Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 31 of 500
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      མཐར་སྐུ་ལུས་འོད་ཕུང་དུ་གཤེགས་པ་དེ་དང༌། མདོ་ཁམས་སུ་གྲུབ་ཐོབ་ཕྱར་ཐུལ་ཅན་ཅེས་གྲགས་པ་རྣམས་ཀྱང་གྲུབ་ཆེན་འདི་ཉིད་ཀྱི་སྐུའི་བཀོད་པ་ཡིན་པར་སྣང་ཞིང༌། ལས་ཅན་རྣམས་ལ་ད་ལྟའི་བར་ཡེ་ཤེས་སྐུས་རྗེས་སུ་བཟུང་བ་མང་དུ་བྱུང༌། སློབ་ཚོགས་མཐའ་ཡས་པ་བྱུང་ཞིང་ཁྱད་པར་གྲུབ་ཆེན་ཉིད་འཆི་མེད་ཚེའི་རིག་འཛིན་བརྙེས་པའི་རྟེན་འབྲེལ་གྱིས་…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      སོ།། །།ཆོས་རྒྱལ་ཁྲི་སྲོང་གི་ཐུགས་སྤྲུལ་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་དགུ་པ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ་ནི། གློ་བོ་མ་ཐང་གི་སའི་ཆར་ཡབ་མངའ་བདག་མར་པའི་སྐྱེ་མཐའ་ལྷ་རིགས་མཁས་གྲུབ་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང༌། ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་རབ་བྱུང་བརྒྱད་པའི་མེ་མོ་ལུག་གི་ལོར་སྐུ་བལྟམས། མཚན…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      དབྱངས་ཆོས་སྐྱོང་དང་ཚུལ་ཁྲིམས་དཔལ་སོགས་ལས་གཤིན་རྗེ་གཤེད་དམར་སོགས་ཀྱི་སྨིན་གྲོལ་གསན་ནས་བསྙེན་སྒྲུབ་མཛད་པས་འཇམ་དཔལ་དྲག་པོའི་ཞལ་དངོས་སུ་གཟིགས། ཁྱད་པར་དགུང་ལོ་ཉེར་གཉིས་པར་ཡབ་རྗེ་དམ་པ་ལས་སྔ་འགྱུར་བཀའ་གཏེར་གྱི་ཞུན་འཐར་ལེགས་པར་བཅད། བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་བའི་ཚེ་ཡབ་ཀྱིས་དག་པའི་གཟིགས་སྣང་ཁྱད་པར་ཅན་གྱིས་དབུ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      འཇམ་དབྱངས་བློ་གྲོས་དཔལ་རྣམས་ལས་སྒྲ་དང་ཚད་མ། གསང་སྔགས་གསར་མའི་དབང་རྒྱུད་མང་དུ་གསན་ཅིང་སྦྱངས་པས་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས། དྲང་པོ་གཏེར་སྟོན་ཤཱཀྱ་བཟང་པོ་ལས་བྱང་གཏེར་མང་དུ་གསན་པས་མཚོན། མདོར་ན་གསང་སྔགས་གསར་རྙིང་གི་དབང་རྒྱུད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་འབད་པས་གསན་ཅིང་བསྙེན་སྒྲུབ་མཛད། ནེ་པ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      སྤྲེ་ཞིང་དུ་རྔོག་སྟོན་བསོད་ནམས་བསྟན་འཛིན་དང༌། གྲ་ཐང་པའི་ཞྭ་ལུ་ལོ་ཆེན་ལས་རྔོག་དཀྱིལ་དང་གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས་ཆོས་རྒྱལ་ཁྲི་སྲོང་གི་བག་ཆགས་མངོན་དུ་སད། བར་ཁང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་མཛད་ཅིང་ལྷོ་བྲག་གུ་རུ་སོགས་རྗེས་སུ་བཟུང༌། ཕྲེང་སོ་ཨོ་རྒྱན་ཆོས་བཟང་ཀོང་ཆེན་ནམ་མཁའ་དཔལ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་གསང་སྒྲོམ་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོང་འདུས་ཀྱི་ཆོས་སྐོང་གསོལ་འདེབས་ལེའུ་བདུན་མའི་སྒྲུབ་ཐབས་གཏེར་ནས་བཞེས་ཤིང་ཕལ་ཆེར་གཏན་ལ་ཕབས་པ་ད་ལྟའང་དར་རྒྱས་ཆེ། རིག་འཛིན་ལེགས་ལྡན་རྗེས་མཚམས་སྦྱར་ནས་འབྲི་གུང་རིན་ཆེན་ཕུན་ཚོགས་གདན་དྲངས་ཏེ་དཔོན་སློབ་གསུམ་ཀས་བསམ་ཡས་ཀྱི་རབ་གནས་བསྐྱར་བས་བོ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      རྒྱན་དུ་གྱུར་པས་མཚོན། དངོས་དང་བརྒྱུད་པའི་སྒོ་ནས་སྔའགྱུར་བཀའ་གཏེར་གྱི་བསྟན་པ་གསལ་བའི་ཤིང་རྟ་ཆེན་པོར་ཡོངས་སུ་གྲགས་ལ། སྐུའི་སྐྱེ་བ་དེ་མ་ཐག་པའི་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ལམ་ཆོས་རྒྱལ་དབང་པོའི་སྡེ་ཞེས་གཏེར་སྟོན་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་བྱོན་ཅིང་ཟབ་ཆོས་ཀྱི་རྒྱུན་ཡང་མ་ཉམས་པར་མཆིས་སོ།།…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      པའི་དུས་ནས་ཡི་གེ་བརྡའ་སྟོན་ཙམ་གྱིས་མཁྱེན། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱོན། བཅུ་གཉིས་ནས་ཉི་ཤུར་མ་ཕེབས་བར་དུ་སློབ་གཉེར་སྤྱི་དང་ཁྱད་པར་གསོ་རིག་ལ་སྦྱངས་པས་མཁས་པའི་རྩེར་སོན། དེ་དག་གི་དུས་སྐབས་སུ་དངོས་ཉམས་རྨི་ལམ་ཅི་རིགས་པར་ཨོ་རྒྱན་རིན་པོ་ཆེ་ཡང་ཡང་མཇལ་བ་བྱུང༌། ཐུགས་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      མཛད། གཞན་ཡང་ཞབས་དྲུང་ནོར་བུ་བརྒྱན་པ། འབྲུག་པ་ཐམས་ཅད་མཁྱེན་པ། མཉམ་མེད་ལྷ་རྩེ་བ་སོགས་ལས་མདོ་སྔགས་བཀའ་གསར་རྙིང་ཐམས་ཅད་མ་གསན་པ་མེད་པ་ལྟ་བུར་མཛད། ཁྱད་པར་ལྷ་རྩེ་བ་ལས་བསྙེན་རྫོགས་གསན་ཏེ་རྟེན་དགེ་སློང་གི་དངོས་པོ་ཅན་དུ་བསྒྲུབས། མི་ལོ་བཅུ་བདུན་དུ་འདག་སྦྱར་ཁོ་ན་མཛད་ནས་སྒྲུབ་པའི་རྒྱལ་མཚན་འཛུག་པར་མཛད་པའི་དུས་སུ་…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      ལྗོན་པ་ལུང་གི་གནས་སྒོ་དང༌། སྙེ་མོ་ལྷ་རི། ཀོང་འཕྲང་དགེ་འདུན་གནས། དབུ་རུ་ཞྭའི་ལྷ་ཁང་སོགས་ནས་ཐུགས་རྗེ་ཆེན་པོ་དང༌། རྟ་ཕག་ཡིད་བཞིན་ནོར་བུ། ཞི་ཁྲོ་ངེས་དོན་རྙིང་པོ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། རྡོ་རྗེ་གྲོ་ལོད། དཔལ་མགོན་མ་ནིང་སྐོར། པདྨ་བཀོད་ཀྱི་གནས་ཀྱི་ལམ་ཡིག་སོགས་ཟབ་གཏེར་མང་པོ་སྤྱན་དྲངས། དཀོན་མཆོག་སྤྱི་འདུས…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      