Author
About 40% of texts have an author recorded — this list will grow as more are attributed.
6649 results
— page 214 of 333
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས།
བ་བརྒྱ་རྩ་བརྒྱད་བཟླས་ཏེ་གསུང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྲེང་བའི་རྣམ་པར་བསམས་ལ། ལག་པའི་མཐེབ་སྲིན་གྱིས་བཟུང་སྟེ། གཙོ་བོ་རང་གི་སྙིང་པོ་དང་ཉེ་སྙིང་ཟློ་ན། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་སྔོན་པོའམ། ནཱ་ད་རྐྱང་བ་ལ་བལྟས་ལ། དེ་ལ་བཟླས་བྱའི་སྔགས་ཀྱིས་བསྐོར་བར་དམིགས་ཏེ། དབུས་ཀྱི་ཡི་གེ་ལས་འཁོར་ལོ་ལྔའི་ལྷ་ཚོགས་…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས།
དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཤ་ཆེན་གྱིས་བརྒྱན་པ་གཉིས། དུམ་སྐྱེས་མའི་སྔགས་ཀྱིས་བསངས། ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། འབར་བའི་ཕྱག་རྒྱ་དང་བཅས། ཕེཾ། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ཕྱོགས་སྐྱོང་དང་བཅས་པ་སྤྱན་དྲངས། ཤྲཱི་ཧེ་རུ་ཀ་ཨརྒྷཾ། ཞེས་སོགས་ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ནས། ལག་པ་གཉིས་ཨ་ཨཱ། …
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས།
ལྷ་ལ་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱིས་དབུལ་ལོ། །རིག་མ་བཅུ་དྲུག་གིས་མཆོད། རྐང་བརྒྱད་ཀྱིས་བསྟོད་ལ། འདོད་དོན་ལ་གསོལ་བ་གདབ་པ་ནི། སྲིད་པ་དང་མཉམ་ཞི་བའི་ཆགས་བཅོམ་ཀུན་ཏུ་རྟོག་པ་འཇོམས། །ཁྱོད་ནི་དངོས་པོ་མཐའ་དག་མཁའ་ལྟར་གཟིགས་པ་དང་ལྡན་པ། །མགོན་པོ་ཤིན་ཏུ་བརྩེ་བ་ལྕི་བའི་ཆུས་བརླན་ཐུགས་ཀྱི་ཆུས། །མཛོད་ཅིག་ལྷ་མོ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས།
ཞེས་བརྗོད་ཅིང་སྙིང་གར་པད་ཀོར་གྱི་ཕྱག་རྒྱས་མཉེས་པར་བྱས་ལ་ཕྱག་རྒྱ་སྡུད་པ་ན་ལག་པས་འཁྱུད་པའི་ཚུལ་བྱ་ཞིང༌། མཐེ་བོང་དང་སྲིན་ལག་གིས་སེ་གོལ་གཏོག་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་ཤིང༌། དཀྱིལ་འཁོར་གྱི་འཁོར་ལོ་རང་ཉིད་ལ་ཐིམ་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གཙོ་བོ་ཡ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས།
ཞུ་ནས་སྙིང་གའི་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་ཨུ་ཧ་ལ་ཐིམ་པ་ནས། ནཱ་ད་ཡང་མི་དམིགས་པར་བྱས་ལ། སྟོང་པའི་ངང་ལས་རང་ཉིད་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་བཞེངས་པ་ལ། ཡབ་ཡུམ་གྱི་གོ་ཆ་བསྡུས་པ་འགོད་པ་དང་གོ་ཆ་ཆེན་པོའི་བསྲུང་བ་རྣམས་ཀྱང་བྱས་ནས་ཐུན་མཚམས་སུ་འཇུག་པར་བྱ་ཞིང༌། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས།
ཀུན་གྱི་བླ་མ་དཔལ་ལྡན་ཧེ་རུ་ཀའི། །སྒྲུབ་ཐབས་ནག་པོ་སྤྱོད་པའི་བཞེད་གཞུང་བཞིན། །སྦྱར་བའི་དགེ་འདིས་འགྲོ་བ་མ་ལུས་པ། །གསང་ཆེན་ཐེག་པ་མཆོག་གི་སྒོར་ཞུགས་ཏེ། །རྣལ་འབྱོར་མ་ཚོགས་བྱེ་བའི་གྲོགས་དང་བཅས། །བརྟན་གཡོའི་དངོས་ཀུན་ལྷན་སྐྱེས་བདེ་ཆེན་དུ། །སྡོམ་མཛད་བཅོམ་ལྡན་དཔའ་བོའི་གནས་ཐོབ་ཤོག །ཅེས་གྲུབ་ཆེན་ནག་པོ་སྤྱོད་པའི་…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས་མདོར་བསྡུས་བཞུགས་སོ། །
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
རྩ་བའི་བླ་མ་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཞབས་ལ་ཕྱག་འཚལ་ལོ། །ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱང་གིས་བཞུགས་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར། ཨོཾ་ཁཎྜ་རོ་…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
ཅིག་གིས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པའི་ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿ ཧཱུཾ་ཧཱུཾ་ཕཊ། ལན་གསུམ་མམ། བསྡུ་ན། ཨོཾ་ཨཱཿ ཧཱུཾ་གིས་ཆོག །རང་གི་ལྟེ་བའི་ཕྱོགས་སུ་སྔགས་འཕྲེང་གཡོན་སྐོར་དུ་གནས་པ་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་བསྐྲད། སླར་བྱོན་ནས་རང་ལ་ཐིམ་པར་གྱུར། རང་ཧེ་རུ་ཀར་གསལ་བའི…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
