Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      1573 results — page 38 of 79
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སེང་གེ །རྩགས་དབང་ཕྱུག་སེང་གེ །ཉང་བྲན་ཆོས་ཀྱི་སེང་གེ །འདན་མ་དཀོན་མཆོག་སེང་གེ །གཉལ་པ་ཡོན་ཏན་སེང་གེ །ཁ་ཅིག་གཙང་པ་འཇམ་དཔལ་སེང་གེ་ཡང་འདྲེན། རྔོག་སྲས་ར་མོ། ཁོན་སྲས་རྩེ་མོ། གཉོས་སྲས་དཔལ་ལ། ཁུ་སྲས་ནེ་ཙོ་སྟེ་ཇོ་སྲས་བཞི། འགར་དབང་གྲུབ། ཀོང་པོ་འཇག་ཆུང༌། ལྷོ་པ་སྒོག་ཟན། པར་ཕུ་བ་སྟེ་ཤེས་རབ་ཅན་བཞི། གཞན་ཡང་འཇད་པ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      འདིའི་སློབ་མ་གཙང་པ་འཇམ་དཔལ་སེང་གེས་གླིང་སྟོད་དུ་བཤད་པས་གླིང་སྟོད་སྨད་གྱེས་སྟེ་གདན་ས་དངོས་གླིང་སྨད་ཡིན་པར་ཡར་ལུང་ཇོ་བོའི་ཆོས་བྱུང་དང་ཚལ་པའི་དེབ་དམར་ལས་བྲིས་པ། ཕྱིས་ཀྱི་གཉལ་ཞིག་བུ་དགུའི་ནང་གི་མཁས་པ་ཇོ་ནམ་གྱིས་གླིང་སྨད་དུ་བཤད་པས་གདན་ས་ཕྱེད་དུ་སོང་བས་གདན་ས་དངོས་གླིང་སྟོད་ཡིན་པར་གསང་ཕུ་བ་ཁ་ཅིག་གི་བྲིས་ས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ལ་འབྱོན་དུས་གྲ་པ་རྣམས་མདའ་བསྐོར། ཁོང་རང་རི་ལ་མ་ཐོགས་པར་འབྱོན་སྐད། གསོལ་དཀར་དང་ཕྱག་དཔེ་ན་མཁའ་ལ་བཞག་སྟེ་སྒྲོ་གླིང་མཛད་ཐལ་སྐད་བཏོན་པས་གདོན་བགེགས་ཡུལ་འབུད། གསང་ཆབ་ཀྱིས་ནད་གདོན་ཐམས་ཅད་ཞི་ཐུབ་པས་གསང་ཆབ་དང་འོ་མ་བརྗེ་བ་མི་ཐོབ་པ་ཡོད་སྐད། དེས་འུ་ཤང་རྡོར་ལོ་དགུར་མཚམས་བཅད་དེ་བཤད་པས་གཉལ་ཞིག་བུ་དགུ་ཞེས་གཟང་རིང…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ཚད་མ་བསྡུས་འབྲིང་ཁོ་ན་ལས་རྣམ་འགྲེལ་མ་དར་པ་ལས་ཆོས་རྗེ་ས་པཎ་གྱིས། ནུབ་པ་ཉིད་དུ་འགྱུར། ཞེས་པ་བསྟན་བཅོས་ཀྱི་མཐའི་ཚིག་སྤྲ་མ་ལེགས་པར་དགོངས་ནས། མཁས་པའི་པདྨ་རྒྱས་བྱེད་ཡིན། །ཞེས་པའི་ཤྩོ་ཀ་བསྣན་པས་རྣམ་འགྲེལ་ཆེར་དར་སྟེ་དེང་སང་ནི་འབྲིང་བསྡུས་ནུབ་པ་ལྟར་སྣང་སྟེ། རྗེ་བཙུན་གྱིས། ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      