Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 328 of 500
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      བསྙེན་ཐབས་ཀྱི་ལག་ལེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། དམིགས་པར་བྱ་བའི་ཡུལ། སྒྲུབ་པར་བྱེད་པའི་ཐབས། དེ་ཉིད་གྲུབ་པའི་འབྲས་བུའོ། །དང་པོ་ནི། རྒྱུད་འདིར་རང་བཞིན་དམིགས་པར་བྱ་བའི་ཡུལ་དུ་གྲགས་པ་སྟེ། སྦྱངས་གཞི་འགྲོ་བ་ཡོངས་ལ་ཀུན་ཁྱབ་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པ་ལྷའི་བདག་ཉིད་ཆེན་པོར་གདོད་…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      བུའམ་མཆོག་ཐོབ་ཅེས་བརྡར་བཏགས་པའོ། །དེས་ན་བསྒྲུབ་གཞིའི་ལྷ་དེ་རང་ལ་གནས་པས། ལམ་རྐྱེན་དང་འཕྲད་ན་འབྲས་བུའི་ཡོན་ཏན་འབྱུང་རུང་དུ་ངེས་པ་རྙེད་དེ་ཐོབ་བྱའི་འབྲས་བུ་མཚན་ཉིད་པ་འཇིག་རྟེན་ལས་འདས་པ་མཆོག་དང༌། བཏགས་པ་འཇིག་རྟེན་པ་དང་ཐུན་མོང་བ་སྟེ། དངོས་གྲུབ་རྣམ་པ་གཉིས་ཀྱི་ཡོན་ཏན་ལ་བྲོད་པ་བསྐྱེད་ནས་ལམ་ལ་བསླབ་དགོས་པའི་ཕྱ…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      སུ་ལེན་དགོས་པ་ལས། སྨིན་བྱེད་དབང་གི་ཆུ་བོ་སྐུར་བྱེད་ངོ་སྤྲོད་དང་བཅས་པས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞུང་བཤད་ཆུ་བོ་འགྲེལ་ཊཱིཀ་གཏོང་ཐུན་དང་བཅས་པས་བསྒོམ་བྱ་གཏན་ལ་ཕེབས་པ། གདམས་པ་ཉམས་ལེན་གྱི་ཆུ་བོ་ལག་ལེན་མངོན་རྟོགས་དང་བཅས་པ་ལ། མན་ངག་གནད་ཀྱི་ཆུ་བོ་དྲིས་ལན་གེགས་སེལ་དང་བཅས་པས་ཕུ་ཐག་ལེགས་པར་བཅད་ཟ…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      པ་བུང་བའི་སྒྲ་སྒྲོགས་ཤིང༌། །སྐད་སྙན་བྱ་ནི་སྣ་ཚོགས་སྒྲོགས། །གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ། །ས་ནི་པདྨ་འདབ་བརྒྱད་འབྲང་། །གནས་ཀྱི་དབྱིབས་ལེགས་ཁ་ཤར་བལྟས། །ཞེས་སོགས་ཀྱི་མཚན་ཉིད་ཚང་བ་དང༌། བྱེ་བྲག་ཕྲིན་ལས་མངོན་སྤྱོད་སྒྲུབ་པའི་གནས་ནི། མྱང་འདས་ལས། དྲག་པོའི་གནས་ཀྱི་དམ་པ་ནི། །དུར་ཁྲོད་ཤིང་གཅིག་རྒྱ་གྲམ་ལམ། །གཅན…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་དང༌། འཇོམས་བྱེད་ལས། ཟླ་བ་སྐྱེ་དུས་གཟའ་ཕུར་བུ། །དར་ཚེ་སྒྲུབ་པ་མཆོག་ཏུ་ཤིས། །ཞེས་ཚེས་གྲངས་དང་གཟའ་སྐར་གྱི་ཁྱད་པར་དམིགས་བསལ་དུ་བཤད་པ་དག་དང་འགྲིག་ན་རབ། གཞན་དུ་ཚེས་གྲངས་དགེ་ཞིང་མགོ་ཕུར་འཛོམ་པ་ལྟ་བུའི་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉི་མ་ཕྱེད་ཡོལ་གྱི་དུས་སུ་འཇུག་གོ །བཞི་པ་ཡོ་བྱད་ནི། …
