Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      10000 results — page 494 of 500
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།
      སྙིང་མགྲིན་སྤྱི་བོ་རྣམས་སུ་རེག་སྟེ།] ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མཱ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ་[གིས་ཕྱག་བྱ།] ཁྱོད་ཉིད་རྣལ་འབྱོར་གྲོང་ཞུགས་ནས། །རྣལ་འབྱོར་མ་ཡི་ཡེ་ཤེས་ནི། །གང་ཡིན་ཁྱོད་ལས་སྦྱིན་བྱེད་ན། །དེ་བདག་རྡོ་རྗེ་སློབ་དཔོན་གྱི། །དམ་ཚིག་གང་ཡིན་ཁྱོད་ཀྱིས་སྲུངས། །བཛྲ་ས་མ་ཡ་ཧཱུྃ་[གིས་རྡོ་རྗེ་སྙིང་གར་རེག །…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།
      ཏིཥྛ་བཛྲ་ས་བརྟན། །ཨོཾ་པཱུཥྤེ་པྲ་ཏཱིཙྪ་ཧོཿ[ས་མེ་ཏོག་དོར་ཞིང་།] ཨོཾ་པྲ་ཏི་གྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཨོཾ་[གྱིས་མགོ་བོར་འཆིང་།] ཨོཾ་ཛྙཱ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ་[ཀྱིས་གདོང་གཡོགས་བཀྲོལ་ཚུལ་བྱ། ཡེ་ཤེས་མཁའ་འགྲོའི་ཕྱི་དང་ནང་དང་སྙིང་པོའི་དཀྱིལ་འཁོར་རྣམས་མཐོང་བར་གྱུར། དེ་ནས་དངོས་གཞིའི་སླད་དུ་མཎྜལ་ཕུལ།] དཔའ་བོ་དཔ…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།
      དཔས་དབུ་བརྒྱན་གྱུར། །ཛཿཧཱུྃ་བྃ་ཧོཿ[ས་དབང་ལྷ་རང་ལ་བསྟིམ།] དེ་ལྟར་ན་བྲིས་པའི་མཚན་མ་སྤྲུལ་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་སྨིན་པར་བྱས། བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་བྱས་པའོ། །[གསང་དབང་ནི།] བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་རང་འོད་ཀྱི་ཡབ་དང་སྙོམས་པར…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།
      པར་བསྐུལ་བར་གྱུར། [མེ་ལོང་བླངས་ལ།] ཧཱུྃ༔ བདེ་བ་ཆེན་པོའི་ཡེ་ཤེས་ནི༔ དགའ་བ་བཞི་ལ་ཡང་དག་བསྟེན༔ ཟུང་འཇུག་མཉམ་པར་སྦྱོར་བ་ཡིས༔ ཡིད་ཐིག་ཆོས་སྐུར་གྲོལ་གྱུར་ཅིག༔ [སྙིང་པོ་དང་།] ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [སྲིན་ལག་གིས་སིནྡྷུ་སྙིང་གར་བྱུགས།] དེ་ལྟར་ན་སིནྡྷུ་ར་རྡོ་རྗེ་ཡེ་ཤེས་ཆོས་སྐུའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།
      སློབ་མ་རྗེས་སུ་བཟུང་ན་སྔ་འགྱུར་སྤྱིའི་བཞེད་སྲོལ་ལྟར་དོན་དབང་གི་སྨིན་བྱེད་དུའང་འགྱུར་བས་མཚམས་སྦྱོར་ཇི་ལྟར་རིགས་པ་དང་བཅས་འདི་ཁོ་ན་ལྟར་བསྒྲུབས་པས་ཆོག་ཅིང་སྤྲོ་ན་དབང་བཞི་པའི་མཐར་ཚེ་དབང་བཅས་བསྐུར་ན་སྐབས་སུ་བབ་ཅིང་ལེགས་པར་འགྱུར་རོ། །ཞེས་པའང་གཞན་ལ་དབང་བསྐུར་བའི་སྔོན་དང་མར་ངོའི་དུས་མཆོད་སོགས་ཀྱི་ཚེ་རང་ཉིད་ལ…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      ༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ་ཞེས་བྱ་བ་བཞུགས་སོ། །
