Author
About 40% of texts have an author recorded — this list will grow as more are attributed.
6649 results
— page 209 of 333
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
རྒྱུ་མཚན་དེའི་དཀའ་འགྲེལ་དང་འགྲེལ་པ་དྲན་པར་རྟག་ཏུ་མི་གནས་པའི་མྱང་འདས་ལ་བཞུགས་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་ཀྱང༌། སྦས་དོན་ཀུན་གསལ་དུ་བཤད་ཚུལ་དེ་མི་འཐད་པར་གསུངས། རིན་ཆེན་འབྱུང་གནས་ཞི་བས་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་གཞིའི་ཚིག་ཕྲད་སྦྱར་བར་མ་མཛད་དེ། སྔ་མ་ཉིད་ལ་སྦྱར་བའི་ཕྱིར། ཞེས་གསུངས་ཤིང༌། དུ་ཛ་ཡ་ཙ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཇིགས་བྱེད་དོ། །ཞེས་དང༌། སོ་ན་ཤྲཱིའི་འགྲེལ་པ་ལས། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་རྡོ་རྗེ་སེམས་དཔའི་ངོ་བོ་ནི་རྡོ་རྗེ་འཇིགས་བྱེད་དོ། །ཞེས་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྟོག་བདུན་རྣམ་བཤད་ལས། བརྗོད་མེད་ཀྱི་རྡོ་རྗེ་དང་ཐབས་བདེ་བ་ཆེན་པོ་དགའ་བ་བཞི་མཐར་ཐུག་པའི་ཡེ་ཤེས་གཉིས་སྒྲི…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
ཀྱང༌། དོན་ཕྱོགས་མཐུན་གྱི་རྒྱུད་ཡིན་ལ། དེའི་འགྲེལ་པ་པདྨ་རྡོ་རྗེས་མཛད་པར་སྒྲོན་གསལ་བཞིན་དུ་གླེང་གཞིའི་ཡི་གེ་རེ་རེ་ནས་བཤད་ཅིང༌། ཁྱད་པར་ཨེ་ཝཾ་ལ་བཤད་པ་མི་འདྲ་བ་མང་དུ་བྱས་སྣང་ནའང་དོན་གྱི་གནད་སྔར་བཤད་པ་དང་འདྲའོ། །སངས་རྒྱས་མཉམ་སྦྱོར་གྱི་གླེང་གཞིར། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
གཉིས་ཀར་ཡོད་ཅིང༌། གསང་བ་མཆོག་གི་ཞེས་སོགས་མ་རྒྱུད་ཀྱི་རང་སྐད་ལྟ་བུ་ཡིན་ལ། དེའང་བསྐྱེད་རིམ་ལ་སྦྱར་ཏེ་འབྱུང་བ་རིམ་བརྩེགས་སོགས་བཤད་པའི་ངེས་དོན་རྫོགས་རིམ་ལ་སྦྱོར་ཚུལ་ནི། མངོན་བརྗོད་ལས། ཐམས་ཅད་བདག་ཉིད་རྟག་བཞུགས་པར། །གང་ཞིག་སྔར་ནས་བཤད་པ་ཉིད། །དཀྱིལ་འཁོར་ལུས་ནི་ཡིན་པར་བཤད། །དེ་ནི་སྒོ་དགུ་དག་ཏུ་འགྱུར། །ཞེས་ག…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
གསུངས། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་ལ་སོགས་པའི་ཐ་སྙད་ཀྱང་རྒྱུད་དང་གྲུབ་ཆེན་དུ་མས་གསུངས་སོ། །དབུ་མར་འཇོག་པའང་ཡུལ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུས་ཡིན་པར་མ་ཟད། ཡུལ་ཅན་ཡེ་ཤེས་ཀྱང་རང་རྐྱང་གི་རྒྱུ་བ་དྷཱུུ་ཏཱིར་ཚུད་པའི་ཆ་ནས་གཉིས་སྤངས་དབུ་མའི་ལམ་དུ་བཤད་དོ། །གལ་ཏེ་ཕྱག་ཆེན་ཞེས་པ་ཕྱག་ཆེན་ཐིག་ལེ་ལ་བྱེད་ན…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
