Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      1573 results — page 1 of 79
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བའི་ལེགས་པར་བཤད་པ་ལ་ཡན་ལག་ཆེན་པོ་ལྔ་ལས་ཡན་ལག་དང་པོ་འཇིག་རྟེན་ཀྱི་ཁམས་སྤྱིར་བསྟན་པ་དང༌། ཡན་ལག་གཉིས་པ་རྒྱ་གར་གྱི་སྐབས་ལ་ལེའུ་བཞི་ལས་དང་པོ་སྟོན་པའི་མཛད་པ་བཤད་པ། གཉིས་པ་བཀའ་བསྡུ་བ་ཁྱད་པར་དུ་བཤད་པ། གསུམ་པ་དཀོན་མཆོག་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་རྒྱལ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བའི་ལེགས་པར་བཤད་པ། ཐམས་ཅད་མཁྱེན་པ་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ལོ། །དོན་ཀུན་རབ་གྲུབ་སྐྱེ་འགྲོའི་རྟེན་གནས་གཅིག་པོ་གང༌། །ཐེག་གསུམ་དམ་པའི་ཆོས་ཀྱི་འཁོར་ལོས་མངའ་སྒྱུར་བ། །སྟོན་པ་མཆོག་དང་དེ་སྲས་སློབ་མར་བཅས་ཀུན་ལ། །…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      བཤད་མཁས་པའི་སྤྱི་ནོར་ཡིན། །འོན་ཀྱང་དོན་རྒྱས་ཚིག་ཉུང་མཐའ་རྒྱ་ཆོད། །ཀུན་ལ་གཟུར་གནས་ངེས་པའི་ཁུངས་དང་འབྲེལ། །ཆོས་ཉིད་ལ་འཇུག་མཚན་མར་མི་སྨྲ་བ། །དེ་ནི་ལེགས་བཤད་འདི་ཡི་ཁྱད་ཆོས་སྟེ། །དེ་བས་བློ་ལྡན་རྣམས་ཀྱིས་མཉན་པར་གྱིས། །ཆོས་ཀུན་རང་བཞིན་གཟོད་ནས་རྣམ་དག་ཉིད། །འགག་པ་མེད་པའི་རང་རྩལ་མཐའ་ཡས་ནི། །གནས་སྐབས་དག་དང་མ་ད…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      བ་ནི། །སྤྱི་ཕུད་སྟོང་གི་འཇིག་རྟེན་ཁམས་ཞེས་བྱ། །དེ་འདྲ་གཅིག་ནས་གཉིས་སུ་བགྲངས་པ་ནི། །སྟོང་དུ་ཚང་ཚེ་སྟོང་གཉིས་བར་མ་ཡི། །འཇིག་རྟེན་ཁམས་ཟེར་རྒྱ་མཚོ་གཅིག་ལ་བརྟེན། །ཕྱི་ནས་ཁོར་ཡུག་འབྲིང་པོས་བསྐོར་བ་ཡིན། །སྟོང་གཉིས་བར་མའི་འཇིག་རྟེན་ཁོ་ན་ནི། །སྟོང་ཕྲག་གཅིག་དུ་ལོངས་ཚེ་སྟོང་གསུམ་གྱི། །སྟོང་ཆེན་པོ་ཡི་འཇིག་རྟེན་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      འཇིག་རྟེན་རྒྱ་མཚོ་མཐའ་ཡས་པ། །ལ་ལ་ཉོན་མོངས་ལ་ལ་ཡོངས་སུ་དག །ལ་ལ་ཀུན་ནས་ཉོན་མོངས་དག་པར་ལྡན། །ལ་ལ་དག་ཞིང་ཀུན་ནས་ཉོན་མོངས་སྟེ། །ལ་ལ་སྤྱིའུ་ཚུགས་ལ་ལ་སྣྲེལ་ཞིའི་ཞིང༌། །རྒྱུ་དབྱིབས་རྒྱན་དང་འགྲོ་བའང་ཐ་དད་ཉིད། །དེ་ལྟར་ཕ་མཐའ་ཡས་པར་གནས་པ་ལས། །ཁོ་བོ་ཅག་གི་རྟེན་གནས་ཞིང་འདི་ནི། །རྣམ་པར་སྣང་མཛད་གངས་ཆེན་མཚོ་རྒྱལ་དེ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      