Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 47 of 500
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་དང་། མདོ་པདྨ་དཀར་པོ་ལས། དྲང་སྲོང་རྣམས་ཀྱི་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་ལས་གཉིས་སུ་ཡོད་མ་ཡིན། །བཀྲི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་དང་། ལང་གཤེགས་ལས། སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་གསོའི་དོན་དེ་དེ་ཉིད་མིན། །ཞེས་གསུངས་པ་བཞིན…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      པོས་རིམ་བཞིན་དགྲ་བཅོམ་པ་དང་། ནེ་ཙོའམ་བསེ་རུ་ལྟ་བུའི་རང་སངས་རྒྱས་དང་། བཅུ་གཅིག་ཀུན་ཏུ་འོད་ཀྱིས་མཐར་འདེགས་པས་ན་ཐེག་པ་དང་། གཉིས་པ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གསུམ་པོས་རིམ་བཞིན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་དང་། རིགས་བཞི་མཁའ་ལ་སྤྱོད་པའི་ས་དང་། རིགས་ལྔ་སྟུག་པོ་བཀོད་པའི་སར་འདེགས་པར་བྱེད་པས་ན་ཐེག་པ་དང་། གསུམ་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྒྲ་ཇི་བཞིན་པའི་མཐར་ཐུག་པར་བཞག་པ་ཡིན་ཏེ། དེར་མ་ཟད་ཉན་རང་ཐེག་པའི་མྱང་འདས་ནི་གནས་སྐབས་ཙམ་ལས་མཐར་ཐུག་མ་ཡིན་ཅིང་། དེས་རྣམ་པར་གྲོལ་བའི་མྱང་འདས་འཐོབ་པར་བྱེད་པ་ལ་རང་ལམ་གྱི་འབྲས་བུ་མངོན་དུ་བྱས་ནས་གདོད་ཐེག་ཆེན་ལ་འཇུག་དགོས་པའི་ཕྱིར་ཐེག་ཆེན་དུ་དོན་གྱིས་འདུ་ཞིང་། རྒྱུའི་ཐེག་ཆེན་དང་རྒྱུད་སྡེ་འོག་མ་གསུམ་དུ་འབྲས་བ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ལུགས་ལྟར་རྟོགས་པའི་སྟོབས་ཀྱིས་ཐོབ་པ་འཕགས་རྒྱུད་ཀྱིས་བསྡུས་པའི་ལམ་བདེན་ཟག་པ་མེད་པའི་ཡེ་ཤེས་ཏེ། ལམ་འོག་མས་མངོན་དུ་བྱ་རྒྱུ་རྣམ་གྲངས་མང་པོས་བསྟན་པའི་ཆོས་ཉིད་མ་ནོར་བ་འདིར་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར། ཐེག་པ་མ་ལུས་པ་ཐེག་པ་ཆེན་པོ་བླ་ན་མེད་པ་འདིར་འདུ་བ་ཡིན་པས་དེའི་ཕྱིར་འདི་ལ་ཡེ་ཤེས་ཀྱི་ཐེག་པ་ཞེས་བཤད་པ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      པར་ཐེག་པ་གཅིག་སྟེ་འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་དང་། ཡུམ་བར་མ་ལས། རབ་འབྱོར་ཐེག་པ་ནི་གཅིག་ཁོ་ན་སྟེ། བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པའོ། །ཞེས་དང་། ལང་ཀར་གཤེགས་པ་ལས། ཐེག་པ་གཅིག་ལས་གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྣ་ཚོགས་འགྲོ་བ་འདུལ་བར་མཛད་མ་གཏོགས། །ཞེས་པ་ལ་སོགས་སྐབས་འགར་ཐེག་པ་གཅིག་ཏུ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      རྣམ་གཞག་འགྲིགས་འགྲིགས་ལྟར་སྨྲ་བའང་ཡང་དག་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་མ་ཕྱོགས་པའི་རྟགས་སུ་ཤེས་པར་བྱ་ཞིང་། འདིར་རེ་ཞིག་ཐེག་པའི་རིམ་པ་དགུར་གྲངས་ངེས་པར་མཛད་པ་ལྟར་ན། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུ་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ ། ཞེས་གསུངས་པའི་རང་རང་གི་ལྟ་བ་ལ་ཕྱིན་ཅི་ལོག་དང་ཡང་དག་པ་གཉིས་སུ་དབྱེ་བའི་ཕྱི་མ་ནི། དེ་ཉིད་ལས། ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      བཅོས་རྣམ་དག་གི་མཚན་ཉིད། ཁྱད་ཆོས་བཞི་པོ་གང་རུང་དང་བྲལ་བ་དེ་བསྟན་བཅོས་ལྟར་སྣང་གི་མཚན་ཉིད་དོ། །ཁྱད་ཆོས་བཞི་ནི། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་ཚིག་དོན་རྟོགས་པའི་ཤེས་རབ་དང་གཞན་ལ་ཕན་འདོད་ཀྱི་སྙིང་རྗེས་ཀུན་ནས་བསླངས་པ་བསམ་པ་ཀུན་སློང་གི་ཁྱད་པར། སྡེབ་སྦྱོར་དག་པའི་ཚིག་འབྲེལ་ཆགས་པ་རྗོད་བྱེད་ཚིག་གི་ཁྱད་པ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ཡིན་ནོ། །གསུམ་པ་བསྟན་བཅོས་ཀྱི་དབྱེ་བ་ལ། བྱེད་ལས་མཆོག་དམན། དགོས་པ་བྱེད་ལས། རྩོམ་བྱེད་གང་ཟག ། ཇི་ལྟར་བརྩམས་ཚུལ། བཤད་བྱ་བཀའི། བརྗོད་བྱ་དོན་གྱི་སྒོ་ནས་དབྱེ་བ་དང་དྲུག་ལས…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      པ་དགོས་པ་བྱེད་ལས་ཀྱི་སྒོ་ནས་དབྱེ་བ་ལ། བཀའི་དོན་རྒྱ་ཆེན་པོ་སྡུད་པའི་བསྟན་བཅོས། འཁྲུགས་པ་གོ་རིམ་བསྡེབས་པའི་བསྟན་བཅོས། ཟབ་མོ་རྣམ་པར་འབྱེད་པའི་བསྟན་བཅོས་གསུམ་སྟེ། མཚན་གཞི་རིམ་བཞིན་མངོན་པ་ཀུན་ལས་བཏུས། འདུལ་བ་མདོ་རྩ་བ། རྒྱུད་བླ་མ་ལྟ་བུའོ། །གསུམ་པ་རྩོམ་བྱེད་གང་ཟག་གི་སྒོ་ནས་དབྱེ་བ་ལ་ལྔ་སྟེ། རྫོགས་པའི་སངས་རྒ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      དགོངས་འགྲེལ་གྱི་ཐོག་མ་ནི་བྱེ་བྲག་བཤད་མཛོད་ཡིན་ནོ་ཞེས་ཟེར། མདོ་སྡེ་པ་ལྟར་ན་མངོན་པ་སྡེ་བདུན་ནི་ཉན་ཐོས་སོ་སྐྱེ་དག་གིས་བྱས་ནས་སྟོན་པའི་གསུང་དགྲ་བཅོམ་པས་བསྡུས་པར་ཁ་འཕངས་པར་འདོད་པས་དགོངས་འགྲེལ་གྱི་ཐོག་མ་སྡེ་བདུན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་དོགས་པ་འདི་འདྲ་ཞིག་འཇུག་སྟེ། ཐེག་པ་ཆེན་པོ་ལ་མངོན་པའི་སྡེ་སྣོད་ལོགས་ན་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      འགྲེལ་བ་ཡིན་ན་དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པས་ན། དཔང་དུ་གྱུར་པའི་སྐྱེ་བོ་ངོས་འཛིན་རྒྱུ་མ་དམིགས་པའི་ཕྱིར་དང་། དགྲ་བཅོམ་པ་རྣམས་ཀྱིས་ཀྱང་དེ་ཉིད་མ་མཐོང་ན་ཉན་ཐོས་ཀྱི་ལུགས་ལ་དེ་ཉིད་མཐོང་བའི་གང་ཟག་མི་སྲིད་པར་ཐལ་བའི་ཕྱིར་སྙམ་དུ་སེམས་སོ། །ཡང་བྱང་སེམས་འཕགས་པས་གསུངས་པ་ལ་བསྟན་བཅོས་སུ་བྱས་པས་གསུམ་པ་ལ་གནས་པ་འཕགས་པ་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ལའང་བཞི་ལས། ཚིག་དོན་གཉིས་ཀ་ཞིབ་ཏུ་གཏན་ལ་འབེབས་པ་ནི་རྒྱ་ཆེར་འགྲེལ་ཏེ། སོ་ཐར་གྱི་མདོའི་འགྲེལ་པ་བམ་པོ་ལྔ་བཅུ་པ་དང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལྟ་བུ། ཚིག་གི་ཆ་སྤྲོས་པ་དང་བཅས་ནས་འཆད་པ་ནི་ཚིག་འགྲེལ་ཏེ། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་དང་། སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་ལྟ་བུ། གོ་དཀའ་བའི་གནས་རྣམ་པར་འབ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      