ཞེས་སོགས་ཕྱག་རྒྱའི་པདྨ་ལ་བརྟེན་ནས་རླུང་དང་ཡེ་ཤེས་རྡོ་རྗེ་སྐྱིལ་ཀྲུང་སྟེ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོར་བསྐྱེད་པ་ལ་སངས་རྒྱས་སུ་བཤད་པ་མང་ཞིང༌། ཆོས་ནི་སྔགས་ཀྱི་ལམ་འབྲས་གང་བཤད་ཐམས་ཅད་ལ་རྡོ་རྗེའི་སྒྲ་སྦྱར་བ་ཉིད་དེ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་སུ་འདི་བ་སྟོན་ཆེད་ཡིན་ཏེ། དགེ་འདུན་ཡང་དེ་དང་འདྲའོ། །དེར་མ་ཟད་རྡོ་རྗེ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
གྲུབ་པའི་མཐའ་རྣམས་ལ། །འདི་ནི་སྙིང་པོར་རབ་ཏུ་བཤད། །ཅེས་དང༌། བརྟག་གཉིས་ལས། དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་གསུངས་ལ། དེའི་དོན་མཁས་གྲུབ་རྗེའི་རྣམ་བཤད་ལས། ལྷན་སྐྱེས་དེ་ནི་ཡིད་སྐྱོབ་པས་ངེས་དོན་གྱི…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
བའི་དོན་ཡིན་གྱི་ལྷའི་རྣལ་འབྱོར་གྱི་བྱེད་པར་འདུ་བའི་དོན་མིན་ནོ་ཟེར་བ་ནི། ལོག་པར་རྟོག་པ་ཆེན་པོ་ཡིན་ཏེ། བདེ་ཆེན་གྱི་ཡེ་ཤེས་གཅིག་པུ་དེས་ངེས་པ་སྟོང་ཉིད་ལ་དྲངས་ཤིང༌། གཟུང་རྣམ་ལྷ་སྐུར་འཆར་བ་དང༌། མདོར་ན་གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷ་སྐུར་འཆར་བའི་ཚུལ་བློས་མ་ལྕིག་པར། ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
དམ་པའི། །བདེ་བ་ཆེན་པོ་མཁའ་ཁྱབ་སྟེ། །སངས་རྒྱས་ཉིད་དོ་དེ་བཞུགས་གནས། །སྟོང་གཞི་ཆོས་ཉིད་ཟམ་ཏོག་ཏུ། །བཞུགས་པ་དེ་ཉིད་པདྨ་ལའོ། །མེ་ཞེས་པདྨ་ལ་ཞེས་དོན། །དེ་རྣམས་སངས་རྒྱས་ཟམ་ཏོག་ཏུ། །བཞུགས་པའི་དོན་ཡིན་ཟ་མ་ཏོག །བཀོད་པའི་དོན་ཡང་དེ་ཉིད་དོ། །ཨེ་ལ་ཝཾ་དང་ཨ་ལ་ཧཾ། །ཤེས་རབ་ཐབས་དང་སྟོང་ལ་བདེ། །སྟོང་ལ་སྙིང་རྗེ་ཨ་ཀཱ་ལི། …
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
འཆད་པར་འགྱུར་བས། འདིར་དངོས་ཟིན་ཙམ་ནི། ཐབས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མ་ཎིའི་ངེས་དོན་དང༌། དེ་གང་ལ་བརྟེན་པའི་གཞི་ཤེས་རབ་སྟོང་པ་ཉིད་ནི་པདྨའི་ངེས་དོན་ཏེ། མེའི་འགྲེང་བུར་འགྲོ་རྒྱུའི་ཨེ་ཡིག་གིས་བདེ་ཆེན་ཝཾ་གྱི་བདག་ཉིད་དེ་འདི་ལ་བཞུགས་པར་བསྟན་པ་སྟེ། ཟ་མ་ཏོག་བཀོད་པ་ཞེས་པ་དང་དོན་འདྲ་བར་གསུངས། ཟ་མ་ཏོག་བཀོད་པ་ཉི…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
