Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 172 of 500
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོ་གསང་འདུས་ལས་བྱང་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཀུན་ཁྱབ།
      བར་རིམ་གྱིས་ཐིམ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར་[པར་བསམ་ཞིང་མཉམ་པར་བཞག །དེའང་ནས།] ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ་[ཞེས་བརྗོད་པས།] རང་ཉིད་ཀུན་ཏུ་བཟང་པོ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུར་[ལངས་ཏེ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བར་སྦྱར་རོ། །བདུན་པ་བསྔོ་སྨོན་བྱ་བ་ནི།] ཧོཿ བདག་གཞན་འགྲོ་བ་…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོ་གསང་འདུས་ལས་བྱང་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཀུན་ཁྱབ།
      སྐུ་ཞི་ཁྲོའི་བཀྲ་ཤིས་ཤོག༔ འཕོ་འགྱུར་མེད་པ་དོན་གྱི་ཆོས༔ གཞི་འཁྲུལ་པ་མེད་པའི་བཀྲ་ཤིས་ཤོག༔ རྩོལ་བྲལ་ལྷུན་གྱིས་གྲུབ་པའི་ཆོས༔ ལམ་དགག་བསྒྲུབ་བྲལ་བའི་བཀྲ་ཤིས་ཤོག༔ རེ་དོགས་སྤང་བླང་བྲལ་བའི་ཆོས༔ ཆོས་ཟད་འབྲས་བུའི་བཀྲ་ཤིས་ཤོག༔ ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར༔ བླ་མ་ཡི་དམ་རྣམས་ཀྱི་བཀྲ་ཤིས་ཤོག༔ རྒྱལ་བའི་བཀའ་བཞ…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོ་གསང་འདུས་ལས་བྱང་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཀུན་ཁྱབ།
      ནུབ་མེད་བཙས་སུ་འདི་གྱུར་ནས། །གང་འབྲེལ་འཁོར་བའི་སྒོ་འཕར་གཏན་བཅད་དེ། །ཞི་ཁྲོ་ཕྱག་རྒྱའི་ཚོམ་བུར་ཡོངས་སྨིན་ཤོག །[དེ་ལྟར་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོ་གསང་འདུས་ལས་བྱང་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་འདི་ནི། ཚུལ་འདིར་གཏེར་སྟོན་ཆོས་བདག་རིམ་བྱོན་བཅས་པའི་ཞལ་སྐོང་ལྷན་ཐབས་སོགས་རྒྱས་པར་བཞུགས་ཀྱ…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོ་གསང་འདུས་ལས་བྱང་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཀུན་ཁྱབ།
      བླ་མའི་ཕྱག་བཞེས་ཀྱི་གཏན་ལ་ཕབ་པ་ལྟར་འཇུག་བདེའི་ལས་ཁྲིགས་སུ་བསྡེབས་ཏེ། བཀའ་གཏེར་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱི་ཟབ་གནད་ཆ་ཙམ་ཁོང་དུ་ཆུད་པའི་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་དགུ་པའི་ཐོག་ཏུ་སོན་པ་ཆུ་ཕོ་བྱི་བའི་ལོ་གྲོ་བཞིན་ཟླ་བའི་ཡར་ཚེས་བཅུ་ལ། གངས་ལྡན་གྱི་རི་བོའི་རྒྱུད་རྡོ་རྗེ་གླིང་གི་གྲ…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > པད་གླིང་ཞི་ཁྲོ་བརྒྱུད་འདེབས།
      ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །ལྷུན་གྲུབ་ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་སེམས། །ཐུགས་རྗེ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་འཁོར་བ་དོང་སྤྲུགས་ཤོག །འཕོ་ཆེན་རྡོ་རྗེ་སྐུ་མཆོག་ཤྲཱི་སེང་ཧ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང་། །གསང་བ་ཀུན་བདག་དབྱིངས་ཕྱུག་མཚོ་རྒྱལ་ཡུམ། །གསོལ་བ་འདེབས་སོ༴ །ད…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > པད་གླིང་ཞི་ཁྲོ་བརྒྱུད་འདེབས།