བཞག །གཏེར་དེ་ཉིད་སྐད་ཅིག་ལ་སྤྱན་དྲངས་ནས་གཤེགས་པའི་བརྟུལ་ཞུགས་དང་རྫུལ་འཕྲུལ་ཆེན་པོ་བསྟན་པས་དམག་མི་རྣམས་སྤ་བཀོང་སྟེ་ཐམས་ཅད་རྟབ་རྟབ་པོར་གྱུར་ཅིང་སླར་དད་པའི་ས་ལ་བཀོད། མཐུ་སྟོབས་ནུས་པ་བསམ་གྱིས་མི་ཁྱབ་པས་དམ་སྲི་མནན་པ་དང་མཐའ་དམག་ཟློག་པ་སོགས་བོད་སྤྱི་བྱེ་བྲག་གི་ཕན་བདེ་སྤེལ་བའི་ཕྲིན་ལས་མང་དུ་མཛད། སྐལ་ལྡན་མང་…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      གྲགས་པ་དོན་གྲུབ། འབྲི་གུང་ཆོས་ཀྱི་གྲགས་པ། འབྲུག་པ་དཔག་བསམ་དབང་པོ། རྡོར་བྲག་རིག་འཛིན་ངག་གི་དབང་པོ། རྩེ་ལེ་སྣ་ཚོགས་རང་གྲོལ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་ཕྲིན་ལས་ལྷུན་གྲུབ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། སྤུ་བོ་རྦ་ཁ་སྤྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ། གཏེ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      མདོར་ན་སྤྲུལ་པའི་གཏེར་སྟོན་འདི་ཉིད་ལུང་དོན་ལྟར་རྟེན་འབྲེལ་རབ་འབྲིང་ཐ་མ་ཡང་ཐ་བཞིར་གསུངས་པའི་ཕྱི་མའི་དབང་དུ་གྱུར་མོད། ཐུགས་བསྐྱེད་དང་སྦྱངས་སྟོབས་ཁྱད་པར་འཕགས་ཤིང༌། རང་གི་ཟབ་གཏེར་རྣམས་ཉམས་བཞེས་མཐར་ཕྱིན་པར་མཛད་པ་ལ་བརྟེན། གཏེར་ཆོས་ཀྱི་ཕྲིན་ལས་ནུབ་ཕྱོགས་རྒྱ་བལ་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་ཆད་དུ་དར་ཞིང་རྒྱ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་སུ་གསོལ། པ་ཝང་ཞིག་ལ་ཞབས་རྗེས་བྱོན་པ་ད་ལྟའང་འདུ་ཁང་ཆེན་མོའི་ཤར་སྒོའི་རྒྱབ་ཏུ་ཡོད། དཔལ་ས་སྐྱ་པའི་གཞུང་ལ་བསླབ་སྦྱང་གསན་བསམ་ཅི་རིགས་མཛད་པའི་སྐབས་སྙིང་པོ་ཡེ་ཤེས་ཀྱི་དོན་འཚོལ་བ་ལ་སྐོམ་པ་ཆུ་འད…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་ཞབས་ལ་བཏུགས་ནས་ཉིད་ཀྱི་ཟབ་གཏེར་གཙོ་བོར་གྱུར་པའི་དབང་ཁྲིད་མན་ངག་མང་པོ་རྫོགས་པར་གསན། ལྷག་པར་འདིའི་སྐབས་སུ་གཏེར་གྱི་སྐལ་བ་ཅན་དུ་ལུང་བསྟན་པ་ལྟར། སྤུ་བོར་བྱོན་ཏེ་ཕོ་བྲང་གཡུ་མཚོར་རཏ་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་པ་ལ་བརྩོན་པའི་ཚེ་མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་རྣ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      