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བའོ། །དང་པོ་ལ་གཉིས། སྔོན་དུ་འགྲོ་བའི་རིམ་པ་དང༌། དཀྱིལ་འཁོར་དངོས་བཤད་པའོ། །དང་པོ་ནི། འདི་དག་ལ་ལས་བྱང་གི་འབྲུ་གཉེར་བའི་སྒོ་ནས་སྤྲོས་ན་ཧ་ཅང་མང་བས་སྨོས་སུ་མ་ལོང་མོད། སྒོམ་དོན་སྙིང་པོ་ཙམ་ཞིག་འཆད་ན། སྐྱབས་སེམས་ཚོགས་བསགས་རྣམས་ཀྱི་དམིགས་པ་གོ་སླ་ཞིང༌། བཀའ་བསྒོ་བ་ལ། བདག་ཉིད…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      གྱི་ཁམས་མང་པོ་བརྒལ་བའི་ཕ་རོལ་ལྕགས་རི་ཆེན་པོའི་རྒྱབ་ཏུ་བསྐྲད། སྤྲུལ་པའི་ཁྲོ་ཚོགས་ཚུར་འདུས་ནས་སྟེང་འོག་ཕྱོགས་མཚམས་རྣམས་དང་བདག་གི་བ་སྤུའི་བུ་ག་ཀུན་ནས་ཞལ་ཕྱིར་ཕྱོགས་པས་གཏམས་ཤིང་དྲག་པོའི་ཧཱུཾ་སྒྲ་དང་བཅས་ཏེ་ཚམ་རྔམས་ཆེན་པོས་རོལ་པར་བསམ། མཚམས་བཅད་པ་ལ་གསུམ་གྱི། དང་པོ་ཕྱི་མཚོན་ཆ་ལྔ་དང་འབར་བའི་གུར་ཁང་གི་མཚམས་ནི…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      པས་གོ་སྐབས་མེད་པར་གཏམས་པ། དེའི་རྒྱབ་ཏུ་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་སྟེང་དུ་སོང་བ་མཆེད་པ་ལས་བྱུང་བའི་འཁོར་ལོ་རྩིབས་གསུམ་པ་ནས་བརྒྱད་པ་སོགས་དང་བཅུ་གཉིས་པའི་བར་དུ་གང་ཡང་ཡོད་པ་གསོར་ལྟར་འཁོར་བའི་གུར་ཁང༌། དེའི་རྒྱབ་ཏུ་ལྟེ་བའི་སྭཱ་ལས་འོད་ཟེར་སེར་པོ་ལྷོ་རུ་སོང་བ་མཆེད་པ་ལས་བྱུང་བའི་རྩེ་མོ་ཕྱིར་གཟིང་བ་ཅན་གྱ…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      པར་འབར་བའི་མེ་ལྕེ་ཕྱིར་བསྟན་པ་སྟོང་གསུམ་གྱི་མཐར་ཁྱབ་ཅིང༌། གྱེན་དུ་འབར་བ་སྲིད་པའི་རྩེ་མོ་བརྒལ་བ། འབར་ཞིང་འཁྲུགས་པའི་སྒྲ་འབྲུག་སྟོང་ལྟར་ལྡིར་བ་ལ་ཟེག་མ་ཁྲོ་ཆུང་གི་ཚྭ་ཚྭ་ཐོག་ལྟར་འབེབས་པ། འཇིག་རྟེན་པའི་བགེགས་དང་འབྱུང་པོས་ལྟ་ཅི་སྨོས་ཏེ་ཡེ་ཤེས་པས་ཀྱང་བལྟར་མི་བཟོད་པའི་གུར་ཆེན་པོར་གྱུར་པར་བསམ་མོ། །གཉིས་པ་ནང་…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      ཀྱི་ཕྱག་མཚན། ཐ་མས་ཕུར་བུ་འདྲིལ་བ། རང་རང་གི་ཡུམ་དང་མཉམ་པར་སྦྱོར་ཞིང་འབར་བའི་ཆས་ཀུན་རྫོགས་པ། ཞབས་བཞི་འདོར་སྟབས་ཀྱིས་ཕྱོགས་སྐྱོང་གདོན་ཚོགས་ཕོ་མོ་བརྫིས་ཤིང་རོལ་པ། སོ་སོའི་གཡས་གཡོན་དུ་སྤྲུལ་པའི་ཟ་གསོད་ཕོ་མོ་རང་རྟགས་ཀྱི་མཚོན་ཆ་ཐོགས་པས་བགེགས་རྣམས་སྲུང་ཟློག་གི་ལས་ལ་བརྩོན་པ། ཀུན་ཀྱང་འབར་བ་ཆེན་པོའི་ཀློང་ན་རྡོ…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      