེགས་ཏེ། བྷ་ག་ཝཱན་བཅོམ་ལྡན་གྱི་སྒྲ་དང་རུ་དྲ་དྲག་པོར་བསྒྱ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
དང་བཅས་པ་ནོར་འཁྲུལ་ཅུང་ཟད་མེད་པར་འགྱུར་མཛད་པ་ཤས་ཆེ་ལ། དོན་འགྱུར་ཞེས་པ་ཅི་ཞེ་ན། ཚིག་ལ་ལྟོས་མེད་དུ་བསྒྱུར་བའི་དོན་མ་ཡིན་ཏེ། ཚིག་དེའི་བརྗོད་བྱའི་དོན་གང་ཡིན་པ་རྗེན་ཅེར་དུ་ངོས་ཟིན་ནས་བསྒྱུར་བ་ལ་དོན་འགྱུར་ཞེས་ཟེར་ཏེ་སྒྲ་གཅིག་ལའང་དོན་མང་པོ་ཡོད་པ་ལས་སྐབས་ཀྱི་དོན་འདི་ནི་འདི་ལྟར་ཡིན་ནོ་ཞེས་མ་ནོར་བར་བསྒྱུར་བ་ན…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
བཞིན་དུ་མཁྱེན་ནས་མདོ་རྒྱུད་བསྟན་བཅོས་དང་བཅས་པ་ནོར་འཁྲུལ་ཕྲ་མོ་ཡང་མེད་པར་གཏན་ལ་ཕབ་པས་དོན་གྱི་དབྱིངས་འཇལ་བ་ལ་རླབས་ཆེ་ཞིང་། ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་འགྲེལ་དང་མི་མཐུན་པ་སྣ་གཅིག་མེད་པར་མདོ་རྒྱུད་བསྟན་བཅོས་རྒྱ་ཆེན་པོ་འདི་སྙེད་ཅིག་བསྒྱུར་ཏེ་དོན་མ་རྟོགས་པར་འཕྱང་མོ་ཉུག་ཏུ་བཞག་ནས་སླར་ལ་ལས་ཅི་ཟེར་ལ་ལས་ཅི་ཟ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
བའི་ཆོས་ལ་ཆོས་རྣམ་དག་ཡིན་མིན་ཐེ་ཚོམ་སྐྱེ་བའི་གནས་མེད་ལ། སྒྲ་དོན་ནོར་བར་དོགས་པ་ཡང་ག་ལ་ཡོད། ཕྱིས་སུ་ལོ་ཙཱ་ཆེར་མི་མཁས་པ་དག་གིས་རྒྱ་དཔེ་ལ་བལྟས་ནས་བསྒྱུར་བ་སོགས་ལ་དེ་ལྟར་མ་ངེས་ཏེ། ས་པཎ་གྱིས། ལ་ལས་མི་ཤེས་པས་མུན་སྤྲུལ་དུ་བསྒྱུར་བ། སྙིང་པོ་ལ་མདའ་དང་། ལྗང་གུ་ལ་འཕྲོག་པ་འབྱུང་པོའི་དབང་པོ་ལ་བརྒྱ་བྱིན་བྱང་ཆུབ་ཏུ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
དང་ལྡན་པ་གཉིས་ཀར་འཇུག་པས་དོན་གྱི་དབང་དུ་འགལ་བ་མེད་ལ་དེའི་ཕྱིར་འཇིག་རྟེན་པའི་ལྷ་ལས་འཕགས་ཤིང་སྲིད་ཞིའི་མཐའ་ཡས་འདས་པའང་དོན་གྱིས་ཐོབ་བོ། །རི་བོ་ཏ་ལ་སོགས་བོད་སྐད་དུ་རི་པོ་ཊ་ལ་ཟུར་ཆག་པ་དང་། བི་མ་མུ་དྲ་ཕྱག་རྒྱ་རྒྱ་ཆེན་ཞེས་པ་འཆད་འགྱུར་ལྟར་སྒྲའི་འགྱུར་ཚུལ་ཞིག་ཡིན་འདྲ་བ་དང་། གདོད་མའི་ཤེས་པ་དང་། སེམས་རྣལ་མར་རི…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
མེ་ལོང་ཡེ་ཤེས་ལྟ་བུ་ལ་མེ་དང་ལོང་སོགས་འབྲུ་གཤག་གི་བཤད་པ་དུ་མ་མཛད་པ་འདི་དེ་དག་གི་སྐད་དོད་ལ་མི་འགྲིགས་པས་བོད་ཀྱི་རྟོག་བཟོ་འབའ་ཞིག་ཏུ་ངེས་པ་འདྲ་ཡང་། ལེགས་པར་བརྟགས་ན་སྔགས་ཀྱི་སྐབས་སུ་དུས་འཁོར་ལས། ཀཱ་ཡིག་གིས་ནི་རྒྱུ་ཞིག །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིང་ལས་སོ། །ཞེས་གསུ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
