Author
About 40% of texts have an author recorded — this list will grow as more are attributed.
8646 results
— page 238 of 433
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ནས་ཀྱང་རིགས་བསྡུས་ཏེ་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་གསེར་ཁྱམས་ལ་ཤར་ཕྱོགས་ནས་འཁོར་བར་ཕྱོགས་བཞིར་མཆེ་བ་ཅན་དང་མཚམས་བཞིར་གཤོག་པ་ཅན་བཞི་རྔམ་པའི་མདངས་ཀྱིས་འཁོད་དོ། །གསུམ་པ་ནི། དེ་ནས་སོགས་ཏེ། ཡུལ་མ་འཐོན་པ་དེ་ནས་ཤིན་ཏུ་དགྱེས་པས་ཕྲིན་ལས་བཞིའི་སྣང་བས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར་ཁྱབ་ནས་ཕཊ་ཅེས་བརྗོད་པའི་བཞད་…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ཁྲག་འཐུང་ཆེན་པོ་རིགས་ལྔ་པོ་དེ་དག་ཀུན་བཛྲ་ཧེ་རུ་ཀར་བསྡུས་པ་ཉིད་རང་བྱུང་གི་ཐུགས་རྗེ་ཆེན་པོ་གསོ་བར་བྱེད་པས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་དབང་བསྐུར་བའི་དམ་རྫས་སྔགས་དང་བཅས་པ་འདི་དག་ཕྱུང་ངོ་། །སྔར་ཞལ་དུ་བསྟབས་པའི་དབང་ཕྱུག་ཆེན་པོ…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
བདུད་བཞི་བཏུལ་བའི་རྟགས་ཕྱི་རོལ་ཏུ་བསྟན་པར་འབྲེལ་ཏོ། །ཞེས་དང་། ཇི་སྐད་བཤད་པའི་མཐུ་འདི་དག་རང་རྒྱུད་པ་ལ་ཡོད་པ་མ་ཡིན་ཏེ། སྤྲུལ་པ་བ་ཡིན་པར་སོམ་ཉི་མི་བྱའོ། །ཞེས་སོ། །དེ་ལྟར་ན་གོང་དུ་བདག་ཏུ་རྨོངས་པའི་ཞེས་སོགས་ཀྱིས་གནོད་དོ་ཞེ་ན། མི་གནོད་དེ། ཕྱིས་འཇིག་རྟེན་དུ་ཆ་ལུགས་དང་མཐུ་ཆ་འདྲ་བའི་རཱུ་ཏྲ་རང་མཚན་པ་འབྱུང་བ་ར…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
དཀྱིལ་འཁོར་ཆེན་པོ་འདིའི་མིང་ཙམ་འཛིན་པར་བྱེད་པའི་རྣལ་འབྱོར་པ་ཡང་རང་གི་གཙུག་གི་ནོར་བུ་འོད་འབར་བ་བཀུར་བ་ལྟར་སེམས་ལ་གཡོ་སྒྱུ་མེད་ཅིང་མཆོག་ཏུ་གུས་པ་དང་ལྡན་པའི་སེམས་ཀྱི་བློས་བླངས་ནས་རྣམ་པ་ཐམས་ཅད་དུ་སྤྱི་བོའི་གཙུག་ཏུ་བཞག་སྟེ་བཀུར་བསྟི་དང་རིམ་གྲོ་ཕུན་སུམ་ཚོགས་པར་བགྱི་བས། དཀྱིལ་འཁོར་གྱི་མཚན་འཆང་བ་དེའི་དགོངས་…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ལེའུ་སྟེ་བཅོ་ལྔ་པའོ།། །།
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ལེའུ་བཅུ་དྲུག་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། རང་བཞིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་གསུང་སྔགས་ཀྱི་དཀྱིལ་འཁོར་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་སྔར་བསྟན་པ་འདི་དག་གསུང་སྔགས་ཀྱི་དམ་ཚིག་གིས་འགྲུབ་པར་བྱ་བའི་ཕྱིར། དེ་བཞིན་ག…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ལྟར་ཚིག་གིས་གསལ་གདབ། དེ་ནས་བདག་ཉིད་ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་བདག་སྲས་ཀྱི་ཆོ་ག་ནི། ལེའུ་བཅོ་ལྔ་པ་ལྟར་ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུ་བསྐྱེད། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་གཞན་སྲས་ཀྱི་ཆོ་ག་ནི། བདག་གཙོ་བོའི་ཐུགས་ཀ་ནས་འཐོན་…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ཏིང་ངེ་འཛིན་ནི། སྤྱན་དྲང་བ་ནས་བརྩམས་ཏེ་ཛཔ྄་བཟླ་བའི་བར་ས་བཅད་དྲུག་དང་། གསུམ་པ་རྗེས་ཀྱི་རིམ་པ་ལའང་ཚོགས་མཆོད་སོགས་ས་བཅད་ལྔ་སྟེ་སྒྲུབ་ཐབས་ལྟར་ཤེས་པར་བྱའོ། །ད་ནི་དཀྱུས་ལ་འཇུག་སྟེ། གསུང་གི་དཀྱིལ་འཁོར་ལ་གཉིས་ཏེ། དམ་ཚིག་གི་དཀྱིལ་འཁོར་སྐྱེད་པའི་སྔགས་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་སོགས་ལས་ཀྱི་རིམ་པའི་ས…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ནི། བཛྲ་སརྦ་ཏ་ཐཱ་ག་ཏ་རཏྣ་པདྨ་རྣམས་སྔར་ལྟར་དང་། སརྦ་ཨ་མོ་གྷ་ཐམས་ཅད་དོན་ཡོད་པ་སྟེ་རིགས་ཀྱི་མཚན་ནོ། །མ་ཧཱ་ཀྲོ་དྷི་ཤྭ་རཱི་རྣམས་ནི་ཁྲོ་མོ་དབང་ཕྱུག་མ་ཆེན་མོ། ཐོག་མཐའི་ༀ་དང་ཕཊ་སྔར་བཞིན། ཧཱུཾ་རྩ་བའི་ས་བོན། ཁྱད་པར་དུ་དྷཱ་ར་འཆང་བ། ཛྭ་ལི་ནཱི་འབར་བ་མ། སརྦ་དུཥྚན་གདུག་པ་ཅན་ཐམས་ཅད་ལ། མ་ཧཱ་སཱུརྱ་ཉི་མ་ཆེན་མོ། བི་ད་མ་རི…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
མ་ཞེས་བོད་པའོ། །སྐྱེད་སྔགས་ནི་མ་ནུ་རཀྵ་སཱི་བྷྱོ་སོགས་བཤད་རྒྱུད་མེ་ལོང་ལས་གསུངས་པ་ལྟར་རོ། །གཉིས་པ་ལས་ཀྱི་རིམ་པའི་སྔགས་ལ་གསུམ་སྟེ། དབབ་ཅིང་དྲང་བའི་སྔགས། མེ་ཏོག་དོར་ཞིང་དངོས་གྲུབ་སྐུལ་བའི་ཚིག་སྔགས། དྲིན་ལན་དུ་མཆོད་ཅིང་བརྟན་པའི་སྔགས་སོ། །དང་པོ་ནི། ༀ་རུ་ལུ་རུ་ལུ་ཧཱུཾ་ཞེས་པ་སྙན་གསན་དབབ་པའི་སྔགས་ཏེ། སྤྱིར་ར…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ཤིག །དམ་ཚིག་གིས་དགྱེས་པར་མཛོད་ཅེས་སོ། །གསུམ་པ་ནི། ཨ་ལི་སོགས་ཏེ་ཨ་བ་བྷྲཾ་ཤའི་སྐད་ཡིན་ཞེས་གསུང་། དེ་ལ་ཨ་ལི་ནི་ཆང་སྟེ་བཏུང་བ། ཨུ་ལི་ནི་ཤ་སྟེ་བཟའ་བ། ཏཱ་ལི་ཏ་པ་ལི་འབྲུ་འབྲས་སོགས་དམ་ཚིག་གི་རྫས་སྣ་ཚོགས། དཾཥྚཱ་ཞལ་མཆེ་བ་བགྲད་པ། གོ་ནཱ་རྡོ་རྗེ། རཽ་དྲི་ཁྲོ་བའམ་དྲག་པོ། ཁ་རཾ་སྟོབ་པ་སྟེ། རྡོ་རྗེ་ཁྲོ་བོ་མཆེ་བ་བགྲད་…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ལེའུ་བཅུ་བདུན་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། གསུང་གི་དཀྱིལ་འཁོར་བསྟན་པ་དེ་ནས་ལྷག་པ་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་སྤྲིན་གསང་སྔགས་དང་བཅས་པ་དེ་དག་གིས་བསྐྱེད་པའི་དཀྱིལ་འཁོར་གྱི་རྣམ་པ་གསལ་བར་བསྟན་པའི་ཕྱིར་ཆེད་དུ་བརྗ…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ཙིཏྟའི་ཏོག་གིས་བརྗིད་པ། ཕྱི་རོལ་དུ་རཱུ་ཏྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་ཞིང་། འབར་བའི་མེ་དཔུང་མེའི་ཚྭ་ཚྭ་འཕྲོ་བའི་ཀློང་ནས་ཁྲོ་ཆུང་མང་པོ་འཕྲོ་ཞིང་འཁྲུག་པས་མཛེས་པའོ། །གཉིས་པ་ནི། ཁྱུ་མཆོག་སོགས་རྐང་པ་གསུམ་སྟེ། དབུས་ཀྱི་ལྟེ་བ་དང་རྩིབས་བཞིར་པདྨ་དང་ཉི་ཟླ་བརྩེགས་པ…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
