Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      9374 results — page 384 of 469
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་ཁྲོས་མ་ནག་མོའི་སྒྲུབ་ཐབས་དབང་དང་བཅས་པ།
      བཞི་པ་དམ་ཚིག་གི་རྗེས་གནང་ནི། བདུད་རྩིའི་ཐོད་པ་གཏད་ནས་མྱོང་དུ་བཅུག་ལ། ཧཱུྃ༔ བུ་ཁྱོད་སློབ་དཔོན་མི་སྤང་ངོ་༔ རྡོ་རྗེ་ཕག་མོའི་དམ་ཚིག་ནི༔ འཇིག་རྟེན་དག་ལ་མ་ཆགས་པར༔ མི་ཕོད་པ་ལ་བརྫི་བར་གྱིས༔ བཅས་བསྲུང་རྟག་ཏུ་དྲན་པ་གྱིས༔ དེང་ཕྱིན་ཆད་ཕག་མོའི་དམ་ཚིག་བརྟུལ་ཞུགས་ཀྱི་སྤྱོད་པ་ལས་མི་འདའ་བར་གྱིས་ཤིག །ལྔ་པ་གཞན་དོན་གྱི…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་ཁྲོས་མ་ནག་མོའི་སྒྲུབ་ཐབས་དབང་དང་བཅས་པ།
      དྲིལ་བ་ཡིན་ནོ། །མི་འ༵གྱུར་ཟག་མེ༵ད་བདེ་བའི་དངོས། །སྟོང་ཉིད་རྡོ༵་རྗེ༵་ཁྲོས་མ་ལས། །འབྱུང་ཕྱིར་དེ་ཡི་མན་ངག་གི །སྙིང་པོའི་གནད་འདུས་འདི་ཁོ་ན། །ཉང་གཏེར་ཁྲོས་མ་ནག་མོའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      ཨོཾ་སྭསྟི། མཁྱེན་བརྩེའི་སྣང་བས་མི་ཤེས་མུན། །མཐར་མཛད་བློ་གཏེར་འཇམ་དཔལ་དབྱངས། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །རྗེས་གནང་བཅས་པ་མདོ་ཙམ་བཤད། །རྗེ་བཙུན་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་བྱེད་པའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      རྒྱས་པའི་རྩེར་པདྨ་དཀར་པོ་འདབ་མ་སྟོང་ལྡན་གེ་སར་དམར་སེར་དུ་ཡོད་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཨ་ཡིག་དཀར་པོ། དེ་ལས་འོད་འཕྲོས་སེམས་ཅན་རྣམས་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      མཚན་བརྗོད་དམ་མ་ཏིས་མཛད་པའི་བསྟོད་པ་ཡོངས་རྫོགས་ཀྱིས་བསྟོད། བསྡུ་ན། ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང་། །རྣམ་པ་མ་ལུས་ཆོས་ཅན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཞིང་། །བསྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པ་ཡིས། །བླ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      གཏོར་མ་འབུལ་ན། བསང་སྦྱང་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ་ཨ་ཀཱ་རོས་བྱིན་གྱིས་བརླབ། གཏོར་མགྲོན་སྤྱན་དྲངས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་གསུམ་མམ་བདུན་ལ་སོགས་པས་ཕུལ་ལ། མཆོད་བསྟོད་བྱ། རྗེ་བཙུ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      ཞོག་ལ་ཆོས་སྒོར་ཞུགས་ཤིག་གསུངས་པས། དེས་ན་རེ་བདག་རྒས་ཤིང་འཚོ་བ་ཡང་མེད་ཡི་གེ་ཡང་མི་ཤེས་པས་ཚེ་ཕྱི་མ་རྗེས་སུ་གཟུང་འཚལ་ཞུས་པས། དེར་སློབ་དཔོན་གྱིས་ཐབས་ཡོད་གསུངས་ནས་སྒྲུབ་ཐབས་འདི་སྦྱིན་ཏེ་སྒྲུབ་ཏུ་བསྩལ་བས་ཞག་ལྔ་ན་ཆོས་ཐམས་ཅད་རང་ཤེས་སུ་གྱུར་ཏེ་པཎྜིཏ་མ་ཏི་ཞེས་བྱ་བར་གྲགས་སོ། །དེར་སློབ་དཔོན་གྱིས་འཇམ་དཔལ་ཞི་ཁྲོའི…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      བ་འགའ་ཞིག་གིས་དགྲོང་དུ་འོངས་པས་གླང་པོ་དང་རྟ་དང་བུ་མོ་ལ་སོགས་གཟུགས་སྣ་ཚོགས་སུ་བསྒྱུར་བས་ངོ་མ་ཤེས་པར་ཕྱིར་ལྡོག་པ་ལས་སྣ་ཚོགས་གཟུགས་ཅན་ཞེས་གྲགས། སྐུ་ཚེའི་སྨད་ལ་ཨོ་རྒྱན་གྱི་ཡུལ་ལ་སོགས་པར་འགྲོ་བའི་དོན་མཛད། མཐར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་སོ། །དེ་ལྟ་བུའི་པཎྜི་ཏ་དེས་ནོར་བུ་གླིང་པ་ཆུང་བ་ལ་གསུངས། དེས་འབྱུང་གན…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      རྗེས་གནང་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། མདུན་བསྐྱེད་འཕགས་པའི་མཐའ་སྐོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་བསམས་ནས། ཁྱེད་རང་གི་སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ལ་གནོང་ཞིང་འགྱོད་པ་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས། འཁོར་འདས་ཀུན་གྱིས་དུས་གསུ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      