Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      246 results — page 6 of 13
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། རྣམ་འཇོམས་བྱབས་ཁྲུས་ཇི་ལྟར་བྱ་བའི་ཆོ་ག་སྡུག་བསྔལ་ཚ་གདུང་སེལ།
      CDS008 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      རྣམ་འཇོམས་བྱབས་ཁྲུས་ཇི་ལྟར་བྱ་བའི་ཆོ་ག་སྡུག་བསྔལ་ཚ་གདུང་སེལ་བྱེད་ཅེས་བྱ་བ་བཞུགས། ན་མོ་བཛྲ་པཱ་ཎི་ཡེ། རྒྱལ་བ་ཀུན་གྱིས་གསང་གསུམ་མཛོད། །འཛིན་མཛད་རྗེ་བཙུན་གསང་བའི་བདག །རྡོ་རྗེ་རྣམ་པར་འཇོམས་པ་ལ། །བཏུད་ནས་དེ་ཡི་ཆོ་ག་བྲི། །དེ་ཡང་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་འབུམ་ལས་འདིའི་ཆོ་ག་རྒྱས་བསྡུས་གཉིས་ཀ་འབྱུང་ཞིང་། །…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ས་བདག་གདོན་དགྲོལ་ཉེས་པ་ཀུན་སེལ་ཕན་བདེའི་འབྱུང་གནས།
      CDS008 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ས་བདག་གདོན་དགྲོལ་ཉེས་པ་ཀུན་སེལ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས། ན་མོ་བཛྲ་པཱ་ཎི་ཡེ། གང་གི་མཚན་བརྗོད་གཟུངས་བསྔགས་བཟླས་པ་ཡིས། །ཀླུ་གཉན་ས་བདག་ལས་བྱུང་སྡུག་བསྔལ་ནད། །གཏན་ནས་སེལ་མཛད་རྗེ་བཙུན་སེང་གེའི་སྒྲའི། །ཞབས་སེན་གུས་མཆོད་གདོན་དགྲོལ་ཆོ་ག་བྲི། །དེ་ལ་འདིར་ས་བདག་གདོན་དགྲོལ་ཇི་ལྟར་བྱ་བའི་རི མ་པ་འཇུག་པ་བད…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ཀླུ་བརྒྱད་ཀྱི་ཆོ་ག་ལ་བརྟེན་པའི་གདོན་འགྲོལ་བྱ་ཚུལ་ཕན་བདེའི་འབྱུང་གནས།
      CDS008 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ཀླུ་བརྒྱད་ཀྱི་ཆོ་ག་ལ་བརྟེན་པའི་གདོན་འགྲོལ་བྱ་ཚུལ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས། མཚན་ཙམ་བཟུང་བས་ཀླུ་ནད་མ་ལུས་པ། །སེལ་མཛད་ཀླུ་དབང་རྒྱལ་བོ་ལ་བཏུད་ནས། །གདེངས་ཅན་དབང་བོ་རྣམ་བརྒྱད་མཆོད་བྱེད་པའི། །ཆོ་ག་མདོར་བསྡུས་འཇུག་པ་བདེ་བར་བྲི། །དེ་ཡང་ས་སྟེགས་སམ་ཤིང་སྟེགས་གྲུ་བཞི་བ་ཇི་ལྟར་འཚམ་པའི་སྟེང་དུ། དཀྱིལ་འཁོ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། སྒྲོལ་མདོས་བར་གཅོད་ཀུན་སེལ།
      CDS008 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      སྒྲོལ་མདོས་བར་གཅོད་ཀུན་སེལ་ཞེས་བྱ་བ་བཞུགས། གང་གིས་ཞབས་པད་གུས་བསྟེན་ཅིང་། །མཆོད་པར་བྱེད་པ་དེ་ཀུན་ཀྱང་། །ཕོངས་བའི་སྡུག་བསྔལ་མཐའ་དག་ལས། །མངོན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །འདིར་སྒྲོལ་མདོས་ཇི་ལྟར་བྱ་བའི་ཚུལ་བཤད་པར་བྱ་སྟེ། དེ་ལ་ཡང་རྒྱས་བསྡུས་མི་འདུ་བ་འགའ་རེ་སྣང་བ་ལས་འབྲིང་བོའི་དབང་དུ་བྱས་ནས་འཆད་དོ། །འདིའི…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། བློ་ལྡན་ཐོས་པའི་ལམ་ལ་བསྐུལ་བའི་དབྱུ་གུ།