རི་རབ་དང་གཉའ་ཤིང་འཛིན་གྱི་བར་གྱི་རོལ་མཚོ་ཡང་དཔག་ཚད་བརྒྱད་ཁྲིའོ། །རི་གཞན་བརྒྱར་དཔངས་དང་ཞེང་ནང་མའི་ཕྱེད་དེ་བ་ཚྭའི་མཚོ་ཆེན་མ་གཏོགས་རོལ་མཚོ་རྣམས་ཀྱང་ནང་མའི་ཕྱེད་དེ། གཉའ་ཤིང་འཛིན་རྒྱ་དཔངས་བཞི་ཁྲི། གཤོལ་མདའ་འཛིན་ཉི་ཁྲི། སེང་ལྡེང་ཅན་ཁྲི། ལྟ་ན་སྡུག་ལྔ་སྟོང། རྟ་རྣ་ཉིས་སྟོང་ལྔ་བརྒྱ། རྣམ་སྡུད་སྟོང་ཉིས་བརྒྱ་ལ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      ཕྲག་བརྒྱད། །གསེར་གཞི་དཔག་ཚད་སུམ་འབུམ་བཞི་ཁྲིར་ལྡན། །དེ་དབུས་ལྷུན་པོ་བང་རིམ་བཞིར་ལྡན་པ། །ཤར་དངུལ་ལྷོ་ནི་བཻཌཱུརྻ་སྔོན་པོ། །ནུབ་ནི་པད་རཱག་བྱང་ཕྱོགས་གསེར་ལས་བྱས། །དཔག་ཚད་བརྒྱད་ཁྲི་ཕྲག་གཉིས་ཕྱེད་མཚོར་ནུབ། །གཉའ་ཤིང་འཛིན་དང་གཤོལ་འཛིན་སེང་ལྡེང་ཅན། །ལྟ་ན་སྡུག་རི་རྟ་རྣ་རྣམ་སྡུད་དང༌། །མུ་ཁྱུད་འཛིན་རི་ཞེས་བྱ་གས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      འཐབ་བྲལ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་སྟེ། །ལྷ་གནས་བཞི་པོ་མཚོ་ནས་རང་རང་བར། །ཇི་ཙམ་ཡོད་པ་དེ་སྲིད་སྟེང་དུ་ཡང༌། །གཞལ་བའི་མཁའ་ལ་སྤྲིན་བཞིན་སོ་སོར་ཆགས། །གཟུགས་ཚེ་ལོངས་སྤྱོད་རིམ་པས་གོང་མ་འཕགས། །ཀུན་ཀྱང་འདོད་པའི་འདོད་ཆགས་ལྡན་པའི་ཕྱིར། །འདི་མན་འདོད་པའི་ཁམས་སུ་བརྗོད་པ་ཡིན། །དེ་སྟེང་གཟུགས་ཁམས་གནས་རིས་བཅུ་བདུན་ད…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      སྣོད་ཀྱི་འཇིག་རྟེན་མས་རིམ་ཆགས། །རྫོགས་ཚེ་བསམ་གཏན་གཉིས་པའི་ལྷ་ཞིག་ན། །ཤི་འཕོས་ཚངས་ཆེན་གནས་སུ་བརྫུས་སྟེ་སྐྱེས། །དེ་ཡིས་བདག་ལ་གྲོགས་གཞན་ཡོད་ན་སྙམ། །དེ་ཡི་མོད་ལ་ལྷ་གཞན་བརྫུས་སྟེ་བྱུང༌། །དེ་ཕྱིར་འཇིག་རྟེན་པ་རྣམས་ཚངས་ཆེན་ནི། །སྣོད་བཅུད་བྱེད་པོ་ཡིན་སྙམ་འཁྲུལ་པ་སྐྱེས། །དེ་ལྟར་བཅུད་ཀྱི་སེམས་ཅན་ཡས་རིམ་བཞིན། །…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      སོག་འཇོག་བྱེད་པར་གྱུར། །སྲེད་པའི་རྒྱུ་དང་སེར་སྣའི་སྐྱོན་དེ་ཡིས། །སཱ་ལིའི་འབྲས་ཀྱང་སྦུན་པ་སྲ་བས་གཡོགས། །བརྔས་མ་ཐག་དུ་སྐྱེ་བ་ཡང་མེད་ནས། །མཛངས་ཤིང་ཕན་པར་དགའ་བའི་མི་ཅིག་གིས། །ཆ་མཉམ་ཞིང་བགོས་རང་གི་སྐལ་བ་ཆད། །ཀུན་གྱིས་ཅུང་ཟད་ཙམ་རེ་བྱིན་པ་ཡིས། །སྐལ་བ་ཤིན་དུ་རྒྱལ་ཕྱིར་རྒྱལ་པོར་ཐོགས། །གཅིག་གི་སྐལ་པ་ཅིག་ཤོས་ཀ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      