Author
About 40% of texts have an author recorded — this list will grow as more are attributed.
8646 results
— page 159 of 433
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
ལྡོག་པའི་སྒོ་ནས་བཟོད་པ་བརྒྱད་དུ་འཇོག །དེའི་རྗེས་སུ་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་ཤེས་པ་བརྒྱད་དུ་འཇོག་པའི་ཕྱིར། གསུམ་པ་ནི། བྱང་སེམས་དབང་འབྲིང་གི་རྒྱུད་ལ་མཐོང་ལམ་རྫས་ཀྱི་སྒོ་ནས་སྐད་ཅིག་མ་བཞིར་སྐྱེ་སྟེ། དང་པོར་འདོད་པའི་སས་བསྡུས་ཀྱི་མཐོང་སྤང་མཐའ་དག་དངོས་སུ་སྤོང་བའི་བར་ཆད་མེད…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
དཔེས་མཚོན་ཏེ་མཐོང་ལམ་སྐྱེ་ཚུལ་སྐད་ཅིག་མ་བཅུ་དྲུག་ཏུ་མཐའ་གཅིག་ཏུ་ངེས་པར་ཁས་བླངས་ཀྱང་མི་འགལ་ལམ་སྙམ་མོ། །བཞི་པ་ལ། སྤང་བྱ་ལས་གྲོལ་བའི་ཡོན་ཏན་དང་། ཐོབ་བྱ་ཐོབ་པའི་ཡོན་ཏན་གཉིས། དང་པོ་ནི། ཇི་སྐད་དུ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ། །ཞེས་སོ། །གཉིས་པ་ནི། མདོ་ལས། ཆོས་མཐོ…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
དབང་དུ་བྱས་ནས་བྱེད་པ་གསུམ་པ། ཕྱིའི་ཉེར་འཚེ་ཞི་བའི་དབང་དུ་བྱས་ནས་བཞི་པ། གཉིས་པའི་དབང་དུ་བྱས་ནས་ལྔ་པ། གསུམ་པའི་དབང་དུ་བྱས་ནས་དྲུག་པ་བཞག་པ་ཡིན་ནོ། །གཉིས་པ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས། དང་པོ་སྒོམ་ལམ་ལ་ལུས་རྟེན། བསམ་པའི་རྟེན། བརྟེན་པ་སྒོམ་ལམ་གྱི་རང་བཞིན་དང་གསུམ། དང་པོ་ནི། རང་རྒྱལ་ནི་འདོད་པའི་ར…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
གསུམ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་རྗེས་ལ་མངོན་རྟོགས། གཉིས་པ་ལ། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་སྒོམ་ལམ་དང་གསུམ། དང་པོའི་མཚན་ཉིད། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ཉན་ཐོས་ཀྱི་རྗེས་ལ་མངོན་རྟོགས། དབྱེ་ན། ཉན་ཐོས་ཀྱི་སྒོམ་ལམ་ཆུ…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
དག་གོ །ཟག་མེད་སྒོམ་ལམ་གྱི་མཚན་ཉིད། དོན་དམ་བདེན་པ་ཡུལ་གྱི་གཙོ་བོར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། མཚན་གཞི་ཐེག་ཆེན་གྱི་སྒོམ་ལམ་མཉམ་བཞག་མཐའ་དག་གོ །བཞི་པ་ནི། ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུར་གྲངས་ངེས་ཏེ། ཐེག་ཆེན་གྱི་སྒོམ་ལམ་དེ་ས་གཉིས་པ་ནས་བཅུ་པའི་བར་དུ་རྒྱུན་ཆགས་སུ་འབྱུང་བའི་ཕྱི…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
ཅར་དུ་ཡོད་པ་མི་འགལ་བའི་ཕྱིར། གསུམ་པ་ནི། དང་པོ་ས་གཉིས་པ་ནས་བདུན་པའི་བར་དུ་ཡོད་དེ། དེར་ཉོན་ཡིད་ཀྱི་བག་ལ་ཉལ་གནས་མ་གྱུར་པའི་སྟོབས་ཀྱིས་སྦྱོར་བས་རང་དོན་གཙོ་བོར་སྒྲུབ་པའི་རིགས་སུ་གནས་པའི་ཕྱིར། གཉིས་པ་ས་བརྒྱད་པ་དང་དགུ་པའི་གནས་སྐབས་ན་ཡོད་དེ། སྦྱོར་བས་རང་གཞན་གཉིས་ཀའི་དོན་འབད་མེད་དུ་སྒྲུབ་ནུས་ཤིང་། གདུལ་བྱ་གཞ…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
བ་སྒོམ་ལམ། དབེན་པའི་བསྔོ་བ་སྒོམ་ལམ། དགེ་ཚོགས་ཀྱི་རང་བཞིན་དྲན་པའི་བསྔོ་བ་སྒོམ་ལམ། ཐབས་ལ་མཁས་པའི་བསྔོ་བ་སྒོམ་ལམ། མཚན་མ་མེད་པའི་བསྔོ་བ་སྒོམ་ལམ། སངས་རྒྱས་ཀྱི་སྣང་བའི་བསྔོ་བ་སྒོམ་ལམ། ཁམས་གསུམ་པར་མ་གཏོགས་པའི་བསྔོ་བ་སྒོམ་ལམ། དཔེ་ཆུང་ངུས་མཚོན་པའི་བསྔོ་བ་སྒོམ་ལམ། འབྲིང་གིས་མཚོན་པའི་བསྔོ་བ་སྒོམ་ལམ། ཆེན་པོས་མཚ…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