      CDS008 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      བློ་ལྡན་ཐོས་པའི་ལམ་ལ་བསྐུལ་བའི་དབྱུ་གུ་ཞེས་བྱ་བ་བཞུགས། རིང་ནས་གོམས་པའི་ཐུགས་བསྐྱེད་དྲོད་གཤེར་གྱིས། །ཉེ་བར་བསྐྱངས་པའི་ལམ་བཟང་གསེར་སྒོང་དབུས། །ལེགས་འཐོན་སྤངས་རྟོགས་གཤོག་རྩལ་ཡོངས་རྫོགས་པ། །ཟླ་མེད་སྟོན་པ་ནམ་མཁའ་ལྡིང་ཁྱོད་རྒྱལ། །རྟག་ཏུ་བརྩོན་པའི་རླུང་ཤུགས་ལ་བརྟེན་ནས། །མང་ཐོས་རྣམ་དཔྱོད་འབྲེལ་བའི་འདབ་གཤོག་…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། མངོན་པ་གཉིས་ནས་བཤད་པའི་བློ་རིགས་དང་རྟགས་རིགས་ཀྱི་རྣམ་གཞག་ལུང་རིགས་ཀྱི་སྙིང་པོ་བསྡུས་པ།
      CDS008 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      མངོན་པ་གཉིས་ནས་བཤད་པའི་བློ་རིགས་དང་རྟགས་རིགས་ཀྱི་རྣམ་གཞག་ལུང་རིགས་ཀྱི་སྙིང་པོ་བསྡུས་པ་མཁས་པ་དགྱེས་བྱེེད་ཞེས་བྱ་བ་བཞུགས། ན་མོ་ཤཱཀྱ་མུ་ན་ཡེ། །རྒྱལ་ཀུན་མཁྱེན་བརྩེའི་ཕུང་བོ་ཉིད། །དམར་སེར་མདོག་ཅན་གཞོན་ནུའི་སྐུ། །འཇམ་པའི་དབྱངས་ཞེས་གྲགས་པ་དེའི། །ཞབས་པད་སྙིང་གི་དབུས་སུ་བསྟེན། ། འདིར་བློ་རྟགས་ཀྱི་རྣམ་གཞག་ཅུང…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། བསྟན་རྩིས་འཕྲོས་དོན་དང་བཅས་པ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      བསྟན་རྩིས་འཕྲོས་དོན་དང་བཅས་པ་བཞུགས། ན་མོ་ཤྲཱིཿཀཱ་ལ་ཙཀྲ་ཡེ། །དང་པོར་ཐུགས་བསྐྱེད་བར་དུ་ཚོགས་གཉིས་བསགས། །ཐ་མར་མངོན་སངས་རྒྱས་ཏེ་གདུལ་བྱ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་དོན་མཛད་པའི། །ཟླ་མེད་སྟོན་པ་དེ་ལ་མགོས་ཕྱག་འཚལ། །འདིར་བསྟན་རྩིས་འཕྲོས་དོན་དང་བཅས་པ་འགའ་ཞིག་བསྡུས་ནས་བརྗོད་པར་བྱ་སྟེ། དེ་ཡང་སྤྱིར་དམ་པ་གོང་མ་…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ལམ་རིམ་བསྡུས་དོན་གྱི་ཚིག་འགྲེལ་སྙིང་པོ་མདོར་བསྡུས་གསལ་བ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ལམ་རིམ་བསྡུས་དོན་གྱི་ཚིག་འགྲེལ་སྙིང་པོ་མདོར་བསྡུས་གསལ་བ་ཞེས་བྱ་བ་བཞུགས། ན་མོ་སུ་མ་ཏི་ཀཱིརྟི་ཡེ། །ཐུགས་བསྐྱེད་མགྱོགས་འགྲོའི་ཤུགས་ཀྱིས་ཉེར་དྲངས་པའི། །གཞན་ཕན་འཕྲིན་ལས་འགྲོ་བའི་དཔལ་དུ་ཤར། །སྐལ་ལྡན་པདྨོ་ཡོངས་ཀྱི་གཉེན་གཅིག་པོ། །ཐུབ་དབང་སྨྲ་བའི་ཉི་མ་དེ་ལ་འདུད། །བློ་ཆེན་གཞན་གྱིས་ཤིན་ཏུ་དཔག་དཀའ་བའི། །ཟབ་དོན་…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། མངོན་རྟོགས་རྒྱན་གྱི་ཊིཀྐ་བཤད་བསྒྲིགས་སུ་བྱས་པ་ལས་སྐབས་དང་པོའི་ཚིག་འགྲེལ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      མངོན་རྟོགས་རྒྱན་གྱི་ཊིཀྐ་བཤད་བསྒྲིགས་སུ་བྱས་པ་ལས་སྐབས་དང་པོའི་ཚིག་འགྲེལ་བཞུགས། ན་མོ་ཨཱ་ཪྱ་མཻ་ཏྲི་ཡི། །ལྷར་བཅས་འགྲོ་བའི་སྟོན་པ་ཤཱཀྱའི་ཏོག །ས་བཅུའི་དབང་ཕྱུག་རྒྱལ་ཚབ་འཇམ་པའི་དབྱངས། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་སོགས། །འཛམ་གླིང་རྒྱན་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་སྲས་སྨྲ་བའི་ཁྱུ་མཆོག་སཻདྒ་བཟང་། །རྒྱལ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། སྐབས་གཉིས་པ་དང་གསུམ་པའི་ཊཱིཀྐ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      