      རྣམ་འདྲེན་བསྟན་འཛིན་གྲུབ་མཆོག་རྡོ་རྗེ་རྩལ། །འདྲེན་མཆོག་འགྱུར་མེད་པདྨ་ཁྱབ་བདག་ལ། །གསོལ་བ་འདེབས་སོ༴ །མཚུངས་མེད་བསྟན་འཛིན་སྲིད་ཞི་རྣམ་པར་རྒྱལ། །གྲུབ་མཆོག་ལྷུན་གྲུབ་བདེ་ཆེན་རྡོ་རྗེ་རྩལ། །ངག་དབང་ཀུན་བཟང་རིག་འཛིན་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ །གསུང་སྤྲུལ་ཀུན་བཟང་བསྟན་པའི་ཉི་མ་ཆེ། །འགྲོ་འདུལ་འཇིགས་མེད་ཚེ་དབ…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      ༄༅། །ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་ཞེས་བྱ་བ་བཞུགས་སོ། །
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      ཨོཾ་སྭསྟི། རབ་འབྱམས་སྐྱབས་ཀུན་འདུས་པའི་བདག །དྲིན་ཅན་བླ་མར་གུས་བཏུད་ནས། །ཀུན་བཟང་དགོངས་པ་ཀུན་འདུས་ཀྱི། །སྔོན་འགྲོའི་ངག་འདོན་འཇུག་བདེར་སྤྲོ། །[འདི་ལ་གཉིས། ཐུན་སྤྱིའི་སྔོན་འགྲོ་དང་། སྐབས་དོན་སྒོས་ཀྱི་སྔོན་འགྲོའོ། །དང་པོ་ནི། བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་ནས་རླུང་རོ་ལན་གསུམ་ཕྱིར་བ…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      ཀྱི་དངོས་གྲུབ་སྩལ་དུ་གསོལ། །[ཞེས་དང་།] དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། …
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      རེ་རྗེ། །འདི་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང་། །འཕགས་པའི་བདེ་ཐོབ་བཏང་སྙོམས་ཆེར་འགོད་ཕྱིར། །ཟབ་ལམ་ཉམས་ལེན་མཐའ་རུ་དབྱུང་བར་བགྱི། །[ཞེས་ཚད་མེད་བཞི་ལ་བློ་སྦྱངས་པས་འོག་གི་ཉམས་ལེན་སོ་སོའི་དོན་རྣལ་མ་རྒྱུད་ལ་སྐྱེ་བའི་གཞི་འདིང་ངོ་། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་ལྔ་ལས། དང་པོ་ལམ་གྱི་འཇུག་སྒོ་སྐྱབས་སུ་འགྲོ་བ་ན…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      བརྩེགས་པའི་རྣམ་པ་ཅན། །གཡོན་གྱི་ཡལ་གར་ཉེ་བའི་སྲས་བརྒྱད་ལ། །བྱང་སེམས་ཉན་རང་འཕགས་པའི་ཚོགས་ཀྱིས་བསྐོར། །མདུན་གྱི་ཡལ་གར་ཞི་ཁྲོ་རབ་འབྱམས་ལ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་དང་། །མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་བསྐོར། །ཀུན་ཀྱང་མཚན་དཔེའི་གཟི་བྱིན་འོད་སྟོང་འབར། །མཐོང་ཐོས་དྲན་རེག་སྒྲོལ་བའི་ཐུགས་རྗེ་ཅན…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      གཉིས་པ་སེམས་བསྐྱེད་པ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་ཅིང་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པར་འདོད་པའི་བློས།] སྣང་བ་བཀོད་པ་ཆེན་པོའི་དབྱིངས༔ ཡེ་ཤེས་འོད་ལྔ་རྫོགས་པའི་སྐུ༔ ཐིག་ལེ་རྣམ་དག་རྫོགས་ལྡན་ལ༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ [ཞེས་སྨོན་འཇུག་གི་བདག་ཉིད་ཅན་ལ་སློབ་པ་ཀུན་རྫོབ་སེམས་བསྐྱེད་ད…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      