ཅད་བསྡུས་པའི་སྟོང་པའི་ངང་ལས་རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་འགྲེང་བ་ཤིན་ཏུ་ཕྲ་བ་དཀར་ལ་དམར་བའི་མདངས་ཆགས་པ་ནམ་མཁར་གནས་པར་གྱུར། སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་རེ་མེ་རི་དང་བཅས་པའི་དབུས་སུ་འབྱུང་བཞི་རིམ་བརྩེགས་རི་རབ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
ཡེ་ཤེས་ཏེ། དེའང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་གདན་ལ་རང་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ག་ཞལ་བཞི་པའི་རྩ་ཞལ་ནག །གཡོན་ཞལ་ལྗང༌། རྒྱབ་ཞལ་དམར། གཡས་ཞལ་སེར་བ། ཞལ་རེ་རེའང་སྤྱན་གསུམ་གསུམ་པ། ཕྱག་བཅུ་གཉིས་པ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
རྒྱས་བཏབ་པ། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་ཕྱག་གཡོན་པས་ཡབ་ཀྱི་མགུལ་བ་ནས་འཁྱུད་པའི་ཐོད་པ་ན་བདུད་བཞི་ལ་སོགས་པའི་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། གཡས་པས་ཕྱོགས་བཅུའི་གདུག་པ་ཅན་ཀུན་ལ་གྲི…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
གསུམ་ལས་འཁོར་ལོ་གསུམ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་བྱང་སེམས་བ་མོ་ལྟ་བུ་འཛག་པ། ཉུངས་ཀར་སྦོམ་པོའི་ཚད་ཀྱི་དཔྱིད་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ། ལྟེ་བའི་དམར་ཆ་གཏུམ་མོའི་མེའི་གཟུགས་ཀྱི…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
བཞིའི་རྩ་དང་ཁམས་ངོ་བོ་དབྱེར་མེད་དུ་གནས་པ་ཡོངས་སུ་གྱུར་པ་ལས། རྩ་ནང་གི་ཁམས་ལས་དཔའ་བོ་ཉེར་བཞི་དང༌། རྩ་ལས་དཔའ་མོ་ཉེར་བཞིར་གྱུར་པ་ནི། སྐྲ་མཚམས་པཱུ་ལཱི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ། སྤྱི་གཙུག་ཛཱ་ལནྡྷ་རར་མཧཱ་ཀངྐ་ལ་དང་གཏུམ་མིག་མ། རྣ་བ་གཡས་པ་ཨོ་ཌི་ཡ་ནར་ཀངྐ་ལ་དང་འོད་ལྡན་མ། ལྟག་པ་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
སཽ་རཤྚར་རྟ་མགྲིན་དང་ཆང་འཚོང་མ། བྱིན་པ་གཉིས་སུ་ཝརྞ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། སོར་མོ་བཅུ་དྲུག་ནཱ་ག་རར་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། མཐེ་བོང་བཞི་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
གཡས་སེར་གཡོན་དམར་བ། མིག་གཉིས་སུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། སྣའི་བུག་པ་གཉིས་སུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། བརྒྱད་ཀའང་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པའི་མཆན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་རོའི་གདན་ལ་གཡས་བརྐྱང་གིས་བཞུགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
ཧཱུཾ་ཧོ་དམར་སེར། དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་རང་བཞིན་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུ །གཙོ་མོའི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བཾ་དམར་པོ། སྙིང་གར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡོཾ་སྔོན་པོ། མགྲིན་པར་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲཱིཾ་མོཾ་དཀར་པོ། མགོ་བོར་ཉི་མ་ལ་སྐྱོད་བྱེད་མའི་ངོ་བོ་…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ཅིང་དབང་གི་ལྷ་རྣམས་རང་ལ་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟའི་བར་དང༌། ཨོཾ་བཛྲ་ཝི་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཝཾ་ཤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མྲྀ་ཏཾ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མུ་ར་ཛེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཧ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ལཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གཱིརྟི་ཧཱུ…
GTD006
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
དྲིལ་བུ་ལུས་དཀྱིལ་གྱི་མངོན་རྟོགས།
སུ་མྱོང་ཞིང༌། བདེ་བ་དེ་དང་སྟོང་པ་ཉིད་རོ་གཅིག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པས་དགྱེས་པར་གྱུར། དེ་ནས་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་གཉིས་གཉིས་དང་མཁའ་འགྲོ་མ་བཞི་སོགས་ཀྱི་སྔགས་བརྗོད་པས་སྔགས་མཆོད་བྱ། སྤྲོ་ན་སྔགས་དང་བོད་སྐད་ཀྱི་རྐང་བརྒྱད་ཅི་རིགས་པས་བསྟོད་ཅིང༌། བསྡུ་ན། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ…