Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      6649 results — page 75 of 333
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      ཕུང་བརྒྱད་ཁྲི་བཞི་སྟོང་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱིས་དེའི་ཡོན་ཏན་ལ་ལས་ནི་ངོ་བོའི་སྒོ་ནས་བརྗོད། ལ་ལས་རྒྱུ། ལ་ལས་འབྲས་བུའི་སྒོ་ནས་བརྗོད་པས་སངས་རྒྱས་ཀྱི་རྣམ་ཐར་འབའ་ཞིག་ཏུ་གོ་བར་འགྱུར་ཏེ། སྔོན་ཇོ་བོ་ཆེན་པོས་ཀྱང་བོད་ན་མདོ་རྒྱུད་མང་པོ་བལྟ་རྒྱུ་མེད་པས་ངའི་དད་པ་ཉམས་སོང་ཞེས་གསུངས་པ་ནི། མདོ་སྡེ་ཇི་ཙམ་མང་དུ་བལྟ…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་ཤིང། དེའི་དོན་ཁ་བསྐངས་ཏེ་བསྡུ་བར། མཚན་ཉིད། འཕྲིན་ལས། མོས་པ། སྒྲུབ་པ། རྗེས་སུ་དྲན་པ། བསོད་ནམས་འཕེལ་བ་ལས་གྱུར་པའི་ཁྱད་པར་དྲུག་གསུངས་པ་རྣམས་ལམ་རིམ་ལས་ཤེས་པར་བྱའོ། །གསུམ་པ་ཁས་ལེན་པ་ནི། དཀོན་མཆོག་གསུམ་ལ་ཡོན་ཏན་དང་ཁྱད་པར་དེ་ལྟ་བུ…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      པ་ལྟར། སྟོན་པ་དང་བསྟན་པ་གཞན་གྱི་སྐྱོན་མཐོང་ནས་རྒྱབ་ཀྱིས་ཕྱོགས་པ་ཞིག་མེད་པར་ཐམས་ཅད་ལ་དག་སྣང་སྦྱོང་བའི་ཟོབ་བྱེད་པ་ནི་རང་གི་སྟོན་པ་ལ་བློ་མ་ཁེལ་ཞིང་ཡོན་ཏན་མ་མཐོང་བ་ཡིན་ནོ། །དེ་ལྟར་ན་ཁྱད་པར་འདི་བཞིས་སྔ་མ་སྔ་མ་ལ་ཞིབ་ཆ་འདོན་ཚུལ་ཤེས་ན་གོ་རྒྱུ་ཤིན་ཏུ་ཆེའོ། །འདི་དག་ནི་སྐྱབས་འགྲོ་ཐམས་ཅད་ལ་མེད་མི་རུང་གི་ཁྱད་པར་…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      རོ། །སྐྱེས་བུ་ཆུང་ངུའི་ལམ་ལ་བློ་སྦྱང་བ་རྣམས་ནི་མི་རྟག་པ་དང་ངན་འགྲོའི་སྡུག་བསྔལ་བསམ་པས་རྒྱུ་བྱས་དངོས་གཞི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་ལས་འབྲས་ཀྱི་བླང་དོར་ལ་འབད་ན་ཆུང་ངུའི་ཆོས་སྐོར་ཐམས་ཅད་དེར་འདུ། འབྲིང་གིས་འཁོར་བའི་སྡུག་བསྔལ་བསམ་པའི་ངེས་འབྱུང་གིས་རྒྱུ་བྱས་ཏེ་སྟོན་པ་སངས་རྒྱས་ཀྱི་རྗེ…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      ལས་སྒྲུབ་པ་དང། རང་གིས་ཀྱང་འཕྲིན་ལས་བཞིའི་སྒོ་ནས་གཞན་དོན་མཁའ་ཁྱབ་ཏུ་བསྒྲུབ་པའི་རྟེན་འབྲེལ་ད་ལྟ་ནས་བསྒྲིགས་པ་ཡིན་པས་དེ་ཐམས་ཅད་ཀྱང་སྐྱབས་འགྲོའི་ཉམས་ལེན་ལས་མ་འདས་ཤིང། མདོར་ན་ལུང་རྟོགས་ཀྱི་བསྟན་པ་ཐམས་ཅད་སྐྱབས་འགྲོའི་ཆོས་སྐོར་དུ་གཏོགས་པ་ཡིན་ཏེ། རྒྱུད་བླ་དར་ཊཱིཀ་ལས། སྐྱབས་འགྲོ་འདི་ལ་གོ་བ་ལེགས་པར་ཆགས་ན་གསུང…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      ལམ་ཚུལ་མཐུན་གྱིས་འཁོད་དེ་རང་རྒྱུད་ལ་བརྟགས་ནས། ད་རེས་མི་ལུས་ཐོབ་ཀྱང་བློ་བདེ་བའི་གདེང་ཚད་སེམས་ལ་འཛིན་རྒྱུ་ཅིའང་མ་བྱས། ཉེས་ལྟུང་སྒོ་དུ་མ་ནས་བསགས་པ་ནི་མཐའ་ཡས་པས་ནམ་དབུགས་ཀྱི་རྒྱུ་བ་འདི་འགག་མ་ཐག་ངན་སོང་དུ་ལྟུང་བ་ལས་འོས་མི་འདུག་ཅིང། དེར་སྐྱེས་ན་སྡུག་བསྔལ་བཟོད་གླགས་མེད་པའི་ཚུལ་བསམ་སྟེ་ཤིན་ཏུ་འཇིགས་ཤིང་སྐྲག…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      