ཅད་ཀྱང་གཟུང་འཛིན་སེམས་ཀྱི་རྣམ་པར་རྟོག་པའི་ངོར་སྣང་བ་ཙམ་སྟེ། སེམས་ཉིད་ཡེ་ནས་སྟོང་གསལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ངོ་བོ་ལ་བར་ཆད་ཀྱི་མཚན་མ་ནམ་ཡང་གྲུབ་པ་མེད་པས་ན་སྲིད་ཞི་མཉམ་ཉིད་དུ་རིག་པ་ནི་མི་ཤིགས་རྡོ་རྗེའི་མཚམས་གཅོད་བླ་ན་མེད་པའོ། །བཤགས་པ་བྱ་བ་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      ཕྱེས་པར་བསམ་མོ། །བརྡ་ཕྱག་འཚལ་བ་ནི། དེ་ལྟར་རང་བཞིན་ཡེ་ཀློང་ཆེན་པོར་རང་རིག་ཡེ་ཤེས་ཀྱི་ལྷ་རང་གསལ་འདུ་འབྲལ་མེད་པར་བཞུགས་པ་ཉིད་སྒྲིབ་མེད་མངོན་སུམ་རང་ཞལ་མཇལ་བ་ལ་ངོ་མཚར་ཞིང་ཡིད་ཆེས་པའི་སྒོ་ནས་བརྡ་ཕྱག་འཚལ་བ་སྟེ་དོན་དམ་མ་རྟོགས་པ་རྣམས་ལ་ཀུན་རྫོབ་ཀྱི་ཚུལ་མཚོན་པའོ། །དམ་བཅའ་བ་ནི། ལྷན་སྐྱེས་ཀྱི་རིག་པ་རྡོ་རྗེ་གཞོན…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      པར་བསམ་མོ། །མཆོད་རྫས་བརླབ་པ་ནི། ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་ཐམས་ཅད་སྦྱངས་སྤེལ་བསྒྱུར་གསུམ་གྱི་སྒོ་ནས་ཟག་པ་མེད་པའི་འདོད་ཡོན་གྱི་རོལ་མོས་ནམ་མཁའ་རབ་འབྱམས་ཡོངས་སུ་གང་བར་བལྟའོ། །དེ་དག་ནི་སྔོན་འགྲོའི་ལས་རིམ་མོ། །གཉིས་པ་དཀྱིལ་འཁོར་རྣམ་པ་གསུམ་གྱི་སྒོ་ནས་དོན་གྱི་ཁོག་དབུབ་པ་ལ། དེའང་བློ་བརྟན་ཅིང་མི་འགྱུར་བ་…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      མཚན་མའི་རྣམ་པར་རྟོག་པ་གཟུང་འཛིན་བདག་རྟོག་གི་གྲོང་ཁྱེར་ལ། ཚུལ་ཇི་ལྟར་ཁྲོས་ན། ཞེ་སྡང་རང་རྒྱུད་པས་མི་གཤིས་ངན་དགྲ་ལ་ཁྲོས་པ་ལྟ་བུ་མ་ཡིན་པར་ཉི་མ་འཆར་བའི་གཟི་བརྗིད་ཀྱིས་མུན་པའི་སྨག་རུམ་མདུན་ན་མི་གནས་པ་ལྟར་སྟོང་ཉིད་རྟོགས་པའི་ཡུལ་ན་དངོས་འཛིན་མཚན་མའི་སྤྲོས་པ་ཐམས་ཅད་མི་གནས་པའི་ཚུལ་གྱིས་ཁྲོས་པས། སྲིད་རྩའི་ཞེ་སྡ…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      ཡེ་ཤེས་ལྔ། །ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བྱ། །རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ནི། །སྐུ་ལྔ་ཡེ་ཤེས་དགུ་ལྡན་ཏེ། །མ་འཁྲུལ་རྟོགས་པ་མངོན་གྱུར་བྱ། །གཞི་ལམ་འབྲས་བུ་རྟོགས་གྱུར་ན། །ཆོས་སྐུ་སྤྲོས་བྲལ་མངོན་དུ་འགྱུར། །ཞེས་དང༌། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་པས། རིག་པའི་རྩལ་མ་འགགས་པ…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      