Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      130 results — page 5 of 7
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། རྒྱུད་སྡེ་སྤྱིའི་རྣམ་བཞག་ཕྱོགས་བསྒྲིགས་ཀུན་གསལ་ཉིན་བྱེད་སྣང་བ།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      རྒྱུད་སྡེ་སྤྱིའི་རྣམ་བཞག་ཕྱོགས་བསྒྲིགས་ཀུན་གསལ་ཉིན་བྱེད་སྣང་བ་བཞུགས་སོ། ། ན་མོ་གུ་རུ་བྷྱཿ སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་དང༌། །དུས་གསུམ་སངས་རྒྱས་སྟོན་པ་བཅོམ་ལྡན་འདས། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩལ་ཏུ་གསོལ། །གདུལ་བྱ་དབང་རྣོན་སྐལ་བར་གནང་བ་ཡི། །གསང་ཆེན་སྔགས་ཀྱི་རྒྱ་ཆ…
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། སྔགས་བླ་མེད་ཀྱི་རྩ་ལྟུང་རྣམ་བཤད་མ་རིག་མུན་སེལ།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      སྔགས་བླ་མེད་ཀྱི་རྩ་ལྟུང་རྣམ་བཤད་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྔགས་བླ་མེད་ཀྱི་རྩ་ལྟུང་རྣམ་བཞག་མདོར་བསྡུས་ཙམ་བརྗོད་པ་ལ་རྩ་ལྟུང་གི་ཉེས་པ་ཆེ་ཆུང་དང༌། དམ་ཚིག་ཉམས་ན་སླར་གསོ་བ་དང༌། རྩ་ལྟུང་བཅུ་བཞིའི་ངོས་འཛིན་བཤད་པ་དང་གསུམ། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་…
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ཀྱི་ཐང་ག་འབྲི་ཚུལ་དྲི་མེད་འོད་དཀར།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ཀྱི་ཐང་ག་འབྲི་ཚུལ་དྲི་མེད་འོད་དཀར་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། འདིར་དཔལ་དུས་ཀྱི་འཁོར་ལོའི་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་ཐུགས་གསུང་སྐུའི་དཀྱིལ་འཁོར་གྱི་ལྷ་ཡོངས་རྫོགས་ཐང་ག་འབྲི་ཚུལ་ནི། སྔོན་ཀྱི་གྱང་རིས་སོགས་དང༌། ཀུན་མཁྱེན་དོལ་པོ་པའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤི…
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་སྡོམ་ཚིག་གྲུབ་པའི་དགོངས་རྒྱན།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་སྡོམ་ཚིག་གྲུབ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭཱ་སྟི། ན་མོ་གུ་རུ་བུདྡྷཱ་བོ་དྷི་སཏྭེ་བྷྱཿ གང་ཞིག་ཕུན་ཚོགས་ཀུན་གྱི་གཞི། །བླ་མེད་གོ་འཕང་ཡིད་བཞིན་ནོར། །འགྲོ་བ་ཀུན་ལ་ཉེར་སྩོལ་བ། །བླ་མའི་ཞབས་ལ་གུས་པས་འདུད། །ཀུན་ཁྱབ་དབྱིངས་ནི་རྣམ་པ་ཐམས་ཅད་པ…
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། དཔལ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ཆོ་གའི་སྒོ་ནས་ཚེ་འདས་ཀྱི་རུས་ཆོག་སྡུག་བསྔལ་ཚ་གདུང་ཞི་བའི་བདུད་རྩིའི་ཆུ་གཏེར།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      དཔལ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ཆོ་གའི་སྒོ་ནས་ཚེ་འདས་ཀྱི་རུས་ཆོག་སྡུག་བསྔལ་ཚ་གདུང་ཞི་བའི་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀ་ནཱ་ཐ་ཡེ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཡེ་ཤེས་ཀྱི། །རང་གཟུགས་སྒྱུ་འཕྲུལ་མི་ཟད་བརྩེ་བའི་བདག །བླ་མ་དབྱེར་མེད་རྗེ་བཙུན་སྤྱན་རས་གཟིགས། །འགྲོ་ཀ…