ཀྱི་སྟེང་དུ་སེང་ཁྲི་པད་ཟླ་ཉི་མའི་གདན་ལ་རྒྱལ་བ་རྡོ་རྗེ་འཆང་ལ་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡས་ཕྱོགས་སུ་རྗེ་བཙུན་བྱམས་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡོན་ཕྱོགས་སུ་རྗེ་བཙུན་འཇམ་དབྱངས་ལ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་ལན་གང་མང་བརྗོད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། བླ་མ་ཐུབ་པའི་དབང་པོ་དང་དངོས་བརྒྱུད་ཀྱི་བླ་མ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཉེས་ལྟུང་སྡིག་སྒྲིབ་ཐམས་ཅད་དང། ཁྱད་པར་དུ་བླ་མའི་སྐུ་ལ་བསྡོ་བ་གསུང་བཅག་པ་ཐུགས་དཀྲུག་པ་ལ་སོགས་བླ་མ་ལ་…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      པོ་ཏི་རྣམས་ལས་བདུད་རྩིའི་རྒྱུན་བབས། རང་གཞན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་གསུང་རབ་རྣམས་ཟོང་དུ་བྱས་པ། གཏའ་མར་བཅུག་པ། ས་སྒྲེ་མོ་ལ་བཞག་པ། འགོམ་ཡུག་བྱས་པ་སོགས་དང། ལྷག་པར་ཡང་ཆོས་དང་ཆོས་སྨྲ་བ་ལ་སྨད་པ། བཤད་སྒྲུབ་ཀྱི་གེགས་བྱས་སོགས་ཆོས་སྤོང་གི་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་ནས་དེའི་སྐ…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      ཅན་རྣམས་སྐྱེ་བའི་སྣོད་རུང་དུ་གྱུར་པར་བསམ། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གང་མང་བརྗོད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། མགོན་པོ་ཕྱག་དྲུག་པ་སོགས་ཆོས་སྲུང་རྣམས་ཀྱི་སྐུ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་ནས་རང་གི་ལུས་ལ་ཞུགས་པས་སྡིག་སྒྲིབ་ནད་གདོན་ཐམས་ཅད…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གང་མང་བརྗོད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། ཚོགས་ཞིང་ཐམས་ཅད་ཀྱི་སྐུའི་ཆ་ལས་བདུད་རྩིའི་རྒྱུན་བབས། རང་གཞན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་སྡིག་སྒྲིབ་ཐམས་ཅད་དག །ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      བཟང་པོའི་ཞལ་ནས་གསུངས་སོ། །དེ་ནས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་རྒྱུན་བཤགས་སམ་ཡན་ལག་བདུན་པར་གྲགས་པ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱང་འདིའི་དཀྱུས་སུ་འདོན་སྲོལ་ཡོད་པ་བཞིན་བྱེད་ན་ཚིག་རིས་ཀྱི་རིམ་པ་ལྟར། ཐམས་ཅད་ཀྱི་གཞི་རྟེན་ཞིང་ས་ལྟ་བུའི་སྐྱབས་འགྲོ་དང་ཞིང་ལ་རྡོ་དང་གསེག་མ་སོགས་ས…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      ཐོག་མ་མེད་པ་ནས་བདེ་བ་ཁོ་ན་འདོད་ཀྱང་དེའི་རྒྱུ་མ་བསྒྲུབས་པས་བདེ་བ་རྣལ་མ་ཞིག་དང་མ་ཕྲད་པར་འདུག །ད་ལྟ་བདེ་བར་རློམ་པ་བག་རེ་ཡོད་ནའང་མྱུར་དུ་སྡུག་བསྔལ་དུ་འགྱུར་ནས་འགྲོ་བས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་། ལྡན་པར་གྱུར་ཅིག་ཅེས་བྱམས་པ་དང་། འདི་རྣམས་ཐོག་མེད་ནས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་བསྒྲུབས་པས་སྡུག་…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་ཤུགས་དྲག་ཏུ་བསྒོམས་པས་ཚོགས་ཞིང་ཐམས་ཅད་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་ནས་ཕ་མ་སེམས་ཅན་ཐམས་ཅད་ལ་ཕོག་པས་ཉེ་རིང་ཆགས་སྡང་ལ་སོགས་པའ…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      སྐུ་ཁྲུས་གསོལ་བ་དང། ལྷ་རྫས་ཀྱི་ན་བཟའ་དང་རྒྱན་འབུལ་བའི་དམིགས་པ་སོགས་ཚིག་རིས་ལྟར་བྱ། སྤྲོ་ན་ཡན་ལག་བདུན་པ་རྒྱས་པར་བྱས་ལ་མཎྜལ་སོ་བདུན་མའམ་བདུན་མ་དབུལ། ཡོན་ཏན་གཞིར་གྱུར་མའམ་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་གདབ། ཐུན་བསྡུ་བའི་ཚེ། བླ་མ་ཐུབ་པའི་དབང་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཐའ་སྐོར་ན་བཞུགས་པའི་ཚོགས་ཞིང…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      བོད་ཀྱི་རྒྱལ་བློན་རྣམས་ཀྱིས་དཀའ་ཚེགས་ཆེན་པོས་སྤྱན་དྲངས་སྐབས་ཀྱང་བོད་སྟོན་རྣམས་གསང་སྔགས་ཟབ་མོའི་ཆོས་འདི་ལས་ལྷག་པ་མེད་ཟེར་བའི་ཁ་པོ་ཅན་ཞིག་གསུང་དུ་རེའང། ཇོ་བོ་ཆེན་པོས་མ་མཛངས་ཀྱིས་བུ་གསོ་བའམ། ནད་པ་ལུས་ཟུངས་གསོ་བ་བཞིན་སློབ་མའི་རྒྱུད་ཚོད་དང་འཚམ་པ་ཞིག་དགོས་པར་གཟིགས་ནས་སྐྱབས་འགྲོ་ལས་འབྲས་ཀྱི་ཆོས་སྐོར་འདི་ཁོ…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      རྩོམ་བྱེད་དུ་བྱས་ཞེས་པའི་དོན་ཡང་དེ་ཡིན་ནོ། །གསུམ་པ་སྔོན་བསགས་པའི་སྡིག་སྒྲིབ་ཟད་པར་འགྱུར་བ་ནི། ལམ་རིམ་ཆེན་མོ་ལས། ཕག་ཏུ་སྐྱེ་བར་འགྱུར་བའི་ལྷའི་བུས་སྐྱབས་འགྲོ་བྱས་པས་དེར་མ་སྐྱེས་པ་ལྟ་བུ་སྟེ་སྐྱབས་འགྲོ་བྱས་པས་ངན་འགྲོའི་རྒྱུ་དག་པའི་ཕྱིར་རོ། །ཞེས་གསུངས་ཏེ། སྡིག་པ་ཚན་པོ་ཆེ་བྱས་ནས་ངན་འགྲོའི་གཡང་སར་ལྟུང་དུ་ཉ…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      ཡོན་ཕུལ་བའང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་བོ། །མཚུངས་པ་མེད་དོ། །གྲངས་མེད་དོ། །ཞེས་ཡུལ་དཀོན་མཆོག་གི་ཡོན་ཏན་དང་ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི་དབང་གིས་དེ་ལ་བརྟེན་པའི་བསོད་ནམས་ཀྱི་ཕུང་པོའང་བསམ་གྱིས་མི་ཁྱབ་པ་དང་ཟད་པ་མེད་པར་གསུངས་ཏེ། བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་མི་ཟད་པའི་སྒྲ་དོན་གྱི་སྐབས་ཆེད་དུ་…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      ཀྱིས་མི་ཚུགས་པ་ནི། མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང། །སྡུག་བསྔལ་ཀུན་ལས་མི་འགྲོལ་ཞིང། །གང་ཚེ་གང་ཞིག་སངས་རྒྱས་དང། །ཆོས་དང་དགེ…
      GTD003 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག
      མཛད་པའི་དགོས་པའང་དེ་ཡིན་ལ། དེའི་རྒྱུ་མཚན་ནི་སྐྱབས་སུ་སོང་བས་བསོད་ནམས་རླབས་པོ་ཆེ་གསོག་པ་དང། བསོད་ནམས་ཀྱི་དབང་གིས་འདོད་དོན་སྨོན་པ་བཞིན་འགྲུབ་པ་ཡིན་ཏེ། རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཅེས་དང། སའི་སྙིང་པོ་འཁོར་ལོ་བཅུ་པའི་…