སྡིག་སྒྲིབ་རྒྱུ་བཅས་སྦྱངས། །སྣང་གྲགས་ལྷ་དང་སྔགས་ཀྱི་རོལ་པར་གྱུར། །[ཞེས་དམིགས་ལ།] ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་[ཡི་གེ་བརྒྱ་པ་དང་།] ཨོཾ་བཛྲ་ས་ཏྭ་ཨཱཿ[ཞེས་སྙིང་པོ་འབྲུ་དྲུག་པ་ཉིད་ཅི་ནུས་སུ་བཟླ་བ་ཀུན་རྫོབ་རྒྱུའི་སྒྲིབ་སྦྱོང་དང་། མཐར།] ལྷ་སྔགས་སྣང་ཆའི་དངོས་ཀུན་རང་ལ་ཐིམ། །རང་ཉིད་རྡོར་སེམས་མེ་ལོང་གཟུགས་བརྙན་ལྟར།…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      ཚོམ་བུ་སོ་བདུན་ནམ་བདུན་སོགས་གང་འོས་བཀོད་ལ།] སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་སུ༔ བྱེ་བ་ཕྲག་བརྒྱ་འཛམ་གླིང་ཚོམ་བུར་བཀོད༔ འབྱུང་བཞི་རང་སྣང་ལྕགས་རི་མུ་ཁྱུད་བཅས༔ རིག་སྣང་དག་པ་སྤྲུལ་པའི་སྐུ་ལ་འབུལ༔ [ཞེས་བླ་མ་སྤྲུལ་སྐུར་ཕུལ་ནས། སླར་ཡང་ཚོམ་བུ་གསོ་བཞིན་དུ།] ཆོས་སྐུའི་མཎྜལ་སྟོང་ཉིད་སྙིང་རྗེ་འབུལ༔ ལོངས་སྐུའ…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      པདྨ་ཉི་ཟླའི་གདན་སྟེང་དུ། །ཁྱབ་བདག་དྲིན་ཅན་རྩ་བའི་བླ་མ་ཉིད། །མངོན་སུམ་བཞིན་དུ་བཞུགས་པའི་སྤྱི་བོ་ནས། །ཡང་རིམ་བརྒྱུད་པའི་བླ་མ་མཐོ་བརྩེགས་བཞུགས། །མཐའ་སྐོར་བླ་མ་ཡི་དམ་ཞི་དང་ཁྲོ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་ཚོགས་ཀྱི་སྤྲིན་ཕུང་གཏིབ་བཞིན་བསྐོར། །ཀུན་ཀྱང་སྐུ་མཆོག་མཚན་དཔེའི་གཟི་མདངས་འབར…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      ཟབ་གཏེར་མངའ་བདག་ཨོ་རྒྱན་པདྨ་གླིང་། །སྐལ་ལྡན་སྔགས་འཆང་ཆོས་རྗེ་རྣམ་པ་གཉིས། །སྤྲུལ་པའི་སྐུ་མཆོག་བསྟན་འཛིན་གྲགས་པ་ལ། །གསོལ་བ༴ རྒྱལ་བའི་སྲས་མཆོག་པདྨ་ཕྲིན་ལས་རྩལ། །ཤེས་བྱ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེའི་ཞབས། །གྲུབ་མཆོག་བསྟན་འཛིན་འགྱུར་མེད་རྡོ་རྗེ་ལ། །གསོལ་བ༴ མཚུངས་མེད་བསྟན་འཛིན་ལེགས་པའི་དོན་གྲུབ་ཞབས། །ཁྱབ་བ…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      ཚོགས། །མ་དང་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ལ། །གསོལ་འདེབས་རྗེས་བཟུང་བདག་རྒྱུད་སྨིན་གྲོལ་གསོལ། །[ཞེས་བླ་མ་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། གཙོ་བོར།] ཨོཾ་ཨཱཿཧཱུྃ༔ བླ་མ་འཇའ་དང་འོད་དུ་འཁྱིལ་ལི་ལི༔ སྐུ་དང་ཐིག་ལེར་ཤིགས་སེ་ཤིག༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ རྡོ་རྗེའི་སྐུ་ལ་གསོལ་བ་འདེབས༔ ལུས་ལ་བདེ་བར་བྱིན…
      JDY006 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས། > ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།
      མཚན་གྱུར། །[ཞེས་མོས་ལ་སླར་ཡང་གསོལ་བ་བཏབ་པས།] བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྒྲིབ་པ་སྦྱངས། སྐུའི་བྱིན་རླབས་ལུས་ལ་བཞུགས། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་རང་ལུས་དབྱེར་མེད་སྣང་སྟོང་གི་ངང་དུ་གྱུར། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ…