Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      10000 results — page 48 of 500
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      མཆོག་རྒྱལ་བ་མཆོད་པའི་བསྟོད་དབྱངས་ལ་སོགས་པ་དང་། ཡིད་བཟོ་མཆོག་ཐོས་བསམ་སྒོམ་པ་ལ་སོགས་པ་བསམ་བྱུང་གི་ཤེས་རིག་ཁྱད་པར་ཅན་རྣམས་ཡིན་ཅིང་། དེ་དག་སྟོན་པའི་གཞུང་ལུགས་ཤཱ་རིའི་བུས་ཞུས་པའི་མདོ་དང་། དུས་འཁོར། སྡོམ་འབྱུང་སོགས་གསུང་རབ་འགྲེལ་པར་བཅས་པ་དང་། དྲང་སྲོང་ཨེ་ཏྲའི་བུས་བྱས་པའི་ཆག་ཚད་ཀྱི་ཡི་གེ་དང་གསེར་འགྱུར་ལ་སོ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཡང་རིག་གནས་གསུམ་པ་སྒྲ་རིག་པ་ནི། པཱ་ཎི་པའི་འགྲེལ་པར་བཤད་པ་ལྟར་འཕགས་ཡུལ་དུ་གྲགས་པ་སྒྲ་མདོ་ཆེན་པོ་བརྒྱད་དམ། ཁྱད་པར་བོད་འདིར་ཉི་ཟླ་ལྟ་བུར་གྲགས་པ་ཀཱ་ལ་པ་དང་ཙ་ནྜ་བྱཱ་ཀ་ར་ཎའི་བསྟན་བཅོས་མན་ངག་དང་བཅས་པ་ལྟ་བུ་སྟེ། དེའི་བརྗོད་བྱ་ཐུན་མོང་ནི། སྨྲ་བ་རྒྱན་གྱི་མེ་ཏོག་ལས། ངོ་བོ་ཙམ་དང་ཁྱད་པར་སྟོན། །དེ་གཉིས་རྟེན་དུ་གྱ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཚིག་ཏུ་སྒྲུབ་པ་སྟེ་རྐྱེན་བདུན་དང་། དེ་ལས་ཀྱང་གཉིས་པ་དང་བདུན་པ་གཉིས་ནི་རྐྱེན་དང་རྣམ་དབྱེའི་གཞི་མཐུན་ཏེ། གཉིས་པ་ཏི་སོགས་ཀྱི་བྱིངས་ཚིག་ཏུ་སྒྲུབ་པའི་སྒོ་ནས་དུས་དང་དོན་རྣམ་པར་འབྱེད་པར་བྱེད་པའི་ཕྱིར། རང་བཞིན་དང་རྐྱེན་ནམ་ཡི་གེ་ཕན་ཚུན་འབྲེལ་བའི་དབང་གིས་བསྒྱུར་བ་དང་དབྱི་བ་སོགས་ནི་རྣམ་འགྱུར་ཏེ། དཔང་ལོ་ཆེན་པོས…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཤེས་པ། །ཞེས་པས། ཚད་མའི་མཚན་ཉིད་རང་གི་འཇུག་ཡུལ་ལ་གསར་དུ་མི་བསླུ་བའི་རིག་པ་ཞེས་འབྱུང་བས། བྲེ་ཚད་སྲང་ཚད་ལྟར་འཇལ་བྱེད་ཚད་མ་ཞིག་ལ་འཇོག ། གཞལ་བྱ་ལ་གསུམ་སྟེ། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་རོ། །དེ་དག་འཇལ་བྱེད་ནི། གཞལ་བྱ་མངོན་གྱུར་འཇལ་བྱེད་ལ་མངོན་སུམ་གསུམ་སྟེ། དབང་པོའི་མངོན་སུམ། རང་རིག་མངོན་གསུམ། རྣ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ལག་ལྟ་བུའི་བསྟན་བཅོས་བཞི་ནི། རང་དོན་རྗེས་དཔག་ལས་འཕྲོས་པ་གཏན་ཚིགས་ཐིག་པ་དང་། འབྲེལ་རྟག་པ། གཞན་དོན་རྗེས་དཔག་ལས་འཕྲོས་པ་རྒྱུད་གཞན་གྲུབ་པ་དང་། རྩོད་པའི་རིག་པ་སྟེ་བཞིའོ། །དེ་ཡང་མཁས་མཆོག་ལ་ལ་དག་ཚད་མའི་བསྟན་བཅོས་རྣམས་མངོན་པའི་སྡེ་སྣོད་ཡིན་པས་ནང་རིག་པའི་བསྟན་བཅོས་ཡིན་ཞེས་གསུངས་པ་ཡོད་ནའང་མི་འཐད་པ་འདྲ་སྟེ། ཚད…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      