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      ༄༅། །ཨོཾ་སྭསྟི། གང་གི་དྲིན་གྱིས་སྲིད་ཞིའི་འཇི༵གས། །རྣམ་འཕྲོག་སྤྲོས་བྲ༵ལ་ཡེ༵་ཤེ༵ས་བྱིན། །སྟེར་མཛད་རྡོ་རྗེ་ཅན་ཞབས་པད། །བསྙེན་ནས་སྔོན་འགྲོའི་ཁྲིགས་འདིར་སྤེལ། །[དེ་ཡང་སྐལ་བ་དང་ལྡན་པའི་གང་ཟག་ཚེ་འདིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་རྣམས་ཐོག་མ་ཉིད་དུ་སྔོན་འགྲོའི་རིམ་པ་ལ་འཇུག་པར་བྱ་སྟེ། དེའི་ངག་འདོན་ལ་གས…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །[ཞེས་གསོལ་བ་བཏབ་མཐར་བླ་མ་རང་ལ་བསྡུས་ཏེ་དར་ཅིག་མཉམ་པར་གཞག །འདི་ཐུན་ཐམས་ཅད་ཀྱི་འགོ་འཛིན་དུ་གལ་ཆེ་སྟེ་རྒྱུད་སྣོད་དུ་རུང་ཞིང་བར་ཆད་ཞི་ནས་བྱིན་རླབས་མྱུར་བའི་དགོས་པ་ཡོད་དོ། །][གཉིས་པ་རང་རྒྱུད་ཀྱི་ཞིང་ས་སྦྱོང་བ་བློ་ལྡོག་རྣམ་བཞིའི་ངག་འདོན་ནི། དམིགས་ཁྲིད་བཞིན་འདོན་བསྒོམ་…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      གདའ་ཡི༔ བདག་གཞན་མི་རྟག་ཚུལ་འདི་བལྟ༔ འཁོར་བའི་གནས་འདིར་གར་སྐྱེས་ཀྱང་༔ བདེ་བའི་གོ་སྐབས་མ་མཆིས་པས༔ སྲིད་པའི་བདེ་ལ་མི་བལྟ་བར༔ མྱ་ངན་འདས་པའི་ལམ་དུ་འཇུག༔ དལ་འབྱོར་ལུས་འདི་དོན་ལྡན་ཕྱིར༔ ཉོན་མོངས་དུག་གསུམ་མི་དགེ་སྤོང་༔ དགེ་བའི་ལས་ལ་འབད་པ་བསྐྱེད༔ སྒོ་གསུམ་དམ་ཚིག་སྡོམ་པ་བསྲུང་༔ [ཞེས་ངེས་འབྱུང་གི་བློ་བསྐྱེད་དོ…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      ནི། སྐྱབས་ཡུལ་དཔང་པོར་གསོལ་ཏེ།] ཧོཿ མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར༔ བླ་མེད་བྱང་ཆུབ་མཆོག་གི་སེམས༔ བདག་གིས་ཡོངས་སུ་བསྐྱེད་པར་བགྱི༔ [མཐར་སྐྱབས་ཡུལ་གྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས། བྱ་ཁྱུ་འུར་རྡོས་དཀྲོག་པ་བཞིན་ཐམས་ཅད་དག་པ་མཁ…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      སུ་ཙ་མེ་ཙིཏྟཾ་ཤྲེ་ཡ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ [ཞེས་ཅི་ནུས་བཟླ། མཐར།] མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་བརྩེ་བའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      པཱུ་ཛ་ཧོཿ [ཞེས་འབུལ་མཐར་ཚོགས་ཞིང་མཆོད་པའི་མཎྜལ་དང་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་འཁོར་གསུམ་མི་དམིགས་པའི་ངང་དུ་བཞག་གོ །][ལྔ་པ་བླ་མའི་རྣལ་འབྱོར་ནི།] རྣམ་དག་ཡེ་ཤེས་འོད་གུར་ཀློང་༔ རང་ཉིད་མཚོ་རྒྱལ་ངྷཱ་ཀི་མའི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ དམར་གསལ་རྡོར་དྲིལ་འཁྱུད་སྟབས་རོལ༔ མཚན་…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      ཐོག་མེད་ནས་བསགས་སྡིག་ལྟུང་བཤགས། །རྣམ་དཀར་ཚོགས་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་ཡོངས་ལ་བསྔོ། །བླ་མེད་གོ་འཕང་མཆོག་ཐོབ་ཤོག །[ཅེས་ཡན་ལག་བདུན་པ་འབུལ། དེ་ནས་མོས་གུས་གདུང་ཤུགས་རྩེ་གཅིག་པས། སྤྲོ་ན་བླ་མ་སྐུ་གསུམ་མའི་གསོལ་འདེབས་བྱ། གང་ལྟར་ཡང་།] ཀྱེ…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      ལ་མཉམ་པར་བཞག །ཐུན་ལས་ལྡང་བ་ན།] དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
      གསོལ་འདེབས་ཀྱི་བསྙེན་པ་འབུམ་ཐེར་བཅུས་མ་མཐའ་བརྟེན་པ་བརྩོན་པ་དྲག་པོས་ཉམས་སུ་བླངས་པ་ལས། བྱིན་རླབས་བཙན་ཐབས་སུ་འཕོ་བའི་སྟོབས་ཀྱིས་ཡོན་ཏན་ཁྱད་པར་ཅན་སྐྱེ་བ་ལ་ཚེགས་མེད་ཅིང་བརྟེན་པར་འགྱུར་རོ། །སྲིད་ལམ་དུབ་པའི་འགྲོ་ཇི་སྙེད། །ཟབ་མོའི་སྐས་ཀ་འདི་འཛེགས་ནས། །གོ་འཕང་མཆོག་གི་ཁང་ཟང་དུ། །ངལ་གསོའི་དབུགས་ཆེན་འབྱིན་ཐོབ་ཤ…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག
      ༁ྃ༔ མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག་བཞུགས་སོ༔
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག
      [དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག༔ འཆི་མེད་རིག་འཛིན་ཐོད་ཕྲེང་རྩལ༔ གང་དེ་བསྙེན་ཅིང་བསྒྲུབ་པའི་ཚུལ༔ སྦྱོར་དངོས་རྗེས་ཀྱི་རིམ་པས་བསྟན༔ ས་མ་ཡ༔ ཐོག་མར་སྦྱོར་བའི་རྣལ་འབྱོར་ལ༔ སྐྱབས་སུ་འགྲོ་བའི་རིམ་པ་ནི༔] ན་མོ༔ གདོད་མའི་གནས་ལུགས་མི་ཤིགས་པ༔ འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས༔ འཕོ་འགྱུར་བྲལ་བ་གཉུག་མའི་ལྷར༔ རང་བབ…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག
      སྟོང་ཁྱབ་བརྡལ་བླ་མ་གཤེགས༔ འཕོ་འགྱུར་བྲལ་བའི་གདན་ལ་བཞུགས༔ མཉམ་ཉིད་རོལ་པའི་ཕྱག་གིས་འདུད༔ སྣང་སྲིད་གཞིར་བཞེངས་མཆོད་པ་འབུལ༔ རང་ངོ་མ་ཤེས་མཐོལ་ལོ་བཤགས༔ འདུ་འབྲལ་མེད་ལ་རྗེས་ཡི་རང་༔ གྲགས་སྟོང་ན་དའི་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་གསོལ་འདེབས༔ དགེ་ཚོགས་ཀ་དག་དབྱིངས་སུ་བསྔོ༔ གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག…
      JDY016 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག
      སྐྱེ་བ་མེད་པའི་དབྱིངས་སུ་དེངས༔ ཡེ་སྲུང་ཆེན་པོར་མཚམས་བཅད་དོ༔ ཨོཾ་ཤྲཱི་བཛྲ་ཀྲོ་ངྷ་ཧཱུྃ་ཧཱུྃ་ཧཱུྃ༔ ངྷརྨ་ངྷཱ་ཏུ་རཀྵ་ཨ༔ [རྡོ་རྗེའི་བྱིན་ཆེན་དབབ་པ་ནི༔] ཧཱུྃ༔ རང་སྣང་དག་པ་དཔལ་གྱི་རི༔ བདེ་ཆེན་འབར་བའི་ཞིང་ཁམས་ནས༔ འཆི་མེད་རང་བྱུང་པདྨའི་ཞལ༔ རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་དགོངས་པ་བསྐྱོད༔ རྨད་བ…