རྡོ་རྗེ་སེམས་དཔའ་བཞུགས་པའི་དོན་ནོ། །ཨ་ཀཱ་ལི་ཞེས་སོགས་དབྱངས་གསལ་རྣམས་ཀྱང་ཐབས་ཤེས་སུ་འདུ་ཚུལ་དང༌། དེའི་རྒྱུ་མཚན་གྱིས་ཟླ་ཉིའི་སྒྲས་བསྟན་ཚུལ་སོགས་གསུངས་པ་ཡིན་པས། དོན་འདི་ལ་དགོངས་ནས་རྗེ་བཙུན་དམ་པ་ཉིད་ཀྱིས་སོག་ཡིག་གསར་པ་རང་བྱུང་སྣང་བ་ཞེས་བྱ་བ་མཛད་པའི་ཚེའང་ཡུལ་སྐད་ཀྱི་དབང་གིས་དབྲི་བསྣན་ཅུང་ཟད་ཙམ་མ་གཏོགས་དབ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
སོན་འཁོར་ལོ། །ཞེས་སོགས་གོང་དུ་དྲངས་པ་ལྟར། སྟེང་འོག་གི་རྩ་འཁོར་གྲུ་གསུམ་གཉིས། བར་གྱི་ཟླུམ་པོ་གཉིས་སོ་སོར་ཁ་སྦྱོར་ལྟ་བུར་ཡོད་པ་ལ་གནད་དུ་བསྣུན་པས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་མཚོན་ཏེ། དགའ་འཁྱིལ་གྱི་ཕྱེད་ཀ་གཉིས་ཀྱིས་རྩ་འཁོར་ཟླུམ་པོ་གཉིས་མཚོན་ནོ། །ཡང་དགའ་འཁྱིལ་གྱི་ཕྱོགས་གཅིག་སྟེང་ངོས་ནས་མར་ཇེ་སྦོམ་དུ་འག…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
པ་མཚོན་ནོ། །མཇུག་གི་ནོར་བུ་དང་པདྨའང་བསྔོ་བ་སོགས་ལ་སྦྱར་བ་མི་རུང་བ་མེད་ཀྱང༌། གཙོ་བོར་གྱུར་པ་ནི་ནོར་བུ་པདྨའི་ངེས་དོན་ཨེ་ཝཾ་བདེ་སྟོང་དབྱེར་མེད་ཉིད་དུ་ཡང་ཡང་བསྒྲུབས་ཏེ། ཡི་གེ་འདིའི་སྟེང་ནས་ཐོས་བསམ་སྒོམ་གསུམ་བྱེད་པ་ཐམས་ཅད་ཀྱང་དེའི་ཡན་ལག་ཏུ་འཁྱེར་ཤེས་པ་དགོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ་མ་ཎི་པདྨ་ཉིད་ཀྱི་བཀ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོགས་པ་ཡི། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་དང༌། མགོན་པོ་བདེ་བ་ཆེན་པོའི་གསང་བ་གྲུབ་པ་ལས། རྩྭ་ཤིང་འཁྲིལ་ཤིང་ལ་སོགས་པ། །ཀུན་ཏུ་གནས་པར་གྱུར་ན་ཡང༌། །མི་ནི་ཐབས་དང་བྲལ་བ་…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
ཞེས་ཡུལ་གྱིས་ཁྱབ་པ་ལ་ཡུལ་ཅན་གྱིས་ཀྱང་ཁྱབ་པར་བཏགས་ནས་བཤད་ཚུལ་གསལ་བར་གསུངས་སོ། །དེ་དག་གི་གནད་བསྡུས་ཏེ་རྫོགས་རིམ་དངོས་གྲུབ་སྙེ་མ་ལས། དེ་ལྟར་ན་ལྷན་སྐྱེས་ཀྱི་བདེ་བའི་སྟེང་ནས་ཆ་སོ་སོར་ཕྱེ་ནས་སྐབས་སུ་གང་བབས་པའི་ཁྱབ་ཚུལ་རྣམས་སོ་སོར་ཤེས་པར་བྱ་ཡི། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱིས་རྟག་པ་དང་ཁྱབ་པ་ཁས་བླངས་…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