ཤེས་ལ། །བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །ཞེས་སོགས་གསུངས་པ་བཞིན་ནོ། །གཞན་ཡང་མཁས་པའི་དབང་ཕྱུག་ས་ཏའི་ཞལ་ནས། སྒྲ་བསྒྱུར་ཏེ་བཤད་པ་ལ་རྣམ་གྲངས་བསྒྱུར་བ་དང་ཡི་གེ་བསྒྱུར་བ་གཉིས། དང་པོ་སུ་ག་ཏའི་སྒྲ། སུ་ལེགས་པའམ་བཟང་པོ་བདེ་བ་ཤིན་ཏུ་སོགས་ལ་འཇུག །ག་ཏའི་སྒྲ་གཤེགས་པའམ་རྟོགས་པ་ལ་འཇུག་པ་ལྟ་བུའི་སྒྲ་གང་ལ་འཇུག་པའི་…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
དེ་ཧ་ཟེར་བ་ལ། ཧའི་གནས་སུ་བ་བཞག་ནས་ལྷར་བཤད་དེ་ལུས་ལྷར་བསྒྲུབ་པའོ། །དེ་འདྲ་དཔག་མེད་ཡོད་ཀྱང་མཁས་པར་འཐད། བླུན་པོས་གོ་དཀའ་ཕྱིར་མ་བྲིས་སོ་ཞེས་གསུངས་པ་ལྟར་ཡི་གེ་དབྱི་བསྣན་བསྒྱུར་བའི་བྱེ་བྲག་དང་བྱིངས་དང་རྐྱེན་གྱི་ཁམས་ལས་མིང་གཅིག་ཀྱང་དོན་དུ་མར་བཤད་དུ་ཡོད་པ་དང་། ཡི་གེ་བརྗེ་བསྒྱུར་གྱི་བྱེ་བྲག་ལས་གསང་སྔགས་ཀྱི་ས…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
དརྴ་ནཿ ལེགས་མཐོང་ཆེན་པོ་སོགས་བྱེ་བྲག་རྟོགས་བྱེད་ལས་གསལ། དེ་ལས་མཐར། ཨི་ཀྵོ་ཀུ་ནཱ་མ་རཱ་ཛཱ། རྒྱལ་པོ་བུ་རམ་ཤིང་སྐྱེས། བི་རཱུ་ཌྷ་ཀཿ འཕགས་སྐྱེས་པོ། སིཾ་ཧ་ཧ་ནུཿ སེང་གེ་འགྲམ། ཤུདྡྷོ་ད་ནཿ ཟས་གཙང་མ། ཤུཀློ་ད་ནཿ ཟས་དཀར། དྲོ་ཎོ་ད་ནཿ བྲེ་བོ་ཟས། ཨ་མྲྀ་ཏོ་ད་ནཿ བདུད་རྩི་ཟས། རྒྱལ་བུ་སིདྡྷཱརྠཿ དོན་གྲུབ། གཅུང་ནནྡཿ དགའ་བ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
བ་མེད་པ། དྷརྨི་ཎ་ས་མེ་ནཱ་བྷི་ནི་རྫཏྱཱདྟྱ་བ་ས་ཏི། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པའོ། །ཞེས་སོ། །རྒྱལ་པོ་ཕལ་པའི་མིང་ལ། རཱ་ཛཱ་ས་ཧ་སྲཱ་ནཱི་ཀཿ རྒྱལ་པོ་དམག་སྟོང་པ། ཤ་ཏཱ་ནཱི་ཀཿ དམག་བརྒྱ་པ། བྲཧྨ་དཏྟཿ ཚངས་པས་བྱིན། ཨ་ནནྟ་ནེ་མིཿ མུ་ཁྱུད་མཐའ་ཡས། བིམྦ་སཱ་རཿ གཟུགས་ཅན་སྙིང་པོ། པྲ་དྷོ་ཏཿ རབ་སྣང་། པྲ་སེ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
སུའང་སྟོབས་ཀྱི་སྒོ་ནས་ས་ཐམས་ཅད་དུ་རྒྱལ་བ་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཟེར། དཀྱིལ་འཁོར་བཅུ་གཉིས་ཀྱིས་རེ་རེ་ལ་དབང་བ་ལ། མཎྚ་ལེ་ཤྭ་རཿ དཀྱིལ་འཁོར་དབང་ཕྱུག་ཟེར། རཱ་ཛ་སཱུ་ཡའི་མཆོད་སྦྱིན་གྱིས་ཐོབ་པའི་འཁོར་ལོས་སྒྱུར་རྒྱལ་གྱི་མིང་། སཾ་མྲཱ་ཛ྄། དང་། སམྲཱ་ཊ྄། ཡང་དག་རྒྱལ་པོ་ཟེར། མཆོད་སྦྱིན་གྱིས་ཐོབ་པ་མིན་ཡང་རྒྱ་མ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང། > ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
རིག་བྱེད་ལ་མཁས་པ་རིག་བྱེད་འདོན་པའི་མིང་སྟེ་ནང་བློན་ནོ། །སེ་ནཱ་པ་ཏིཿ སྡེའམ་དཔུང་གི་བདག་པོ་ཞེས་པ་དང་། བིཀྵེ་པཱ་དྷི་པ་ཏིཿ འདི་གཉིས་དམག་དཔོན་གྱི་མིང་། ཨ་དྷྱཀྵཿ སྤྱན་པ་ཞེས་ལས་སྣེ་བའི་མིང་སྟེ་སྤྱན་བྱེད་པ་ཞེས་ལྟ་རྟོག་གི་གཉེར་ཀ་བྱེད་པའོ། །དེ་ལ། ཨ་དྷི་ཀྲྀ་ཏཿ དབང་བྱེད་ཀྱང་ཟེར། ཨཱ་ཊ་བི་ཀཿ ནགས་ཁྲོད་པ་དང་། པྲ་དྷ…