ཆ་དང༌། ཆོས་ཉིད་འགྱུར་བ་མེད་པས་ན་སྔོན་པོའི་སྒྲས་བསྟན་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རོལ་པར་འབར་བའི་ཟུང་འཇུག་ཆོས་སྐུའི་ངོ་བོ་དེ་ཉིད་སྤྲོས་པ་ཀུན་བྲལ་ཆོས་ཉིད་ནམ་མཁའི་ཀློང་ནས་མཉམ་ཡངས་བརྡལ་བ་ཆེན་པོའི་དོན་ཐོག་ཏུ་ཕེབས་པའི་ཐིག་ལེའམ་ཐིག་པར་རང་ཤར་བའི་ཚུལ་རྟོགས་པ་ནི་སྤྱིར་ཤེས་པར་བྱ་བ་ཡིན་ལ། བྱེ་བྲག་སྒོམ་དོན་གྱ…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      དྲག་ཤུལ་གྱི་ལས་ཐབས་ཞེ་སྡང་གིས་བསད་ཅིང་གཏི་མུག་གིས་མནན་པ་ལྟ་བུ་མ་ཡིན་པར།  ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་རྡོ་རྗེ་མི་ཕྱེད་པའི་བདག་ཉིད་ཆེན་པོར་གནས་པ་ལ་དབྱེར་མེད་དག་མཉམ་དགོངས་པའི་གཟེར་གྱིས་གདབ་ནས་རྣམ་པར་ཤེས་པ་ཆོས་སྐུ་རང་བྱུང་གི་ཡེ་ཤེས་རྡོ་རྗེ་གཞོན་ནུའི་རོལ་པར་བསྒོམ་པ་ནི་སྤྱིར་ཤེས་པར་བྱས་ནས།  སྒོམ་དོན་…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      ཀྱི་དབྱིངས་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་གཟུགས་ཀྱི་སྐུ་གང་འདུལ་གྱི་རོལ་པར་འཆར་བའི་གཞིའམ་རྒྱུ་ནི་ས་བོན་གྱི་ཡི་གེ་ཁོ་ན་ལ་བརྟེན་པ་ཉིད་སྤྱིར་ཤེས་པར་བྱས་ནས། སྒོམ་དོན་དུ། སྙིང་རྗེའི་རང་མདངས་འགགས་མེད་དུ་ཤར་བ་ཀུན་སྣང་གི་འོད་ཟེར་དེ་དག་ཚུར་འདུས་པ་ལས་བྱུང་བའི་རྒྱུའི་ས་བོན་ཧཱུཾ་ཡིག་སྔོན་པོ་ཡེ་ཤེས་ལྔའི་འོད་ཟ…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      གནས་གདེངས་ཀ་གྱེན་ལ་བསྟན་པས་སྲུང་འཁོར་གྱི་ནང་ཕྱེད་མན་ཆད་ཁྱབ་པ། རྩ་བ་ཕྲ་བའི་ཟུར་འོག་ཕྱོགས་སྲུང་འཁོར་རྡོ་རྗེའི་ས་གཞིའི་ལྟེ་བ་ལ་ཟུག་པར་བསྒོམ། དེའི་ཀློང་དུ་རིམ་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། ར་ལས་རཀྟའི་རྒྱ་མཚོ་དམར་པོ་ཟླུམ་པོ། སུཾ་ལས་ཤ་ཆེན་གྱི་ས་གཞི་སེར་ནག་གྲུ་བཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ་གྲ…
      JDY011 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
      རིག་འཛིན་དཔའ་བོ་རྣལ་འབྱོར་མའི་ཚོགས་དང༌། རོ་ལངས་དང་ཤ་ཟ་འབྱུང་པོའི་ཚོགས་རྣམས་ཧ་ཧར་རྒོད་ཅིང་གར་རྩེབ། བྱ་དང་གཅན་གཟན་གཏུམ་པོ་མང་པོ་ལང་ལོང་དུ་རྒྱུ་ཞིང༌། ཀེང་རུས་དང༌། རོ་བམ་པ་དང༌། དུམ་བུ་དང༌། ཚིག་པ་དང༌། མ་ཚིག་པ་དང༌། འཐོར་བ་ལ་སོགས་པའི་ཤ་རུས་གསར་རྙིང་སྣ་ཚོགས་པ་གཅལ་དུ་བཀྲམ་ཞིང་ཕུང་པོར་སྤུངས་པས་ཡོངས་སུ་གང་བ། ད…