ཞིང་ཆེ་བ་བྱུང༌། །དེ་ཡི་ནང་ནས་བརྫུས་སྐྱེས་ཁྱེའུ་ནི། །ལྟ་བས་མི་ངོམས་བྱུང་དེ་མང་བཀུར་ཡིན། །དེ་བས་གདུང་གི་བརྒྱུད་པར་འཇོག་ཅེས་དང༌། །དེ་བཞིན་ཡར་འདེད་ལྷ་བདུད་ཞེས་ཟེར་མོད། །ཚད་ལྡན་གཞུང་ལས་བཤད་པ་མ་མཐོང་ངོ༌། །ལོངས་སྤྱོད་ཉམས་ཤིང་གསོད་པའི་བར་བྱུང་བས། །སྐྱོ་སྟེ་ནགས་སུ་གནས་པས་བསམ་གཏན་ཐོབ། །མངོན་ཤེས་ལྡན་ལ་དྲང་སྲོང…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      རྒྱལ་རིགས་སྟེ། །ཆོས་དང་ཚུལ་ཁྲིམས་ཤེས་རབ་ཀུན་སྤྱོད་ཀྱིས། །འཁོར་རྣམས་མགུ་བར་བྱེད་ཕྱིར་རྒྱལ་པོར་བཏགས། །བསྐལ་བཟང་འདི་ལ་འཛམ་བུའི་གླིང་འདི་ན། །མི་ཡི་རྒྱལ་པོ་ཀུན་གྱི་ཐོག་མ་ཡིན། །དེ་ཚེ་མི་ལ་སེམས་ཅན་ཞེས་སུ་གྲགས། །དེ་སྲས་འོད་མཛེས་མི་ལ་ཚུར་ཤོག་ཟེར། །དེ་སྲས་དགེ་བ་མི་ལ་རྨེ་བ་ཅན། །དེ་སྲས་དགེ་མཆོག་མི་ལ་སྤྲིན་མགྲིན…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      འདི་ཡན་སྡེ་སྣོད་གསུམ་པ་ཕལ་ཆེར་མཚུངས། །ཉེ་མཛེས་ལྡན་སྲས་བཟང་པོའམ་རྒྱས་བྱེད་ཡིན། །དེ་ནས་སྲེད་པ་སྲེད་དང་བཏང་བ་དང༌། །བཏང་བཟུང་ལུས་ཐུལ་ཤེས་ལྡན་ངན་སྤོང་དང༌། །ཤིང་རྟ་སྡུག་གུ་དུག་ཅན་དུག་ཅན་ཆེ། །ཤངྐུ་ནི་དང་ཤངྐུ་ནི་ཆེན་པོ། །ཀུ་ཤི་ཉེ་བའི་ཀུ་ཤི་ཀུ་ཤི་ཆེ། །རྒྱས་བྱེད་རྒྱས་བྱེད་ཆེན་པོ་ལེགས་མཐོང་དང༌། །ལེགས་མཐོང་ཆེན་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      པོ་གཉེན་ལྡན་སྟེ། །དེ་ཚེ་སྐྱེ་རྒུའི་ཚེ་ལོ་སུམ་ཁྲི་ཐུབ། །རྫོགས་པའི་སངས་རྒྱས་གསེར་ཐུབ་འཇིག་རྟེན་བྱོན། །ས་བདག་རྒྱུད། དེ་ནས་དམག་མི་ཚུགས་པར་སྟོང་ཡིན་སྟེ། །ས་འཛིན་རྒྱུད། བརྒྱད་ཁྲི་བཞི་སྟོང་འདྲེས་པའི་གྲོང་དུ་བྱུང༌། །དེ་ཡི་ཐ་མ་རྒྱལ་པོ་ལྷ་ཆེན་སྟེ། །ཨ་སྨྲའི་ཚལ་དུ་རྒྱལ་པོའི་དྲང་སྲོང་མཛད། །དེ་རྒྱུད་བརྒྱད་ཁྲི་བ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      གཤེད་མས་གཽ་ཏམ་བཟུང་སྟེ་གོ་རར་བཅུག །རྒྱལ་པོས་རང་གི་ཕུ་བོ་ཡིན་པ་དང༌། །དེ་ལ་ཉེས་པ་མེད་པའང་མ་ཤེས་ནས། །བསད་ཤིང་ལ་བཙུགས་འཆི་ཁར་མཁན་པོ་ནི། །དྲང་སྲོང་མདོག་ནག་གིས་མཐོང་རྒྱུ་དྲིས་པས། །གཽ་ཏ་མས་རང་གིས་མ་ཉེས་པའི། །བདེན་པ་བརྗོད་པས་མཁན་པོ་གསེར་མདོག་གྱུར། །བདག་ནི་འདི་ནས་འགྲོ་བ་གར་སྐྱེ་དྲིས། །རྒྱལ་རྒྱུད་ཆད་ན་མི་རུང…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      