པ་བྱུང་ནས་སྣར་ཐང་དུ་མཆིམས་ཀྱི་གདན་སར་སྐྱོ་སྟོན་པ་ཕྱག་རྡོར་ལ་བསྙེན་པ་ལོ་བཅུ་གཉིས་ཉི་མ་མ་མཐོང་བར་བསྒྲུབས་པ་དེའི་དྲུང་དུ་བྱོན། སྣར་ཐང་གི་སྒོའི་ཐེམ་པ་ལ་ཞབས་བཞག་པ་དབུ་ལ་ཉི་མ་ཤར་བ་ཚོགས་དུང་བུས་པ་རྣམས་མཚུངས་པས་རྟེན་འབྲེལ་ལེགས་པར་བྱུང༌། ནད་འདི་ལ་ཞེད་མི་དགོས། རྣམ་ངེས་ཀྱི་གཞུང་དེ་གྲོག་པོ་ཕག་གིར་སྐྱོར་གསུངས།…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ཞིག་ལ་འོག་དུ་རྒྱལ་བ་སེ་སྟོན། རྒྱ་མཆིང་རུ་བ། ཆུ་མིག་པ་སེང་གེ་དཔལ་འདི་སྣར་ཐང་གི་དགེ་བཤེས་ཡིན་ཡང་མཆིང་རུ་པ་ལ་རྩོད་དུ་ཡོང་པས་མ་ཐུབ་པར་དད་དེ་རྒྱ་མཆིང་གི་སློབ་མར་གྱུར་ཏོ། །ལྡན་མ་གྲགས་རིན་ལྷོ་བྲག་པ་སོགས་བྱུང་ངོ༌། །ལོ་ཙཱ་བའི་སློབ་མ་ཞང་གཉིས་ཀྱི་སྐབས་སོ། །འབྲེ་ཤེས་རབ་འབར་གྱིས་ཉང་སྟོད་གནས་རྙིང་དུ་ཕར་ཕྱིན་བཤད།…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      འོག་ལ་བྱེད་པ་དང༌། མང་ཇ་རེ་ལ་ཇ་སིག་ཆེན་ལྔ་བཅུ་ཙམ་དགོས་པར་གྲགས། མཁན་པོ་བསོད་རིན། འགྲལ་ཤེས་རྒྱལ། གཙང་པ་ཇོ་ནམ་རྣམས་རིམ་པར་གདན་ས་མཛད། འདི་ཡན་དཔེ་ཐོག་ནས་འཆད་པ་ལ་འགྲལ་གྱིས་ཐོགས་ཐོག་ནས་བཤད་པས་ཆོས་བློ་འཆད་ཀྱི་སྔ་མར་གྲགས་སྟེ་དེ་ཕྱིན་གླིང་སྨད་པ་དང་འདྲེས་པ་ཡིན་ནོ། །འགྲལ་གྱི་སྐུ་ཚེའི་སྨད་ལ་ཤབ་འབྲེ་སྒང་དུ་བཤད་ག…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་བདུན་པ་བཀའ་རྒྱུད་སྤྱིའི་ཆོས་བྱུང་བཞུགས།(ན༡བ)
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      རྒྱལ་བས་བསྟན་པའི་ཆོས་ཀྱི་རྣམ་གྲངས་ཀུན། །མིང་ཚིག་དོན་སྤྱི་ཙམ་དུ་མ་ལུས་པར། །མངོན་སུམ་ཉིད་དུ་རྟོགས་པ་རྒྱུད་ལ་སྐྱེད། །ཚེ་འདིའི་ཆེད་དུ་སྦྱོར་དགྲོལ་དབང་དགུག་སོགས། །ཆོས་ལྟར་བཅོས་པ་ཐམས་ཅད་ཡོངས་སྤངས་སྟེ། །འཆི་ཆོས་སྙིང་ནས་བཟོད་མེད་དྲན་པ་དང༌། །སྲིད་དང་ཞི་བས་མི་འཕྲོགས་ངེས་འབྱུང་དང༌། །བདག་པས་གཞན་གཅེས་ཀུན་རྫོབ་བྱ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      སྙིང་བཀའ་རྒྱུད་རིན་པོ་ཆེ། །འདི་ནི་གྲུབ་ཆེན་ཀུན་གྱི་གཤེགས་བཤུལ་སྟེ། །ཁྱད་པར་འཁོར་ལོ་བདེ་མཆོག་མིར་བསྟན་པ། །རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཏེ་ལོ་པས། །བཀའ་བབས་བཞི་ཡི་ཆུ་བོ་གཅིག་དུ་བསྡུས། །རྡོ་རྗེ་འཆང་ལས་མངོན་སུམ་ཆོས་ཀུན་གསན། །རྡོ་རྗེ་ཕག་མོས་གསང་བའི་སྒོ་ཀུན་ཕྱེ། །རྒྱུད་རྣམས་ཀུན་གྱི་བདག་པོར་གྱུར་པ་དེས། །རྡོ་ར…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      