སྐབས་གཉིས་པ་དང་གསུམ་པའི་ཊཱིཀྐ་བཞུགས། རྗེ་བཙུན་མི་ཕམ་མགོན་པོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གཉིས་པ་ལམ་ཤེས་ཚིག་དོན་ཡན་ལག་གི་སྒོ་ནས་རྒྱས་པར་བཤད་པ་ལ། སྐབས་འདིར་ལམ་ཤེས་འཆད་པའི་རྒྱུ་མཚན་བཤད་པ་དང་། གཞུ་དོན་དངོས་བཤད་པ་དང་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། སྐབས་དང་པོར་རྣམ་མཁྱེན་བཤད་ཟིན་པའི་འོག་ཏུ་ལམ་ཤེས་འ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། སྐབས་བཞི་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་བསྡུས་པ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      སྐབས་བཞི་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཉིས་པ་སྦྱོར་བཞི་རྒྱས་པར་བཤད་པ་ལ་སྦྱོར་བཞིའི་དང་པོ་རྒྱུ་རྣམས་རྫོགས་སྦྱོར་བ་འཆད་པ་ལ། སྐབས་འདིར་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་དང་། གཞུང་དོན་དངོས་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། མཁྱེན་གསུམ་…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། སྐབས་ལྔ་བ་དྲུག་པ་བདུན་པ་གསུམ་གྱི་ཊཱིཀྐ་མཐོང་བ་དོན་ཡོད།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      སྐབས་ལྔ་བ་དྲུག་པ་བདུན་པ་གསུམ་གྱི་ཊཱིཀྐ་མཐོང་བ་དོན་ཡོད་ཅེས་བྱ་བ་བཞུགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཉིས་པ་རྩེ་སྦྱོར་བཤད་པ་ལ། རྒྱུ་མཚན་དང་། གཞུང་དོན་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་རྫོགས་སྦྱོར་བ་བཤད་ཟིན་པའི་འོག་ཏུ་རྩེ་སྦྱོར་འཆད་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་པའི་ཊཱིཀྐ་དོན་གྱི་སྙིང་པོ་བསྡུས་པ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་པའི་ཊཱིཀྐ་དོན་གྱི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས། གསུམ་པ་ཆོས་སྐུ་རྒྱས་པར་བཤད་པ་ལ། སྐབས་འདིར་ཆོས་སྐུ་འཆད་པའི་རྒྱུ་མཚན་དང་། གཞུང་དོན་དངོས་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། སྐད་ཅིག་སྦྱོར་བ་བཤད་ཟིན་པའི་རྗེས་སུ་འབྲས་བུ་ཆོས་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་སྦྱོར་བ་སྒོ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ཤེས་རབ་སྙིང་པོའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ཉི་མ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ཤེས་རབ་སྙིང་པོའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་ནས་ནི། དེ་ཉིད་འགྲོ་ལ་བརྩེ་བས་འདོམས་མཛད་པས། མཁྱེན་དང་སྟོན་པ་བླ་ན་མེད་གྱུར་པ། ཐུབ་དབང་སྨྲ་པའི་ཉི་མར་གུས་ཕྱག་འཚལ། རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་ནས། །རྒྱས་སྲས་གཞ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། རྟེན་འབྲེལ་བསྟོད་པའི་རྣམ་བཤད་རྟག་ཆད་ཀྱི་ཚ་གདུང་རྣམ་པར་སེལ་བར་བྱེད་པ་བླ་མའི་དགོངས་དོན་གསལ་བའི་ཟླ་བ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      