ཞིང་རབ་ཞིང་ལ་ས་བོན་བཏབ་པ་ལྟར། །དགེ་འདུན་དཀོན་མཆོག་རིན་ཆེན་མཆོག་ཅེས་གསུངས། །ཞེས་དང་། རྗེས་དྲན་གྱི་མདོ་ལས་ཀྱང་། བསོད་ནམས་ཀྱི་དཔལ་གྱི་ཞིང་ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་སྦྱིན་པའི་གནས་སུ་གྱུར་པ་ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་དང་། བྱ་བའི་རྒྱུད་ལེགས་གྲུབ་ལས་ཀྱང་། ཞིང་གི་དམ་པ་ཡོན་ཏན་ཞིང་། །དག…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
ཞེས་སོ། །བཞི་པ་བསྔོ་ཚུལ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་བསོད་ནམས་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་དམིགས་སུ་མེད། ཐ་སྙད་ཀུན་རྫོབ་ཏུ་གང་གིས་བྱེད་པ་པོ་དང་། གང་ལ་བྱ་བའི་ཡུལ་དང་། ཇི་ལྟར་བྱས་པའི་དགེ་བ་ཐམས་ཅད་ཀྱང་རྨི་ལམ་ནམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་བསྔོ་སྟེ། ཡུམ་བར་མ་…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
ལྡན་དང་བཅས་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། གཉིས་པ་ལ། མ་དག་པ་དང་། དག་པ་སས་བསྡུས་པའི་རྗེས་སུ་ཡི་རང་སྒོམ་ལམ་གཉིས་སོ། །གསུམ་པ་ནི། མོས་བསྔོ་རྗེས་སུ་ཡི་རང་གསུམ་མི་འགལ་ཏེ། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ཐམས་ཅད་བསྔོ་བ་སྒོམ་ལམ་གྱི་ནང་དུ་འདུས་པའི་ཕྱིར་ཏེ། དེ་ཐམས་ཅད་བྱང་ཆུབ་དོན་གཉེར་གྱི་…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
པར་དག་པ་ཞེས་དང་། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ། ཞེས་པའི་དོན་གང་ལ་བྱེད་ཟེར་ན། རྣམ་གྲོལ་ལམ་རང་གི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ན་དེའི་ཡུལ་གཟུགས་སོགས་ཀྱང་རང་གི་ངོ་སྐལ་གྱི་དྲི་མ་རྣམ་པར་དག་པ་དང་། དེའི་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་རང་གི་ངོ་སྐལ་གྱི་དྲི་མ་རྣམ་པར་དག་པའོ། །གསུམ་པ་ནི། མདོ་ལས། …
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ།
གསུམ་པ་གཞི་ཤེས་མཚོན་བྱེད་ཀྱི་ཆོས་བཤད་པ་ལ། མདོ་ལས་བཤད་པའི་འབྲེལ་བཀོད་པ་དང་། དེ་རྒྱན་གྱིས་བཀྲལ་ཚུལ་གཉིས་ལས། དང་པོ་ནི། གོང་དུ་བཤད་མ་ཐག་པའི་རྣམ་དག་སྒོམ་ལམ་གྱི་མདོ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། ཡུམ་འདི་ནི་ཚུ་རོལ་གྱི་མཐའ་ལ་མ་ལགས། ཕ་རོལ་གྱི་མཐའ་ལ་གནས་པ་མ་ལགས་ཏེ། དེ་གཉིས་ཀའི་བར་ནའང་མི་གནས་སོ། །ཞེས་པས་ན…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ།
ནོ། །དེ་ནས་རབ་འབྱོར་གྱིས་གསོལ་བ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གཉིས་མ་ལགས་ཏེ། གཅིག་ཏུ་ཟད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་རང་བཞིན་མ་ཡིན་པའོ། །ཞེས་སོགས་ཀྱིས་ནི། ཆགས་པ་དེའི་གཉེན་པོ་བཤད་དོ། །གོང་དུ་རང་བཞིན་གྱི་ཤེར་ཕྱིན་ཟབ་པ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། ཡུམ་ནི་རྟོགས་པར་དཀའོ། །བཀའ་སྩལ་པ། དེ་ནི་ས…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ།