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། རོ་ཆུ་ལ་དོར་བའི་སྡིག་སྦྱང་བྱེད་ཚུལ།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      རོ་ཆུ་ལ་དོར་བའི་སྡིག་སྦྱང་བྱེད་ཚུལ་ཞེས་བྱ་བ་བཞུགས་སོ། ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། དེ་ལ་རུང་མཐུན་སྦྱར་བ་རོ་ཆུ་ལ་དོར་བའི་སྒོ་ནས་སྡིག་པ་སྦྱོང་བ་ནི། དེ་རོ་ཆུ་ལ་འདེབས་པ་ལ། རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང༌། །ཆུ་ཆོག་གིས་ནི་བཀྲུ་བར་བྱ། ཞེས་པའི་རུང་མཐུན་གྱི་ཆོ་གས་སྡིག་སྦྱོང་བྱེད་ཚུལ་ནི། རོ་འདོར་…
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། མཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      མཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། ། ཕུལ་བྱུང་ཐུགས་བསྐྱེད་སྨོན་ལམ་རྩ་བ་བརྟན། །བསྐལ་མང་བསོད་ནམས་དཔལ་གྱི་འདབ་སྟོང་བཞད། །སྤངས་རྟོགས་ལོ་འདབ་འབྲས་བཟང་གཡུར་དུ་ཟ། །ཐུབ་དབང་པད་མ་དཀར་པོས་དགེ་ལེགས་སྩོལ། །མ་ལུས་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང༌། །སྲིད་ཞིའི་ཕུན་ཚོགས་མཐའ་དག་འབྱུང་བའི་གནས། །…
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། རྡོར་ཤུགས་ཀྱི་བསྐང་བསྡུས།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      རྡོར་ཤུགས་ཀྱི་བསྐང་བསྡུས་ཞེས་བྱ་བ་བཞུགས་སོ། ། ཨོཾ་ཨ་ཧཱུཾཿ དཔལ་ལྡན་དུས་འཁོར་དྲག་པོའི་སྐུར་སྤྲུལ་བ། །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་འཁོར་བཅས། །དྲི་མཆོག་ལ་སོགས་མཆོད་པ་བཅུ་གཉིས་སོགས། །འབུལ་ལོ་བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཅེས་པ་འདི་ནི་རྡོ་རྗེ་སློབ་དཔོན་མཐོང་གསལ་གྱི་བཀས་བསྐུལ་བའི་ངོར་སིདྡྷི་ཤྲཱི་ནས་བྲིས་པའ…
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། རྡོ་རྗེ་འཇིགས་བྱེད་ཀྱི་བསྐང་བསྡུས།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      རྡོ་རྗེ་འཇིགས་བྱེད་ཀྱི་བསྐང་བསྡུས་ཞེས་བྱ་བ་བཞུགས་སོ། ། ཧཱུཾཿབཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ལྷ་ཚོགས་རྣམས། །ཐུགས་རྗེས་སྤྲུལ་བས་གནས་འདིར་གཤེགས་སུ་གསོལ། །གཟུགས་སྒྲ་ལ་སོགས་མཚོད་སྤྲིན་ཚོགས་ལ་རོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཅེས་པ་འདི་ནི་བླ་མ་མཐོང་གསལ་གྱི་བཀའི་ངོར་སིདྡྷི་ཤྲཱི་ནས་བྲིས་པའོ། །
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། དཔལ་རྟ་འགྲིན་གྱི་བསྐང་བསྡུས།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      དཔལ་རྟ་འགྲིན་གྱི་བསྐང་བསྡུས་བཞུགས་སོ། །ཧཱུཾཿ རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །པདྨ་དབང་ཆེན་དཀྱིལ་འཁོར་འདིར་གཤེགས་ལ། །སྙིང་རྗེས་དབང་གིས་མཆོད་པ་འདི་བཞེས་ནས། །འགལ་རྐྱེན་བྲལ་ཞིང་ཆོས་མཐུན་འགྲུབ་པར་ཤོག །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། ཕུར་བ་རྡོ་རྗེ་གཞོན་ནུའི་བསྐང་བ།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      ཕུར་བ་རྡོ་རྗེ་གཞོན་ནུའི་བསྐང་བ་བཞུགས་སོ། ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སོགས། །འཁོར་དང་བཅས་ལ་ཕྱག་འཚལ་མཆོད་པ་འབུལ། །བྱང་ཆུབ་ལམ་ལ་བགྲོད་པའི་གྲོགས་མཛད་ནས། །ཞི་རྒྱས་དབང་དྲག་རྣམ་བཞིའི་དངོས་གྲུབ་སྩོལ། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      སྒྲོལ་མའི་བསྐང་བསྡུས་ཞེས་བྱ་བ་བཞུགས་སོ། །རྒྱལ་ཡུམ་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས། །བདག་སོགས་འགྲོ་ལ་བརྩེ་བས་ཉེར་དགོངས་ནས། །ཟག་མེད་ཀུན་བཟང་མཆོད་པ་དམ་པ་འབུལ། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      