རྟེན་འབྲེལ་བསྟོད་པའི་རྣམ་བཤད་རྟག་ཆད་ཀྱི་ཚ་གདུང་རྣམ་པར་སེལ་བར་བྱེད་པ་བླ་མའི་དགོངས་དོན་གསལ་བའི་ཟླ་བ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཚོགས་གཉིས་ས་འཛིན་མཐོན་པོའི་རྩེར་གནས་མཁྱེན་དང་བརྩེ་པའི་ལུས་སྟོབས་རྒྱས། །ཕུང་བྱུང་སྟོབས་བཅུ་མི་འཇིགས་རྣམ་བཞིའི་མཆེ་སྡེར་མི་བཟད་རབ་ཏུ་འབར། །ཆོས་ཀུན་གདོད་ནས་རང་བཞིན་…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། སྒྲོལ་བསྟོད་ཀྱི་རྣམ་བཤད་མདོར་བསྡུས་རབ་གསལ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      སྒྲོལ་བསྟོད་ཀྱི་རྣམ་བཤད་མདོར་བསྡུས་རབ་གསལ་ཞེས་བྱ་བ་བཞུགས། ན་མོ་ཨཱཪྱ་ཏཱ་རེ་ཡེ། རྒྱལ་བ་ཀུན་གྱི་འཕྲིན་ལས་མ་ལུས་པ། །རབ་མཛེས་ལྷ་མོའི་གཟུགས་སུ་ཉེར་ཤར་བ། །བཅོམ་ལྡན་འདས་མའི་ཞབས་ལ་གུས་བཏུད་ནས། །དེ་ཉིད་བསྟོད་པའི་ཚིག་དོན་བཤད་པར་བྱ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཉིད་ཀྱིས་རྗེ་བཙུན་སྒྲོལ་མ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ལས་རྣམ་པར་འབྱེད་པའི་མདོ་སོགས་དང་ཚེ་མཐའི་དོན་བསྡུས་ནས་བཀོད་པ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ལས་རྣམ་པར་འབྱེད་པའི་མདོ་སོགས་དང་ཚེ་མཐའི་དོན་བསྡུས་ནས་བཀོད་པ་བཞུགས། ན་མོ་མཉྫུ་ཤྲཱི་གྷོ་ཥཱ་ཡ། དཀར་ནག་ལས་ཀྱི་རྣམ་སྨིིན་མི་འཁྲུལ་བར། །སོ་སོར་འབྱིན་པའི་ལས་འབྲས་མི་སླུའི་ཚུལ། །ཇི་བཞིན་གཟིགས་ནས་སྟོན་མཛད་སྐྱབས་ཀྱི་ཕུལ། །ཟླ་མེད་སྟོན་པ་ཐུགས་རྗེ་ཅན་དེར་འདུད། །ཟག་མེད་ཡེ་ཤེས་མཆོག་ལ་དབང་བསྒྱུར་བའི། །འཕགས་ཀུན་ལས་ཀྱ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། སྒྲ་འཚམས་སྦྱོར་ལྔ་པ་བློ་ལྡན་དོན་གཉེར་ཅན་གྱི་འཇུག་ངོགས་ལྷ་ལམ།
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      སྒྲ་འཚམས་སྦྱོར་ལྔ་པ་བློ་ལྡན་དོན་གཉེར་ཅན་གྱི་འཇུག་ངོགས་ལྷ་ལམ་ཞེས་བྱ་བ་བཞུགས། ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་ཕུང་པོ་ཉིད། །རབ་མཛེས་ལྷ་མོའི་གཟུགས་ཀྱིས་རྣམ་རོལ་ཏེ། །དྲན་པ་ཡིས་ཀྱང་བློ་ཡི་མཆོག་སྟེར་པ། །ངག་དབང་དབྱངས་ཅན་ལྷ་མོའི་ཞབས་ལ་འདུད། །མགོན་ཁྱོད་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས། །བདག་བློའི་རྣམ་དཔྱ…
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      བསྟོད་ཚིག་ཀྱི་སྐོར་བཞུགས། ན་མོ་གུ་མཉྫུ་གྷོ་ཥཱ་ཡ། སྤངས་རྟོགས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །སྡུག་ཀུན་ཉེས་པའི་སྐྱོན་བྲལ་དམ་པའི་ཆོས། །དེ་ཉིད་ཚུལ་བཞིན་སྒྲུབ་མཛད་དགེ་འདུན་ཏེ། །བསླུ་མེད་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བཀའ་གདམས་བསྟན་པའི་བདག་པོ་ཨ་ཏི་ཤ །རྒྱལ་པའི་དམ་ཆོས་ཀུན་འཛིན་ཙོང་ཁ་པ། །མགོན་དེའི་བསྟན་པ་རྒ…
      CDS009 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      བཀའ་བསྒོའི་རྣམ་གཞག་བཞུགས། རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར། །མངོན་བསྟན་གཤིན་རྗེའི་གཤེད་ཉིད་ལ། །བཏུད་ནས་བཀའ་བསྒོའི་རྣམ་གཞག་བཤད། །འདི་ལ་གཉིས། བཀའ་སྒོའི་དོན་སྤྱིར་བསྟན་པ་དང་། བྱ་ཚུལ་བཤད་པ་གཉིས། དང་པོ་ནི། བཀའ་བསྒོ་ཞེས་པའི་དོན་ཇི་ལྟར་ཡིན་ཞེ་ན། དེ་ནི་དཔེར་ན་བླ་དཔོན་སོགས་ཆེ་བ…