ཅན། །ལུང་དང་མངོན་རྟོགས་བྱེ་བའི་ལོ་མདབ་རྒྱས། །སྐྱེད་དང་རྫོགས་པའི་མེ་ཏོག་རབ་བཀྲ་ཞིང༌། །བརྩོན་འགྲུས་དབང་གིས་འདི་དང་འཆི་སྲིད་དང༌། །བར་དོར་གྲོལ་བའི་འབྲས་བུ་བཟང་པོ་ཅན། །རྒྱལ་བསྟན་ཡོངས་རྫོགས་ཆོས་ཀྱི་ཡོངས་འདུ་ཆེ། །ཁམས་གསུམ་ཀུན་དུ་གཉིས་པ་མ་མཆིས་པ༌། །འདི་ལ་བསྟེན་ནས་བསྟན་པའི་ཡན་ལག་གི །འཁྲི་ཤིང་སྣ་ཚོགས་བརྟེན་ན…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      དེ་ཡང་རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ཧེ་རུ་ཀས་རྒྱུད་མཐའ་དག་གསུངས། སྡུད་པ་པོས་བསྡུས་སྟེ་ཨོ་ཌྱན་གྱི་ཡུལ་དྷརྨ་ཛག་ཏྲ་ཆོས་ཀྱི་ཕོ་བྲང་ན་གླེགས་བམ་གྱི་རྣམ་པར་བཞུགས་སོ། །དེ་ཡང་སྔགས་སར་མའི་གྲུབ་ཐོབ་ཐམས་ཅད་ཀྱི་མཆོག་དཔལ་ས་ར་ཧ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་སོ་དྲུག་ན་བྱོན་པར་རྗེ་རང་བྱུང་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      པར་ཆང་སྣ་མི་འདྲ་བ་བཞི་བྱིན་པ་ཅུང་ཟད་འཐུངས་པས་དགའ་བཞིའི་ཡེ་ཤེས་སྐྱེས། བྲམ་ཟེ་མོ་བཞི་རིགས་བཞི་མཁའ་འགྲོ་དངོས་སུ་གྱུར་སྟེ་དབང་བཞི་བསྐུར་ལ། རྡོ་རྗེ་མཁའ་འགྲོས་ཁྱོད་ཀྱི་བླ་མ་འདི་ན་གསུངས་པས་ན་མཁའ་ལ་ལྷ་སྲས་བདེ་བའི་མགོན་པོ་ཅེས་སམ་བློ་གྲོས་རིན་ཆེན་ཞེས་བྱ་བ་དེ་དང་དཔལ་རྟ་མགྲིན་བྱོན། ཕྱག་རྒྱ་ཆེན་པོ་ཅིག་ཅར་པའི་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      ནང་པར་འབོད་པ་ཅིག་འོང་གིས་དེར་མ་འགྲོ་ཞིག་ཟེར། གནངས་འབོད་པ་ལ་མ་ཕྱིན་པས་ཡང་བུ་མོ་དེ་བྱུང་ནས་ཁང་པ་ཤག་ཤིག་ན་ཤ་ཁྲག་ཟ་བའི་མི་མང་པོ་ཡོད་སར་ཁྲིད་སྟེ་ཕྱིན་ནས་ཤ་ཟོ་ཞིག་ཟེར་མ་ཟོས་པས་དེ་རྣམས་མི་སྣང་བར་གྱུར། བུ་མོ་ན་རེ་ད་གནངས་ནང་པར་ཁྱོད་ཀྱི་མདུན་བྱ་ངང་པ་ཚན་གཅིག་འོང་གིས་དེའི་ནང་ན་ཡི་དམ་འཕགས་པ་འཇམ་དཔལ་བཞུགས་ཡོད་ཀ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      པོ་བདུད་རྩིར་བསྒྱུར་བས་ཐུགས་རྒྱལ་ཆག་མཆོག་གི་དངོས་གྲུབ་ཐོབ་པ་དེས་ཨཱརྻ་དེ་ཝ་རྗེས་སུ་བཟུང༌། ཀླུ་སྒྲུབ་དབུ་སྦྱིན་པར་བཏང་ཚེ་འཇིག་རྟེན་དུ་ཉི་མ་ནུབ་བོ་ཅེས་ངུས་པས་ན་མཁའ་ནས་མཁའ་འགྲོས། ང་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །སོ་ན་ཞེས་པའི་གྲོང་ཁྱེར་ཆེན་པོ་རུ། །ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      