པ་འམ། །ཅུང་ཟད་འདྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི། །གེགས་མེད་པར་ནི་མཐོང་བར་ཤོག །ཞེས་ཤྭ་ལོ་ཀ་གཅིག་ལན་གསུམ་བྱ། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་བ༴ ཞེས་བརྗོད་པས་ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་སོགས་བདག་བསྐྱེད་ལྟ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ། །ལན་གསུམ། ཡང་དམིགས་པ་འདི་བཞིན་དུ་མཛོད། བླ་མ་འཇམ་དཔལ་དབྱངས་སུ་གསལ་བའི་ཐུགས་ཀའི་འཁོར་ལོའི་སྟེང་ཨ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཀྱི་ཕྲེང་བ་བྱུང་བ་ཞལ་ནས་ཐོན་ཏེ་ཁྱེད་རང་འཇམ་དཔལ་དུ་གསལ་བའི་ཞལ་དུ་ཞུགས། སྙི…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      གནས་སྐབས་སུ་འཆད་རྩོད་རྩོམ་པའི་བྱ་བ་ལ་མཁས་པ་དང་། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་འཇམ་དཔལ་དབྱངས་ཀྱི་གསུང་འཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །མྱ་ངན་འདས་དང་འཁོར་མི་གནས། །འཇམ་དབྱ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      བཞི་པ་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ། དུས་འདི་ནས་ནི་གཟུང་ནས་སུ། །ཕྱི་མ་བྱང་ཆུབ་མ་འཐོབ་བར། །བཅོམ་ལྡན་འཇམ་དབྱངས་མགོན་གྱིས་ནི། །བདག་གི་བླ་མ་མཛད་དུ་གསོལ། །ཞེས་ལན་གསུམ། སློབ་མའི་ལག་ཏུ་མཚན་བརྗོད་ཀྱི་གླེགས་བམ་གཏད་ལ། འདི་ནི་འཇམ་པའི་དབྱངས་ཀྱི་རྒྱུད་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་ཚིག་ཉུང་ལ་…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      ཇི་ལྟར་སོགས་དང་། མཎྜལ། དེང་ནས་བརྩམ་སྟེ་སོགས་དང་། དགེ་བ་བསྔོ་བ་རྣམས་བྱ། རྗེས་མདུན་བསྐྱེད་ལ་མཆོད་བསྟོད། འདོད་གསོལ། ནོངས་བཤགས། མདུན་བསྐྱེད་ཀྱི་རྟེན་བརྟན་བཞུགས་དང་། སྨོན་ལམ་ཤིས་བརྗོད། ཡོ་བྱད་བསྡུ་བ་རྣམས་བྱའོ། །མི་འ༵གྱུར་དབྱིངས་ལས་ཐུགས་རྗེའི་མཐུ། །ཐོགས་མེ༵ད་འགྲོ་ལ་བློ་གྲོས་ཀྱི། །མཆོག་སྩོལ་འཇམ་པའི་རྡོ༵་རྗ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      ཨོཾ་སྭསྟི། རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་དངོས། །གཅིག་བསྡུས་འཇམ་པའི་རྡོ་རྗེ་དང་། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མར། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །དམ་པའི་ཐུགས་དམ་འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །ད…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      ལས། བདག་ཉིད་རྗེ་བཙུན་འཇམ་དབྱངས་སྐུ་མདོག་དམར་སེར་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་ཀྱི་བར་ནས་བྱུང་བའི་ཨུཏྤལའི་སྡོང་བུ། སྙན་གཡས་གཡོན་གྱི་ཐད་ཀར་ཁ་ཕྱེ་བའི་གཡས་ན་རལ་གྲི་དང་གཡོན་ན་གླེགས་བམ་ཅན། བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ་དབུ་སྐྲ་ཟུར་ཕུད་ལྔ་པའི་རྩེ་མོར་ནོར་བུས་སྤྲས་ཤིང་། ཞབས་གཉིས་རྒྱལ་པོ་ར…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      པས་དབུ་བརྒྱན། བཟླས་པའི་དམིགས་པ་ནི། ལྷ་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་གཞལ་ཡས་ཁང་བཅུད་འཇམ་དཔལ་དང་དབྱངས་ཅན་མར་གྱུར་པའི་རང་གི་ཐུགས་ཀའི་དྷཱིཿལས་འོད་ཟེར་འཕྲོས་སྣ་བུག་གཡས་ནས་ཐོན་ཡུམ་གྱི་སྣ་བུག་གཡོན་དུ་ཞུགས་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ལས་འོད་ཟེར་…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།
      བུ་བསྒྲུབ་སྟེ། དཀར་པོ།་་་སྤང་རྒྱན་གླ་རྩི་མཚལ་དཀར་གསུམ། །ཡུང་བ་ཙནྡན་ཨ་ཀ་རུ། །སྤང་སྤོས་དབང་ལག་ཤུ་དག་་་དཀར་པོ།གསུམ། །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར། །དཔའ་བོ་བཅུ་གཉིས་བསྡུས་ནས་ནི། །ཞིབ་པར་བཏགས་ལ་སྦྲང་རྩི་དང་། །བ་དམར་འོ་མས་རིལ་བུར་བྱ། །ཞེས་པ་ལྟར་བསྒྲུབས་ལ་རིན་པོ་ཆེའི་ལྷུང་བཟེད་དུ་བླུག །དར་དཀར་ལ་གུར་གུམ་དང་རྒྱ…