པ་ནི། དབུ་གསུམ་སོགས་ཏེ། ཐམས་ཅད་ཀྱང་རྣམ་ཐར་གསུམ་མཚོན་པའི་དབུ་གསུམ། ཡེ་ཤེས་དྲུག་གིས་འགྲོ་དོན་མཛད་པའི་ཕྱིར་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་ཕྱིར་ཞབས་བཞི་གཡས་བརྐྱང་བའི་དོར་སྟབས་སུ་བགྲད་པའོ། །གསུམ་པ་ནི། ཀོ་རློན་སོགས་རྐང་པ་གསུམ་སྟེ། བགོ་བ་ཀོ་རློན་གྱི་གོས་ནི་སྣ་ཚོགས་པ་གྱོན་པ་སྟེ། སྟོབས་བཅུས་གཏི…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
པོ་དྲིལ་བུ་དང་། གཡས་ཐ་མ་ཞིང་དབྱུག །བུདྡྷའི་གཡོན་ཐ་མ་ཏྲི་ཤཱུ་ལ་དང་པདྨའི་རྔེའུ་ཆུང་རྣམས་ཏེ། འདི་དག་ནི་བཤད་རྒྱུད་བརྒྱད་པ་ལྟར་སྒྲུབ་ཐབས་ཀྱི་ཕྱག་རྒྱ་གར་མཆོད་དང་མཐུན་པར་བྱས་པའོ། །ལྔ་པ་ནི། བཙུན་མོ་སོགས་ཏེ། རང་རང་གི་རིགས་ཀྱི་བཙུན་མོ་འཇིགས་པའི་ཚོགས་ལྔ་ག་སྐུ་མདོག་ཡབ་དང་མཐུན་པ་གཟིག་ཤམ་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་ག…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
གྲངས་སྤྲོས་པ་ནི། ལམ་རིམ་ལས། ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་ཡན་ལག་ལྡན། །ཞེས་པས་བཛྲ་ཧེ་རུ་ཀའི་ཡན་ལག་ལྔ་ལ་ཁྲག་འཐུང་ཡབ་ལ་ཡབ་ལྔ་དང་ཡུམ་ལ་ཡུམ་ལྔ། ཡབ་ཀྱི་དབང་རྟེན་གྱི་ནང་རྩར་གཽ་རཱི་མ་བརྒྱད། ཕྱི་རྩར་སེང་ཧ་མ་བརྒྱད། མཐིལ་བཞི་ལ་སྒོ་མ། སྒལ་ཚིགས་ལ་དབང་མོ་ཉེར་བརྒྱད་དེ་…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ལེའུ་བཅོ་བརྒྱད་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ཁྲོ་བོའི་དཀྱིལ་འཁོར་བསྟན་པ་དེ་ནས་ཁྱད་པར་གྱི་མཆོད་པ་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཉེས་པར་བྱེད་པ་རྨད་དུ་བྱུང་བའི་མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། …
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
པ་དང་། སེམས་ཅན་ཐམས་ཅད་ཀྱང་ཚིམ་སྟེ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རོ་མཉམ་པར་བྱས་པའོ། །གསུམ་པ་ནི། མཉམ་པའི་སོགས་རྐང་པ་གཉིས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་དངོས་གྲུབ་སྒྲུབ་པའི་རྫས་ཆེན་པོ་བདུད་རྩི་ལྔ་པོ་འདི་དག་བདག་དམ་ཚིག་གི་འཁོར་ལོ་དང་ཡེ་ཤེས་ལྷའི་དཀྱིལ་འཁོར་གཉིས་མེད་དུ་མཉམ་པའི་ཚོག…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
གསུམ་པ་དེ་གསུངས་པའི་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པའི་མཐུས་མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་མཆོད་པའི་སྤྲིན་གྱི་རོལ་མོས་ཁྱབ་པར་གྱུར་ཏོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་རྒྱལ་བ་རྣམས་མཆོད་ཅིང་མ་མོ་དང་མཁའ་འགྲོར་སྦྱིན་པའི་ཐབ…
MLP015
· རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན། ལོ་ཆེན་དྷརྨ་ཤྲཱི།
ལེའུ་བཅུ་དགུ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ཁྱད་པར་གྱི་མཆོད་སྦྱིན་བསྟན་པ་དེ་ནས་དམ་ཚིག་གི་རིམ་པ་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སྔགས་འཆང་རྣལ་འབྱོར་པ་རྣམས་ལོག་པར་མི་ལྟུང་ཞིང་འབྲས་བུ་མྱུར་དུ་འགྲུབ་པས་ལམ་ལ་འབད་པ་དོན་ཡོད་པར་བྱ་བའི་ཕྱིར། བླ་ན་མེད་པའི་དམ་…