ཤིང༌། སྟོང་གཟུགས་དམིགས་བཅས་སུ་གསུངས་ལ། ཞེས་གསུངས་པ་ལྟར་རོ། །འདིར་བཤད་པའི་སྙིང་རྗེའང་བདེ་བ་ཆེན་པོ་ལ་བྱེད་ཀྱི། སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཀྱི་ཐེག་པ་ཐུན་མོང་བའི་སྙིང་རྗེ་ཙམ་ལ་མི་བྱེད་དེ། མངོན་བརྗོད་ལས། བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། །ཞེས་དང༌། མན་ངག་སྙེ་མ་ལས། ཐབས་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འག…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
དང་ལྡན་ལ། ཡེ་ཤེས་འདི་ཉིད་མེད་ན་གཞན་དོན་ཉི་ཚེ་བ་ཙམ་འབྱུང་ཡང༌། ས་གསུམ་གྱི་འགྲོ་བ་མ་ལུས་པའི་སྡུག་བསྔལ་དྲུངས་ཕྱུང་སྟེ། ཕན་བདེ་ལ་འགོད་པའི་བྱེད་ལས་ཁྱད་པར་ཅན་གྱི་སྒོ་ནས་རེ་བ་ཚིམ་པར་བྱེད་མི་ནུས་པའི་ཕྱིར། སམྦུ་ཊ་ལས། ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེ་ཉིད། །ཅེས་དང༌། ས་ར་ཧས། བདེ་བ་གང་གིས་རྣ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
སོགས་མིང༌། །སྣ་ཚོགས་ཡུལ་གྱི་ཐ་སྙད་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བརྗོད། །སྣ་ཚོགས་སེམས་ཅན་བསམ་པས་ཀྱང༌། །རྟེན་གྱི་མཚན་ཉིད་གནས་དང་ནི། །བརྟེན་པ་དག་ཀྱང་བདག་གིས་བརྗོད། །ཅེས་སོགས་རྒྱུད་སོ་སོ་ལས་མི་འདྲ་བ་ཇི་སྙེད་ཅིག་འབྱུང་སྟེ་ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། མིང་དུ་མས་དོན་གཅིག་གོ་བར་བྱེད་པ་དཔེས་བསྟན་པ། ཞེས་པ་ནས། ཝ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
མེ་གཉིས། ནམ་མཁའ་རྣམ་ཤེས་གཉིས་རྣམས་ཟུང་གསུམ་དུ་བྱས་ཏེ་གཤིབས་པ་གསུམ་འབྱུང་བ་རྩེ་སྤྲད་པས་ཨེ་ཡིག་གྲུ་གསུམ་འགྲུབ་པ་ནི་གསལ་བྱེད་དང་ཉི་མའི་ཆོས་ཐམས་ཅད་འདུས་པས་ཤེས་རབ་གཙོ་བོར་གྱུར་པ་སྟེ། རྒྱ་གར་དྷ་རའི་ཡི་གེ་ལ་ཨེ་བཾ་གྱི་དབྱིབས་འདི་བཞིན་དུ་ཡོད་པ་ལེགས་པར་འགྲུབ། ཅེས་གསུངས་པ་བཞིན་དུ། སྐབས་འདིར་དབྱངས་ཡིག་འདུས་པ་ཝཾ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
དང༌། །ཞེས་པ་ལ། བདག་གི་ལག་ཏུ་བྱུང་བའི་དཔེ་འདིར། ཉེ་ཡིག་ཅེས་འདུག་ཅིང༌། དཔེ་གཞན་ལ་ཇི་ལྟར་ཡོད་པ་མ་ཤེས་ཀྱང༌། འདི་ནས་ཀྱཻ་རྡོར་དང་བདེ་མཆོག་སོགས་རིམ་པ་བཞིན་གསུངས་པར་སྣང་བས་ངེས་པར་ཧེ་ཡིག་བྱེད་དགོས་ཏེ། བརྟག་པ་དང་པོའི་དབུར། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །ཅེས་གསུངས་པ་བཞིན་ནོ། །འཁོར་ལོ་སྡོམ་པའི་དོན་ཡང་སྦས་དོན་ཀུན་ག…