རྣམས། །སྲིང་མོ་གཉེན་བཅས་གངས་རི་དང་ཉེ་བ། །ཆུ་བོ་སྐལ་ལྡན་ཤིང་རྟ་འབབ་པའི་འགྲམ། །དྲང་སྲོང་སེར་སྐྱའི་གནས་དང་ཉེ་བར་སྤྱུགས། །དེ་དག་གནས་དེར་ལོ་མའི་སྤྱིལ་པོ་བྱས། །རི་དྭགས་ཤ་དང་རྩ་བ་འབྲས་བུས་འཚོ། །དྲང་སྲོང་དེ་ལ་ཕ་བཞིན་ལྟ་བར་གྱུར། །ལང་ཚོ་རྒྱགས་ཆེས་འདོད་པས་ཉེན་པ་ཡིས། །ལུས་རིད་གྱུར་པ་དྲང་སྲོང་ལ་སྨྲས་པས། །རང་རང་ས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      འདས་བལྟམས་ཤིང༌། །སྒྱུ་འཕྲུལ་ལས་ནི་གཅུང་པོ་མཛེས་དགའ་བོ། །ཟས་དཀར་སྲས་པོ་རྒྱལ་དང་བཟང་ལྡན་གཉིས། །བྲེ་བོ་ཟས་ལ་མིང་ཆེན་མ་འགགས་པ། །བདུད་རྩི་ཟས་ལ་ལྷས་བྱིན་ཀུན་དགའ་བོ། །དོན་ཀུན་གྲུབ་པའི་སྲས་གཅིག་དགྲ་གཅན་ཟིན། །དེ་ཡིས་ཤཱཀྱ་ཆེན་པོའི་རྒྱུད་པ་རྫོགས། །སྲིད་པའི་རྒྱུན་བཅད་ཡང་སྲིད་མེད་ཏོ་ཅེས། །ཤཱཀྱ་རྣམས་ཀྱིས་ཆོ་འབྲང་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      བཤད་པའི་རྣམ་གྲངས་དུ་མ་བྱེད་པར་སྣང༌། །གནས་བསྐལ་ཡ་ཐོག་མ་ཐོག་རིང་མོ་གཉིས། །དེ་ཡི་བར་དུ་ཁུག་པ་བཅོ་བརྒྱད་དེ། །གསུམ་གྱིས་གནས་བསྐལ་བར་བསྐལ་ཉི་ཤུ་ཡིན། །ད་ལྟ་ཡ་ཐོག་རིང་མོའི་མཇུག་ཡིན་སྟེ། །ཚེ་ལོ་བཅུ་པ་རྫོགས་པའི་ཡར་འཕེལ་ནས། །བར་གྱི་ཁུག་པ་བཅོ་བརྒྱད་འགོ་རྩོམ་བྱེད། །དེ་ཡང་ད་ལྟར་གནས་པའི་མི་རྣམས་ཀྱིས། །ཕ་མ་དགེ་སྦྱོ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      ཀྱི་ཚེ་ལོ་ནི། །བརྒྱ་ཕྲག་དྲུག་པར་འཕེལ་བ་དེ་སྲིད་གནས། །མི་རྣམས་ཚེ་ལོ་བདུན་བརྒྱ་ཐུབ་པའི་ཚེ། །གནས་བརྟན་བཅུ་དྲུག་གིས་ནི་སྟོན་པའི་བཀའི། །གླེགས་བམ་ཀུན་བསྡུས་རིན་ཆེན་མཆོད་རྟེན་བྱས། །བསྐོར་ནས་སྟོན་པར་ཕྱག་མཛད་མྱ་ངན་འདའ། །དེ་ཡིས་ཤཱཀྱའི་བསྟན་པ་མཐར་ཐུག་ཅེས། །དགའ་བའི་བཤེས་ཀྱི་རྟོགས་པ་བརྗོད་ལས་བྱུང༌། །ཀུན་མཁྱེན་བུ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      ཡན་ལག་དང་པོ་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ་དང་ཡན་ལག་ལག་གཉིས་པ་རྒྱ་གར་གྱི་སྐབས།
      ཡངས་ནའོ། ༡༣ །ནགས་ན་གནས་ནི་སྟོང་ཕྲག་བཅུ་བཞི་དང་ལུས་འཕགས་ཀྱི་རི་ལའོ། ༡༤ །མི་ཕམ་པ་ནི་སྟོང་ཕྲག་བཅོ་ལྔ་དང་བྱ་རྒོད་ཕུང་པོའི་རི་ལའོ། ༡༥ །གཙུག་གི་ལམ་ནི་སྟོང་ཕྲག་བཅུ་དྲུག་དང་རི་བོ་གཉའ་ཤིང་འཛིན་ལ་གནས་སོ། ༡༦ །གནས་བརྟན་དེ་དག་གིས་མ་ཤེས་པའམ་མ་མཐོང་བའམ་མི་ཐོས་པའམ་མངོན་དུ་མ་བྱས་པ་ཅུང་ཟད་ཀྱང་མེད་ཏོ། །དགེ་འདུན་གྱི…