Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 49 of 500
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཚུལ་ཕྱོགས་གཅིག་ཡིན་ལ། དོན་ལ་གོང་དུ་བཤད་པ་ལྟར་ཐོག་མའི་མགོན་པོའི་ཐབས་ལ་མཁས་པའི་སྒྱུ་འཕྲུལ་ཙམ་ལས་ཐ་མི་དད་ཅིང་། གསང་སྔགས་ཀྱི་རྒྱུད་ཕལ་ཆེར་སྟོན་པའི་རྡོ་རྗེ་འཆང་དང་། སྙིང་ཐིག་ཡང་གསང་གི་རྡོ་རྗེའི་གནས་ཟབ་མོ་སྟོན་པ་ལ་ཀུན་ཏུ་བཟང་པོ་དང་། གཞན་དུ་དམ་པ་དང་པོའི་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ་སོགས་མཚན་གྱི་རྣམ་གྲངས་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་བཤད་པ་ལྟར། ཆོས་ཀྱི་སྐུ་ཆེན་པོ་ནང་གསལ་ཆོས་ཉིད་ཀྱི་ངང་དུ་བཞུགས་པ་དེ་ཉིད་མན་ཤེལ་གྱི་ནང་འོད་ཁ་དོག་ལྔ་ཉི་ཟེར་གྱི་རྐྱེན་གྱིས་གསལ་བ་ལྟར། རང་སྣང་གི་ཡུལ་ལ་ཕྱི་གསལ་མཆེད་པའི་ཡེ་ཤེས་ཀྱི་སྣང་ཆ་སྐུ་དང་ཞིང་ཁམས་ཚད་མེད་པ་ལ་ལོངས་སུ་སྤྱོད་པའི་གནས་སུ། སྤྲུལ་པའི་བཀོད་པ་རྣམ་པར་སྣང་མཛད…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      མི་ཁྱབ་པའི་གནས་སུ་ཤེས་པར་བྱ་སྟེ། གསང་བ་སྙིང་པོ་ལས། སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་གྱིས། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །ཅེས་དང་། ཕལ་པོ་ཆེ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་དག ། ཅེས་སོགས་གསུངས་པ་བཞིན་ནོ། །ཞིང་ཁམས་དེ་དག་ལ་མངའ་དབང་མཛད་པའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེའང་རང་བཞིན་བདུན་གྱ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      དང་། སེན་མོ་ཟངས་མདོག་སོགས་དཔེ་བྱད་བརྒྱད་ཅུ་རྣམས་ཏེ་ཐུན་མོང་གི་མཚན་དཔེ་རྣམས་དང་། སྟོན་པའི་ཐུགས་ཡེ་ཤེས་བཞིས་ཕྱེ་བའི་རྩལ་ལས་ཕྱིའི་མཚན་དཔེ། རྩ་འཁོར་རྣམས་དག་པའི་ཆ་ལས་ནང་གི་མཚན་དཔེ། ཁམས་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ཆ་ལས་གསང་བའི་མཚན་དཔེ་སྟེ། ལོངས་སྤྱོད་རྫོགས་པ་ཆེན་པོ་ལ་རྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་ར…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      གོས་དཀར་མོ། དམ་ཚིག་སྒྲོལ་མར་རང་བཞིན་གྱིས་རྣམ་པར་དག་པས་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཁ་སྦྱོར་དུ་བཞུགས་པ་ལས། དཀྱིལ་དང་། འཁོར་དང་། སོ་སོའི་ཚོམ་བུ་དང་། ཡབ་དང་། ཡུམ་དང་། སྐུ་མདོག་དང་། ཕྱག་མཚན། ཆགས་ཅན། ཆགས་བྲལ། དེ་བཞིན་གཤེགས་པ། གཤེགས་མ། སེམས་དཔའ། སེམས་མ། ཁྲོ་བོ། ཁྲོ་མོ་སོགས་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྙོམས་པར་འཇུག་པའི་གསང་བའི་ཡུལ་དབང་རྣམ་ཤེས་གསུམ་འདུས་ཀྱི་རེག་པ་དང་། རེག་བྱེད། རེག་བྱ། རེག་ཤེས་ཀྱིས་དགའ་བ་ཆེན་པོའི་རོ་ཉམས་སུ་མྱོང་བ་ཡང་མཐར་བྱེད་ཀྱི་ཁྲོ་བོ་ཆེན་པོ་བཞི་དང་། རྟག་ཆད་བདག་མཚན་བཞི་ཡང་ཁྲོ་མོ་ཆེན་མོ་བཞིའི་རང་བཞིན་དང་ལྡན་པ་སོགས་མཐའ་ཡས་པའི་འཁོར་གྱི་རྣམ་པ་རྣམས་ཀྱང་སྟོན་པ་ཉིད་ཀྱི་རོལ་པ་དཀྱིལ་དང་འཁ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཐམས་ཅད་ཀྱི་བྱ་བ་བྱེད་པ་སྟེ་ཡེ་ཤེས་ཀྱི་རྩལ་འགག་པ་མེད་པས་ཆོས་ཀྱི་དབྱིངས་མཐའ་ཀླས་པར་ཁྱབ་ཅིང་གདལ་བའི་ཕྱིར་ཏེ། སེང་གེ་རྩལ་རྫོགས་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གཟིགས། །ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད། །ཕྱོགས་བཅུ་གང་བར་སྤྱན་གྱིས་རྣམ་པར་གཟིགས། །ཞེས་དང་། དུས་ཀྱི་འཁོར་ལོ་ལས། ཐམས་ཅད་ནས་ནི་ཕྱག་དང་ཞབ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སུམ་ཚོགས་པ་དེ་རྣམས་ཀྱང་རང་སྣང་གཞིའི་འོད་གསལ་ཆེན་པོའི་སྣང་ཆ་དག་པ་རབ་འབྱམས་ཀྱི་འཁོརལོའི་སྣོད་བཅུད་དུ་ཤར་བ་རྨི་ལམ་དག་པ་དང་ཆོས་མཚུངས་པས། གང་གི་ཚེ་གཟུང་འཛིན་བག་ཆགས་ཆ་བཅས་རྣམ་པར་བྱང་བའི་གནས་སྐབས་དེར་སྣང་བ་ལས་ཕྱོགས་གཞན་ཤེད་དུ་རྡུལ་རྫས་རང་མཚན་དུ་གྲུབ་པ་ཞིག་ཡོད་པར་མི་བསམས་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      མེད་པ་ཇི་སྙེད་དུ་སྤྲུལ་པའི་ཟླ་གཟུགས་དེ་སྙེད་འཆར་བ་ཆོས་ཉིད་དེ། མ་ཕམ་པས། ཇི་ལྟར་བེེ་ཌྰུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་དང་། མདོ་ལས། རྒྱལ་བའི་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པར་ཐུགས་ཆུད…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      དཔེ་བྱད་རྒྱ་མཚོའི་བདག་ཉིད་ཅན་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་དཔག་ཏུ་མེད་པའི་སྐུས་ཆོས་རྣམས་འཇལ་ཞིང་སྟོན་པ་དང་། གདུལ་བྱའི་ཉོན་མོངས་པ་ལྔའི་གཉེན་པོར་ཆེ་བའི་ཞིང་ཁམས་ལྔ་དང་། སྐུ་ལྔ་དང་། ཆོས་ལྔ་དང་། ཡེ་ཤེས་ལྔ་ལ་སོགས་པས་བརྗོད་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཉིད། སྟོན་པ་ལོངས་སྤྱོད་རྫོགས་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཞེས་པ་ལ་སོགས་ཀྱིས་མི་ཡུལ་དུ་མཆོག་གི་སྤྲུལ་སྐུ་སངས་མ་རྒྱས་པའི་གོང་རོལ་དུ་འོག་མིན་དུ་འཚང་རྒྱ་བར་བཤད་པའི་ལུང་དོན་སྐབས་འདིར་སྦྱོར་བར་མཛད་དོ། །གཉིས་པ་འགྲོ་འདུལ་སྤྲུལ་པ་ནི། དེ་ཉིད་ཀྱི་ངང་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་ནི་འཇིག་རྟེན་གྱི་ཁམས་མ་ལུས་པར་གདུལ་བྱའི་ཚོགས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ཐབས་ལམ་མཁས་པ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      དེ་རེ་རེ་ལའང་གདུལ་བྱ་རིགས་དྲུག་སོ་སོའི་དབང་ཤེས་ལ་རང་རང་གི་རིགས་དང་མཐུན་པའི་འདུལ་བྱེད་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྤྲུལ་ནས་དོན་མཛད་པ་སྟེ། གླང་པོའི་རྩལ་ལྟ་བུའི་མདོ་ལས། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོས་པདྨོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སེམས་ཅན་དམྱལ་བའི་གནས་ཡོངས་སུ་བཟུང་བའང…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      བྱོལ་སོང་སེང་གེ་ཉིད་དུ་སྨྲ། །དམྱལ་བ་ལས་ཀྱི་གཤིན་རྗེ་མགོན། །ཞེས་སོ། །དེ་ལྟར་གནས་རིགས་དྲུག་པོ་ནི་གོང་དུ་བཤད་པའི་ཡེ་ཤེས་གངས་ཆེན་མཚོའི་ཞིང་ཁམས་རྡུལ་སྙེད་ཀྱི་དབུས་ཀྱི་ཕྱག་མཐིལ་པདྨའི་སྙིང་པོ་ལ་གནས་པའི་འཇིག་རྟེན་གྱི་ཁམས་རྒྱུད་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པའི་བཅུ་གསུམ་པ་མི་མཇེད་འཇིག་རྟེན་གྱི་ཁམས་དེ་ཉིད་དེ། དེ་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྙིང་པོའི་འགྲེལ་ཆུང་ལས། སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག ། སྤྲུལ་སྐུ་གཅིག་གི་ཞིང་དུ་གྲགས། །ཞེས་གསུངས་པ་ལྟར། རླུང་དཀྱིལ་ནས་འོག་མིན་གྱི་བར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཏེ། དེ་སྟོང་ཕྲག་གཅིག་ཏུ་བགྲངས་པ་ཁོར་ཡུག་གཅིག་གིས་བསྐོར་བ་སྟོང་དང་པོ་དང་། དེ་འདྲ་བ་སྟོང་ལ་སྟོང་བར་མ་སྟེ་མུ་ཁྱུད་གཉིས་པས་བསྐོར་བ་དང་། སྟོ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྟོན་པ་སྤྲུལ་པའི་སྐུའི་མཛད་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་གྲངས་སོགས་མཐའ་གཅིག་ཏུ་ངེས་བཟུང་བྱར་མེད་ཅིང་ཐེག་ཆེན་གྱི་མདོ་སྡེ་རྣམ་སུའང་མང་ཉུང་ཅི་རིགས་འབྱུང་བ་འགལ་བར་མི་འདུ་ལ། འདིར་གཙོ་ཆེ་བ་དག་བསྡུ་བས། སྐུ་བལྟམས་པ། རབ་ཏུ་བྱུང་བ། དཀའ་ཐུབ་མཛད་པ། བདུད་བཏུལ་བ། སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ། ཆ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཤེས་དྲུག་པོ་ནི་ཐུགས་ཀྱི་རྗེས་སུ་འགྲོ་ཞིང་། ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང་དབང་བསྒྱུར་བའི་ཕྱིར་ཐུགས་མངོན་སུམ་པས་འདུལ་བའོ། །གསུམ་པ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་དོན་མཛ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་པ་ནི་གསུང་གི་གསང་བ། ཟག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱིས་གདུལ་བྱའི་བློ་རྒྱུད་ཇི་ལྟར་བར་མཁྱེན་པའི་ཚུལ་གྱིས་ཀུན་ཏུ་མཐུན་པར་འཇུག་པ་ཐུགས་ཀྱི་གསང་བ་སྟེ། དེ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      གང་ཕན་པ་ཆེན་པོའི་གཞིར་གྱུར་ཏོ་ཅོག་རྣམས་ཏེ། འདི་ལྟར་རང་བཞིན་དང་འདུ་བྱེད་ལས་བྱུང་བའི་གཟུགས་ཀྱི་སྐུ་དང་། ཁང་བཟང་། སྐྱེད་མོས་ཚལ། གནྔྷོལ། མྱ་ངམ་གྱི་ཐང་ལ་གྲོང་ཁྱེར་དུ་སྤྲུལ་པ་དང་། དཔག་བསམ་གྱི་ཤིང་། ཡིད་བཞིན་ནོར་བུ། གྲུ་གཟིངས། ཟམ་པ། ཤིང་རྟ། ཟས་གོས། སྨན་སོགས་བེམ་པོའི་དངོས་པོ་དང་། མུ་གེའི་ཚེ་ཉ་བོ་ཆེ། ནད་ཀྱིས…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྟོན་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །བྱེ་བྲག་རྫོགས་ཆེན་ཐུན་མོང་མིན་པའི་སྤྲུལ་པའི་སྐུའི་འཆད་ཚུལ་ཕྱོགས་གཅིག་ལ། ལོངས་སྤྱོད་རྫོགས་པའི་སྣང་ཆ་དེ་ཉིད་ལས་གནས་རིས་བཅུ་གཉིས་སུ་སྤྲུལ་པའི་སྐུ་སྟོན་པ་བཅུ་གཉིས་སྤྲུལ་པ་དེ་དང་དུས་མཚུངས་པར་སྐུ་གསུང་ཐུགས་ཀྱིས་སྤྲུལ་པའི་བསྟན་པ་ཆེན་པོ་གསུམ་དུ་སྣང་བས་འགྲོ་བའི…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བསྟན་པ་འཕེལ་བར་བྱེད་པའི་རྟེན་ཡིན་ལ་མཐོང་ཐོས་རེག་པས་རྡོས་བཅས་རང་དེངས་སུ་འགྲོ་བའི་ཕྲིན་ལས་ཀྱི་བདག་ཉིད་ཅན་ཞིག་གོ། །དེ་ཡང་རྟག་པ་རྒྱུན་གྱི་འཁོར་ལོའི་རང་བཞིན་ཅན་ཏེ་གང་དུ་བཞུགས་པའི་གནས་ནི་སྐུ་གསུང་ཐུགས་ཀྱི་བསྟན་པས་འདུལ་བའི་དུས་ཀྱི་དབང་གིས་གནས་སོ་སོར་བཞུགས་ཤིང་། རྡོ་རྗེ་ནི། སྐུའི་…