རི་སྣ་དེ་ཆད་ནས་ཆུར་ལྷུང་ཡང་སློབ་དཔོན་ཏིང་ངེ་འཛིན་མ་སད་པ་ཉ་ཆེན་པོ་ཅིག་གིས་མིད། ཅི་ཞིག་ན་ཉ་དེ་ཉ་པ་རྣམས་ཀྱིས་ཟིན་ནས་བཤས་པས་སློབ་དཔོན་བྱུང་སྟེ་ཏིང་ངེ་འཛིན་ལས་སད། ཉའི་རྒྱུ་ལྟོ་གསོལ་བ་དང༌། ཉའི་ལྟོ་ནས་བྱུང་བ་གཉི་གའི་རྒྱུ་མཚན་གྱིས་ལཱུ་ཡི་པ་སྟེ་ཉ་རྒྱུ་པའམ་ཉ་ལྟོ་པ་ཅེས་གྲགས་སོ། །དེས་ལྷོ་ཕྱོགས་ཨོ་ཊེ་པི་ཤའི་ཡ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      ན་འཁོར་ཚོམ་བུ་དང་བཅས་པ་མཆོག་གི་དངོས་གྲུབ་འཐོབ་པར་གྱུར་རོ། །བློན་པོ་ལ་གྲོང་ཁྱེར་འདི་ཉིད་ཀྱི་ཆང་ཚོང་མ་འདི་ཞེས་བྱ་བའི་ཁོལ་པོ་གྱིས་ལ་རྟོགས་པ་འདི་སྐྱོངས་ཅིག་ལོ་བཅུ་གཉིས་ན་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་གསུངས། སློབ་དཔོན་འདིས་བདེ་མཆོག་གི་སྒྲུབ་ཐབས་མཛད་ཏོ། །རྒྱལ་པོས་ཀྱང་ཡོ་བྱད་རྣམས་མཆོད་ཡུལ་ལ་ཕུལ། ཕོངས་པ་ལ་བ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      བཀའ་དྲིན་རྙེད་པ་ལྷོའི་བཀའ་བབས་སོ། །ཌོམྦི་ཧེ་རུ་ཀ་ནི་ནུབ་ཕྱོགས་ཨོ་ཌྱན་གྱི་གྲོང་ཁྱེར་ཆེན་པོ་ཅིག་ན་བྲམ་ཟེའི་ཁྱེའུ་དད་པ་ཅན་རྩེད་མོའང་དཀོན་མཆོག་གི་ལས་ལས་མི་བྱེད་གཏམ་དུ་དཀོན་མཆོག་ལས་མི་སྨྲ་བ་གཉིས་ཡོད་པ། ཡུལ་ཆོས་ཀྱིས་དུས་བཟང་ལ་དུར་ཁྲོད་དང་ལྷ་ཁང་དུ་མཆོད་པ་བྱེད་དུ་འགྲོ་བས་ཚེས་བཅུའི་དུས་སྔགས་ཀྱི་ལྷ་ཁང་དུ་མཆོ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      ཟེར་ནས་བརྡེགས་པས་དེས་སློབ་དཔོན་ལ་རྫུ་འཕྲུལ་སྟོན་པར་ཞུས་སྟེ་ལྟ་སྟངས་ཀྱིས་མཆོད་རྟེན་རྣམས་མགོ་མཇུག་བསྒྱུར་ནས་བཞག །ནང་པར་ཁོང་རྣམས་མཆོད་རྟེན་ཞལ་སྲོར་འོངས་པ་ན་དེ་ལྟར་མཐོང་བས་ཁ་སང་གི་སྤྲང་མོ་དེ་བརྡུངས་པས་ལན། དེ་རྣལ་འབྱོར་པ་ཅིག་གི་ཆུང་མ་ཡིན། དུར་ཁྲོད་ན་འདུག་ཟེར་སྟེ་འོངས་པས་འཇག་ལྕིལ་གྱི་སྒོ་ན་མཎྜལ་བྱེད་ཅི…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
      རིན་ཅི་ཡོད་ཟེར། ཉི་གྲིབ་མཚམས་སུ་ཕུར་པ་བཏབ་ནས་འདི་མ་འདས་པར་འཇལ་ལོ་ཟེར་བས་ཆང་དྲངས་པས་ཆང་ཐམས་ཅད་ཟད། ད་དུང་ཉི་མ་མ་སོང་ཆང་འདོད་ཟེར་བས་ཆང་ཚོང་མ་ལྔ་བརྒྱའི་ཆང་བསྐྱིས་ནས་དྲངས། རྒྱལ་པོའི་ཆུ་ཚོད་སོགས་རྩིས་ཐམས་ཅད་འཕྱུགས། མི་ཐམས་ཅད་གཉིད་ཀྱིས་མྱོས་སྟེ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་རྣལ་འབྱོར་པས་ཉི་མ་བཟུང་བ་ཞིག་འདུག་ཟ…