གུར་མགོན་གྱི་བསྐང་བ་བཞུགས་སོ། ། ཧཱུཾཿ བསྟན་སྲུང་དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །ཡུམ་ཆེན་ཨེ་ཀ་ཛ་ཏི་འཁོར་བཅས་ཀུན། །དགྱེས་པའི་མཆོད་རྫས་དམ་པ་འདི་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། མགོན་པོ་ཟངས་གྲི་ཅན་གྱི་བསྐང་བ།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      མགོན་པོ་ཟངས་གྲི་ཅན་གྱི་བསྐང་བ་བཞུགས་སོ། །ཧཱུཾཿ དཔལ་ལྡན་ལས་ཀྱི་མགོན་པོ་ཟངས་གྲི་ཅན། །འཁོར་བཅས་གནས་འདིར་གཤེགས་ལ་བྱིན་ཆེན་ཕོབས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ་བར་བགྱི། །བླ་མེད་བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག ། ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། མགོན་པོ་ཕྱག་དྲུག་པའི་བསྐང་བ།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      མགོན་པོ་ཕྱག་དྲུག་པའི་བསྐང་བ་བཞུགས་སོ། །ཧཱུཾཿ མྱུར་མཛད་སྤྱན་རས་གཟིགས་སྤྲུལ་ཕྱག་དྲུག་པ། །དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། །མཆོད་སྦྱིན་ཟག་མེད་གཏོར་མ་འདི་བཞེས་ལ། །བཤད་སྒྲུབ་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། དཔལ་ལྡན་དྲཀྴད་ཀྱི་བསྐང་བ
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      དཔལ་ལྡན་དྲཀྴད་ཀྱི་བསྐང་བ་བཞུགས་སོ། །ཧཱུཾཿ དཔལ་ལྡན་དྲཀྴད་ལྕམ་དྲལ་འཁོར་བཅས་ལ། །རྣལ་འབྱོར་བདག་གིས་བསྐུལ་ཕྱིར་གནས་འདིར་བྱོན། །མཆོད་སྤྲིན་རྒྱ་མཚོ་ལེགས་པར་བཞེས་ནས་ཀྱང༌། །ངེས་དོན་བསྟན་པ་རྒྱས་པར་མཛད་དུ་གསོལ། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      རྣམ་ཐོས་སྲས་ཀྱི་བསྐང་བ་བཞུགས་སོ། ། ཧྲཱིཿ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་བཅས། །འགྲོ་རྣམས་དབུལ་ཕོངས་འཇིགས་ལས་སྐྱོབ་པའི་ཕྱིར། །མཆོད་གཏོར་རྒྱ་ཆེན་བཟང་པོ་འདི་བཞེས་ནས། །ཐུགས་རྗེས་མགོན་མེད་སྡུག་བསྔལ་སེལ་བར་མཛོད། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། རྣམ་སྲས་མདུང་དམར་ཅན་གྱི་བསྐང་བ།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      རྣམ་སྲས་མདུང་དམར་ཅན་གྱི་བསྐང་བ་བཞུགས་སོ། །གནོད་སྦྱིན་རྒྱལ་པོ་རྣམ་སྲས་མདུང་དམར་ཅན། །གནས་འདིར་སྤྱན་འདྲེན་མཆོད་ཅིང་སྟོད་ཕྱག་འཚལ། །བསྟན་ལ་སྡང་བའི་འཇིགས་པ་ཀུན་བསྒྲལ་ནས། །ཐུབ་བསྟན་བཤད་སྒྲུབ་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། མགོན་པོ་ཞལ་བཞི་པའི་བསྐང་བ།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      མགོན་པོ་ཞལ་བཞི་པའི་བསྐང་བ་བཞུགས་སོ། །ཧཱུཾཿ ནག་པོ་ཆེན་པོ་གདོང་བཞི་པ། །སྤྱན་འདྲེན་གནས་མཆོག་འདིར་བྱོན་ནས། །མཆོད་ཅིང་བསྟོད་དེ་ཉམས་ཆགས་བཤགས། །བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །
      གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས། བསྟན་སྲུང་རཱ་ཧུ་ལའི་བསྐང་བ།
      NDP012 · དགེ་བཤེས་དངོས་གྲུབ་དཔལ།
      བསྟན་སྲུང་རཱ་ཧུ་ལའི་བསྐང་བ་བཞུགས་སོ། །ཧྲཱིཿ བསྟན་སྲུང་ཆེན་པོ་གཟའ་བདུད་རཱ་ཧུ་ལ། །ཤ་ཁྲག་མཆོད་པ་རྒྱ་ཆེན་འདི་མཆོད་དོ། །རྩ་བརྒྱུད་བླ་མའི་བཀའ་ལས་མི་འདའ་བར། །གང་བཅོལ་འདོད་དོན་སྒྲུབས་པར་མཛད་དུ་གསོལ། །ཅེས་པ་འདི་ནི་བླ་མ་མཐོང་གསལ་གྱི་བཀའི་ངོར་སིདྡྷི་ཤྲཱི་ནས་བྲིས་པའོ། །