རླུང་ལྟར་སྒྲོགས། །ཞེས་འབྱུང་བ་ལྟར་ལྔ་ལས། སྐར་རྩིས་ནི། གང་ལ་ལོངས་སྤྱོད་པའི་གཞི་ཡུལ་གྱི་དབང་དུ་བྱས་ཏེ་སྐར་ཁྱིམ་གྱི་གོ་ལ་དང་། དུས་ཀྱི་དབང་དུ་བྱས་ཏེ་ལོ་ཟླ་ཞག་གསུམ་དུས་ཚོད་དང་བཅས་པ། གང་གི་ལོངས་སྤྱོད་པར་བྱེད་པ་པོ་གཟའ་བཅུ། དེས་ཇི་ལྟར་སྤྱོད་ཚུལ་བརྟག་པའི་ལོངས་སྤྱོད་དང་། རྐང་པའི་ལོངས་སྤྱོད་དག་པར་བྱེད་པའི་ཆོ་ག…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྐོར་མགོ་ལ། བརྩི་བྱེད་རང་བཞིན་གཞིའི་གཙུག་ལག་དང་། འབྱུང་བ་རང་རྒྱུད། སྣང་བ་ཡུལ། སྤྱོད་བྱེད་ཡིད། འཛིན་པ་སེམས་ཀྱི་གབ་རྩེ་བཞིས་བསྡུས་པའི་མ་རིག་འཁྲུལ་སྣང་གི་གཙུག་ལག་གཉིས་ཀྱི་སྒོ་ནས། བརྩི་ཐབས་ལ། ཁམས་ལོ་སྨེ་བ་སྤར་ཁ་དང་། །ཟླ་ཞག་དུས་ཚོད་གཟའ་སྐར་རོ། །ཞེས་དོན་རྣམ་པ་དགུར་བསྡུས་ཏེ་འཆད་པའི་བསྟན་བཅོས་རྒྱུད་དུ་གྲགས་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ལམ་རྣམ་པར་དབྱེ་བ་ཐུན་མོང་མ་ཡིན་པའི་རྒྱན་དང་། ཐུན་མོང་གི་རྒྱན་གཉིས་ལས། ཐུན་མོང་ལའང་། རང་བཞིན་བརྗོད་པ་དང། དཔེ་གཟུགས་སོགས་དོན་རྒྱན་སུམ་ཅུ་སོ་ལྔ་དང་། ཟུང་ལྡན་བྱ་དཀའི་ཁྱད་པར་དང་། །དབྱངས་སོགས་ངེས་པའི་བྱ་དཀའ་ལ། །རྣམ་གྲངས་དབྱེ་བ་དུ་མ་ཡོད། །ཅེས་པ་ལྟར་སྒྲ་རྒྱན་དང་། གབ་ཚིག་གི་རྒྱན་བཅུ་དྲུག་རྣམས་སོ། །སྡེབ་སྦྱོར…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྣང་ཞིང་། རིན་ཆེན་འབྱུང་གནས་སུ་གསུངས་པ་ནི་ཚིགས་བཅད་ཁོ་ནའི་སྡེབ་སྦྱོར་གྱི་དབང་དུ་མཛད་པའོ་ཞེས་ཀྱང་འཆད་དགོས་པར་མངོན་ན། །དེའི་དབང་དུ་བྱས་ན་སྡེབ་སྦྱོར་གང་ལ་བྱ་བའི་གཞི་ཚིགས་སུ་བཅད་པ་སྟེ། དབྱེ་ན་པྲྀཏྟ་དང་། ཛཱ་ཏི་གཉིས་སོ། །དེ་ལྟར་ཡང་། ཚིགས་བཅད་རྐང་བཞི་དེ་ཡང་ནི། །པྲྀཏྟ་ཛཱ་ཏི་རྣམ་གཉིས་དབྱེ། །ཡི་གེ་བགྲང་བ་པྲྀཏ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཟློས་གར་གྱི་བསྟན་བཅོས་ནི། བྷ་ར་ཏ་དང་ཀླུ་ཀུན་ཏུ་དགའ་བ་ལྟ་བུ་སྟེ། དེའི་དོན་ནི་ཚིགས་བཅད་ལྷུག་སྤེལ་མར་ཡོད་པ་གང་ཞིག ། སྐད་རིགས་བཞི་བསྲེས་པའི་སྒོ་ནས་སྟོན་པའོ། །དེ་ཡང་མཚམས་སྦྱོར་གྱི་ཡན་ལག་སྒོ་ལ་སོགས་པ་ལྔ་དང་། ཚིག་ལྡན་སོགས་བཞི་ལ། རབ་ཏུ་སྣང་བྱེད་སོགས་བཅུ་དྲུག་ཏུ་ཕྱེ་བ་འཇུག་པའི་ཡན་ལག་ཅན་དབྱངས་བདུན་ལ་སོགས་པ་རྣ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      གནས་ལྔ་ལ་མཁས་ཤིང་བླ་མ་བརྒྱུད་པའི་མན་ངག་ཡོད་པ་སྟེ་སློབ་དཔོན་དཔལ་སྦས་དང་ཤཱཀྱ་བློ་གྲོས་ལྟ་བུའོ། །དེ་ཡང་བརྒྱུད་པའི་མན་ངག་ཡོད་པ་ནི། རྣམ་བཤད་རིག་པ་ལས། མདོ་རྣམས་འཆད་འདོད་དེ་དག་ལ། །ངས་ནི་མན་ངག་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་སྡུད་པའི་དོན་བཅས་དང་། །ཚིག་དོན་བཅས་དང་བརྒལ་ལན་བཅས། །མཚམས་སྦྱོར་བསྙད་དེ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཟབ་མོ་དེ་ཉིད་གང་ལས་བྱུང་བའི་གཞི་རྒྱལ་བ་སྐུ་གསུམ་གྱི་སྟོན་པའི་རྣམ་གཞག་བསྟན་པ་ལ་བཞི་སྟེ། གདོད་མའི་མགོན་པོ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་ཚུལ། དེའི་རྣམ་འཕྲུལ་རྡོ་རྗེ་འཆང་གིས་ཞིང་འདིར་ཞི་བ་བརྙེས་ཚུལ། དེ་ལས་གཟུགས་སྐུ་གཉིས་ཀྱི་སྤྲུལ་པ་སྣང་ཚུལ། རྒྱུ་འབྲས་ཐེག་པའི་སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་དབྱེ་བའོ། །དང་པོ་ནི། …
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྙིང་པོ་ཡེ་ཤེས་རླུང་ངོ་བོ་ཉིད་ཀྱི་སྐུ་སོགས་གདུལ་བྱ་དབང་པོ་རྣོ་རྟུལ་དང་ལམ་པའི་རྣལ་འབྱོར་པའི་མོས་པའི་དབང་གིས་དེ་ལྟར་བསྟན་པ་ཙམ་དུ་ཟད་ལ། འདིར་ཐེག་མཆོག་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོ་ཐུན་མོང་མ་ཡིན་པའི་ལུང་ལྟར་འཆད་ན། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་གང་དུའང་དབྱེར་མི་འབྱེད་པ་ཀུན་གྱི་སྔོན་རོལ་དུ་སྲིད་ཞི་ཡོ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      དང་བཅས་པ་རང་ངོ་ལ་ཡོངས་སུ་དག་པས་སྤང་བ་ཆེན་པོ། ཤེས་དང་ཤེས་བྱ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོས་སྲིད་ཞི་རིས་སུ་མ་ཆད་པ་ཀུན་ཁྱབ་ཏུ་གཟིགས་པས་རྟོགས་པ་ཆེན་པོ། དེ་དག་གི་མཐུས་འགྲོ་བ་ཐམས་ཅད་ཀྱི་དོན་དམིགས་པ་མེད་པར་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་པ་ནི་སེམས་ཆེན་པོ་སྟེ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      འཕགས་པའི་ཚུལ་ཁྲིམས་ཀྱི་དྲི་སྣོམ་པ་དང་། ཆོས་ཀྱི་རོ་མྱོང་བ་དང་། ཏིང་ངེ་འཛིན་བདེ་བའི་རེག་བྱ་སྣང་བ་དང་། རྟོག་དཔྱོད་ཀྱི་ཤེས་རབ་ཀྱིས་ཆོས་ལ་འཇལ་བ་སོགས་ཀྱི་གཞིའམ་རྒྱུར་གྱུར་པའི་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཕྲ་བའི་རང་བཞིན་ནང་གསལ་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཆེན་པོར་ཤེལ་འོད་ནང་དུ་བསྡུས་པའི་ཚུལ་ཅན་དུ་བཞུགས་སོ། །དེའ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཕྱག་རྒྱའི་གནས་རྣམས་དང་། བ་སྤུའི་ཁུང་བུ་རེ་རེ་ལའང་འབྱུང་བ་བཞིའི་རྡུལ་ཕྲ་རབ་ཇི་སྙེད་པའི་གོ་ཐམས་ཅད་ན་ཞིང་ཁམས་ཆེན་པོ་དབྱིབས་དང་ཚད་དང་ཐོག་མཐའ་ལ་སོགས་པར་བརྗོད་པའི་ཡུལ་ཐམས་ཅད་ལས་འདས་པ་ཁོ་ནས་རྒྱས་པར་གཏམས་ཤིང་། དེ་དག་ཀྱང་རྣམ་པ་ཐ་དད་པ་སྟེ། ཕན་ཚུན་འདྲེས་པ་དང་། རྣམ་པ་གཞན་དུ་སྐྱེ་ཞིང་འགྱུར་བ་དང། འཕོ་ཞིང་ལྟུང་བ་ད…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      བྱ་ལ། དེ་དག་རྣམས་སུ་གདོད་མའི་མགོན་པོ་ཉིད་ཀྱི་སྤྲུལ་པའི་སངས་རྒྱས་རྒྱ་མཚོ་དུས་གསུམ་དུ་བྱོན་པ་རྣམས་དང་། སེམས་ཅན་གྱི་ཁམས་རྒྱ་མཚོ་ཡང་ཡོད་དེ་འབྱུང་བ་བཞི་དང་ནམ་མཁས་ཁྱབ་ཚད་ཐམས་ཅད་ཚངས་ཆེན་བསྐལ་པ་འདིའི་ཁོངས་སུ་འདུ་ལ། དེར་མ་དག་པའི་སེམས་ཅན་རྣམས་འཆི་འཕོ་བ་དང་། སྐྱེ་ཞིང་འབྱུང་བ་དང་། སངས་རྒྱས་རྣམས་མྱ་ངན་ལས་འདའ་བ་ད…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཡས་པས། །བྱིན་རླབས་རྣམ་འཕྲུལ་དེ་དག་འདི་ལྟ་བུ། །ཞིང་ཁམས་རྒྱ་མཚོར་བསྟན་པ་མཐའ་དབུས་མེད། །རྣམ་པར་སྣང་མཛད་ཆོས་ཀྱིས་ཡོངས་སུ་སྦྱངས། །བྱང་ཆུབ་སེམས་ནི་ཀུན་གྱི་བསམ་པ་བཞིན། །སྨོན་ལམ་རྒྱ་མཚོ་བསམ་ཡས་རྣམས་སྦྱངས་ཤིང་། །སེམས་ཅན་ལས་རྣམས་རྒྱ་མཚོ་བསམ་ཡས་པས། །ཕྱོགས་ཀུན་ཞིང་རྣམས་རྒྱ་མཚོ་ཐམས་ཅད་འབྱུང་། །བྱང་ཆུབ་སེམས་དཔའ་ཀ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      སྣང་ཡིན་ཏེ་ཆོས་ཀྱི་དབྱིངས་ལ་ཀུན་རྫོབ་པ་རྣམས་གདོད་ནས་གྲུབ་མ་མྱོང་བའི་ཕྱིར་རོ། །གཉིས་པ་དེ་ལས་ཞིང་འདིར་རྡོ་རྗེ་འཆང་གིས་སངས་རྒྱས་བརྙེས་ཚུལ་ནི། ཞིང་འདིའི་གདུལ་བྱའི་དོན་དུ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཐབས་ལ་མཁས་པའི་རྣམ་འཕྲུལ་ཆེན་པོས་སོ་སྐྱེ་རང་ག་མས་སེམས་བསྐྱེད་པ་ལྟར་བསྟན་ནས་སངས་རྒྱས་པའི་ཚུལ་དང་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      པ་ཞེས་བྱ་བར། ཐོག་མའི་མགོན་པོའི་རྣམ་པར་འཕྲུལ་པས་སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་གཅིག་ཕུལ་ནས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། དེ་ནས་སྐྱེ་བ་གཉིས་ནས་ཁྱིམ་བདག་ལེགས་སྦྱིན་གྱི་སྲས་ནོར་བུའི་ཕྲེང་བ་ཞེས་པར་གྱུར་ནས་སངས་རྒྱས་འཁོར་ལོ་ལེགས་པར་སྤྱོད་པའི་དྲུང་དུ་ཆོས་མཉན། དེ་ནས་གློག་གི་འོད་ཅེས་བྱ་…