ལམ་ལ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱེད་མཁན་གྱི་ཆ་ནས་བསྟན་པ་ནི་ཁྱད་པར་ཡིན་ནོ། །དེ་ལྟར་ལེའུ་གསུམ་པ་རྫོགས་མཚམས་སུ། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། མི་ཐོབ་པར་བྱེད་པ་མ་ཡིན། ཞེས་སོགས་དང་། ཡུམ་འདི་ནི་འདོད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན། ཞེས་སོགས་དང་། ཡུམ་འདི་ནི་སངས་རྒ…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ།
གཞི་ཤེས་ངོས་བཟུང་བ་དང་། འཕྲོས་དོན་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ལ་དཔྱད་པ་གཉིས། དང་པོ་ལའང་གཉིས་ལས། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། འཁོར་འདས་བར་གསུམ་རང་བཞིན་གྱིས་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། གཉིས་པ་སྲིད་ཞི་ལ་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། བདག་མེད་མངོན་སུམ་དུ…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ།
དེ་ནི་མཚན་མར་དམིགས་སྒོ་ནས། ཞེས་པས། འབྲས་ཡུམ་ལ་ཉེ་རིང་གི་གཞི་ཤེས་གཉིས་ལས། དང་པོའི་མཚན་ཉིད། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པའི་བྱང་འཕགས་ཀྱི་མཁྱེན་པ། གཉིས་པའི་མཚན་ཉིད། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མི་མཁས་པའི་ཐེག་དམན་འཕགས་པའི་མཁྱེན་པའོ། །གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་པས། ཡུལ་ཅན་གཞི་ཤེས། སྤང་བྱ་མཚན་འཛིན…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ།
ཅན་ལ་རང་གི་ངང་གིས་བདེན་པར་འཛིན་པའི་བློ་ལྟ་བུ་ལྷན་སྐྱེས་དང་། ལུང་རིགས་ལྟར་སྣང་རྒྱུ་མཚན་དུ་བྱས་ནས་བརྟགས་ཤིང་དཔྱད་པའི་སྒོ་ནས་ཡུལ་ཡུལ་ཅན་ལ་བདེན་པར་འཛིན་གྱི་བློ་ལྟ་བུ་ཀུན་བཏགས་ཀྱི་ཆོས་ཀྱི་བདག་འཛིན་གཉིས། གཉིས་པ་ནི། ཡུལ་ཡུལ་ཅན་གྱི་ཆོས་རྣམས་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་ཤེས་སྒྲིབ་རྟོག་པ་ལྟ་བུའོ། །དེ་ལ་:བཏག…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ།
ཡུལ་བཅུ་ཅི་རིགས་པ་ལ་བདེན་ཞེན་མངོན་འགྱུར་བ་བཀག་ནས་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། གཉིས་པ་ལ། གཞིའི་ངོ་བོ། ཁྱད་པར། མཚན་ཉིད་གསུམ། སྤང་གཉེན་གཞན་དུ་མི་འགྱུར་བའི་ཆོས་ཉིད། བྱེད་པ་པོ་མེད་པའི་ཆོས་ཉིད། བྱ་དཀའ་རྣམ་གསུམ། འབྲས་བུ་ཁྱད་པར་ཅན། སྲུང་བྱེད་གཞན་ལ་རག་མ་ལས་པ། སྣང་བ་རྣམ་བདུན་ལ་ཞེན་སྤྱོད་བཀག་པའི་སྦྱོར…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ།
བུ། གཉིས་པ་ནི། འཁོར་བ་ལྟ་བུ། གསུམ་པའི་མཚན་ཉིད། རིག་ཤེས་ཚད་མའི་ཡུལ་གྱི་གཙོ་བོར་གྱུར་པའི་དེ་ཁོ་ན་ཉིད། དབྱེ་ན། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་། འགྱུར་མེད་ཡོངས་གྲུབ་གཉིས། དང་པོ་ནི། འཕགས་རྒྱུད་ཀྱི་མཉམ་བཞག་ལྟ་བུ། གཉིས་པ་ནི། ཆོས་ཉིད་ལྟ་བུ། དེ་ཡང་བདེན་པ་གཉིས་སུ་འདུས་ཏེ། ཡོངས་གྲུབ་དོན་དམ་བདེན་པ་དང་། ཀུན་རྫོབ…
MLP010
· རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
བཞི་པ་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ།
ཉམས་ལེན་གྱི་སྤྱོད་པ་ལ། དབང་དུ་བྱ་བ་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་གཉིས། དང་པོ་ལ། རྒྱུ་རྣམ་ཀུན་གྱི་སྦྱོར་བ་དང་། འབྲས་བུ་རྩེ་མོའི་སྦྱོར་བ་གཉིས། དང་པོ་ལ། མདོའི་ལུང་དྲང་བ་དང་། མཚོན་བྱེད་ཀྱི་ཆོས་བཤད་པ་གཉིས། དང་པོ་ནི། གོང་གི་མཇུག་བསྡུ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་…