གི་ཆ་འགྲེལ་པར་བྱེད་པ་བརྡ་སྤྲོད་པའི་བསྟན་བཅོས་ཀ་ཙན་ལྟ་བུ། དོན་གྱི་ཆ་འགྲེལ་བར་བྱེད་པ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལྟ་བུ། བྱེ་བྲག་སོ་སོའི་དགོངས་འགྲེལ་གྱི་བསྟན་བཅོས་ལ། ཆོས་འཁོར་དང་པོའི་དགོངས་འགྲེལ་ལའང་། ལྟ་བ། སྤྱོད་པ། ལྟ་སྤྱོད་ཟུང་འབྲེལ་དུ་གཏན་ལ་འབེབས་པའི་བསྟན་བཅོས་གསུམ་ལས། དང་པོ་མངོན་པ་མཛོད་ལྟ་བུ་སྟེ། ལུ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      འདུལ་བ་འདུལ་བྱེད་སོགས་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་རྣམས་ཇི་ལྟར་རིགས་པ་སྦྱར་ནས་འཆད་ཅིང་། མེ་ཏོག་ཕྲེང་རྒྱུད་ལྟ་བུ་ནི་རྣམ་འབྱེད་གཞིར་བྱས་པ་ལ་གཞན་རྣམས་ཅི་རིགས་པར་སྦྱར་ནས་འཆད་དོ། །གསུམ་པ་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་ནི་བྱེ་བྲག་བཤད་མཛོད་ཆེན་མོ་ལྟ་བུ་སྟེ། དེ་ལ་བྱེ་བྲག་ཏུ་བཤད་པའི་དོན་ནི་ཞིབ་མོར་བཤད་པའི་དོན་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཤེས་རབ། རིག་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག་སྟེ་བཞི། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པའི་རིགས་ཚོགས་ཞིབ་མོ་རྣམ་འཐག་བཅས་རིགས་ཚོགས་ལྔའམ། དེའི་སྟེང་དུ་དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་སྒྲུབ་པ་བསྣན་པས་རིགས་ཚོགས་དྲུག་ཅེས་ཡོངས་སུ་གྲགས་མོད། ཚིག་གསལ་གྱི་དགོ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      འབེབས་པའི་བསྟན་བཅོས་གསུམ་ལས། དང་པོ་ནི་རྒྱུད་བླ་མ་དང་འབྱེད་གཉིས་ལྟ་བུ་སྟེ། རྒྱུད་བླ་མར། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ། །ཞེས་པས་དཀོན་མཆོག་གསུམ་དང་། དེའི་རྒྱུ་ཁམས་བདེ་གཤེགས་སྙིང་པོ། འབྲས་བ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      པར་བྱེད་དོ། །དེ་བཞིན་དུ་སྡེ་སྣོད་བཞི་པ་རིག་པ་འཛིན་པའི་སྡེ་སྣོད་ལའང་། རྒྱུད་སྡེ་བཞིའམ་དྲུག་གི་དགོངས་པ་འགྲེལ་པར་བྱེད་པའི་བསྟན་བཅོས་རྣམས་ཏེ། དཔེར་མཚོན་ན། ལྟ་བ་སྟོན་པའི་བསྟན་བཅོས་སློབ་དཔོན་ཆེན་པོ་པདྨའི་ལྟ་ཕྲེང་དང་། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་སྣང་བ་བཅུ་བདུན་པ་ལྟ་བུ། སྤྱོད་པ་སྟོན་པའི་བསྟན་བཅོས་སྒེག་པ་རྡོ་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      གཞན་ཡང་བརྟག་པ་བརྒྱད་ནི། རིན་ཆེན་ས་གཞི་གོས་ལྗོན་ཤིང་། །རྟ་གླང་ཕོ་མོ་བརྟག་པའོ། །ཞེས་པ་ལྟར་དེ་དག་བརྟག་པའི་བསྟན་བཅོས་ལ་སོགས་པ་རྣམས་སོ། །གཉིས་པ་ཁྱད་པར་ཅན་ནི། རིག་པའི་གནས་དང་པོ་བཞི་གཙོ་བོར་གཏན་ལ་འབེབས་པའི་བསྟན་བཅོས་རྣམས་ཏེ། དྲིན་ལན་བསབ་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔར་མ་བསླབ་ན་ནམ་དུའ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      བྲག་ཏུ་ནད་མེད་པ་དོན་དུ་གཉེར་བ་རྣམས་རྗེས་སུ་འཛིན་པར་བྱེད་པ་བཟོ་དང་གསོ་བ་རིག་པ་གཉིས་སོ། །དེ་ལ་བཟོ་རིག་པའི་ནང་དུ་གཞན་གསུམ་འདུ་བས་ན་བཟོ་རིག་པ་ཐོག་མར་འཆད་པ་སྐབས་སུ་བབ་སྟེ། ཇི་ལྟར་འདུ་སྙམ་ན། ལུས་ངག་གཙོ་བོར་བྱེད་དང་མི་བྱེད་ལས། །ལུས་ངག་ཡིད་ཀྱི་བཟོ་ཞེས་གསུམ་དུ་དབྱེ། །ཞེས་གསུངས་པ་ལྟར། ཡིད་དང་འབྲེལ་བའི་ལུས་ཀྱི…