གསང་བ་ཕུག་ནས་དམ་ཚོས་དགོངས་པ་ཡོངས་འདུས་ཀྱི་སྐོར་རྣམས་སྤྱན་དྲངས་པ་ཉིད་ཀྱི་ཟབ་གཏེར་གྱི་གཙོ་བོ་ཡིན་ལ། ཕྱིས་སུ་བཞེས་པ་ཐམས་ཅད་དེའི་ཡན་ལག་ཡིན་པར་གསུངས། དེ་ནས་རིམ་བཞིན་ཚ་བ་སྒྲོ་བྲག་ནས་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་དཀའ་སྲུང་ཞིང་སྐྱོང་དང་བཅས་པ། སྤུ་རི་དྭགས་རྫོང་ནས་ཟབ་དོན་གསང་བ་སྙིང་ཐིག །དཔལ་བདེ་མཆོག །བཀའ་སྲུང་ཕ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      སྤོམ་རའི་སྐོར། ར་ས་འཕྲུལ་སྣང་གློ་འབུར་ནུབ་ཀྱི་སྟེ་ཁ་ནས་སྙན་བརྒྱུད་གཙུག་རྒྱན་ཡིད་བཞིན་ནོར་བུའི་སྐོར་རྣམས་སྤྱན་དྲངས་ནའངགཏན་ལ་འབེབས་པར་མ་མཛད་པར་མངོན། སྤུ་བོའི་བདུད་རི་གནམ་ལྕགས་འབར་བ་ནས་སྒྱུ་འཕྲུལ་ཞི་ཁྲོ་དང་བཀའ་བརྒྱུད་སྐོར་བཀའ་སྲུང་བཅས། ར་ཙག་རྡོའི་མཆོད་རྟེན་ནས་དཔལ་མགོན་སྟག་ཞོན་སྐོར་རྣལ་འབྱོར་པ་དུང་ཕྲེང་…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      ཀྱི་གྲྭ་ཁང་བདུད་ལྷ་ཁང་དུ་གྲགས་པ་བཞེངས་ནས་བསྟན་སྲིད་ལ་ཕན་པའི་ལུང་དོན་སྒྲུབ། ཀཿཐོག་རྡོ་རྗེ་གདན་ཡན་སྔ་འགྱུར་རྙིང་མའི་གདན་ས་རྣམས་སུ་ཞབས་བཀོད་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང༌། འཛེང་རྣམ་རྒྱལ་དང་ཉེ་བའི་ནོབས་ཀྱིས་ཕུ་སྟག་ཕུ་བྲག་རིང་དུ་རྒྱུན་རིང་ཙམ་བཞུགས་ཤིང་ཐུགས་དམ་མཛད་པའི་གཟིམས་སྤྱིལ་ད་ལྟའང་ཡོད། གླ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      ཐང་དང༌། གཡུ་རི་སྒང་གོ་རུ་གདན་ས་མཛད་དེ་ཡུན་རིང་བཞུགས། སྦས་ཡུལ་པདྨ་བཀོད་ཀྱི་གནས་སྒོ་རགས་རིམ་ཙམ་གསལ་བར་མཛད་རྗེས། དངོས་ཀྱི་མཛད་པ་མཐར་ཕྱིན་ནས་དགུང་ལོ་ང་བརྒྱད་པ་ཆུ་ཕོ་བྱི་བའི་ལོར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་པའི་སྐབས་སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཤིང༌། ཁྱད་པར་དུ་སྐུ་གདུང་ཡ…
      JDY001 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་ལེའུ་དྲུག་པ།
      འཇུག་པའི་ཐུགས་རྗེའི་རང་གཟུགས་ལྷ་བཙུན་ནམ་མཁའ་འཇིགས་མེད་ནི། ལྷོ་རྒྱུད་བྱར་ཡུལ་ལྷ་བཙད་པོའི་རིགས་ལས་རབ་བྱུང་བཅུ་པའི་མེ་མོ་བྱ་ཡི་ལོར་འཁྲུངས། མཛོད་སྤུ་དང་ལྗགས་དང་ཤངས་རྩེར་ཨའི་མཚན་མ་ཤིན་ཏུ་གསལ་བ་སོགས་ངོ་མཚར་བའི་མཚན་རྟགས་དུ་མ་མངའ། གསུང་སྙན་རི་ཁྲོད་དུ་སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར་ལས་རབ་ཏུ་བྱུང་བའི་མཚན་ཀུན་བཟང…