Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      422 results — page 8 of 22
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རྣམ་དག་ཆོས་ཉིད་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་དོན་དམ་གྱི་རྒྱལ་བ་རྣམས་སུ་བཞུགས་ཚུལ།
      JKD002 · དོལ་པོ་པ།
      དེ་བཞིན་དུ་གདོད་ནས་[རང་བཞིན་གྱིས་]དག་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་ཤེས་དྲུག་ནི་སའི་སྙིང་པོའི་མི་བསྐྱོད་པ་[མཁའ་ཁྱབ་]དང༌། ཕྱག་ན་རྡོ་རྗེའི་མི་བསྐྱོད་པ་[མཁའ་ཁྱབ་]དང༌། ནམ་མཁའི་སྙིང་པོའི་མི་བསྐྱོད་པ་[མཁའ་ཁྱབ་]དང༌། འཇིག་རྟེན་དབང་ཕྱུག་གི་མི་བསྐྱོད་པ་[མཁའ་ཁྱབ་]དང༌། སྒྲིབ་པ་རྣམ་སེལ་གྱི་མི་བསྐྱོད་པ་[མཁའ…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རྣམ་དག་ཆོས་ཉིད་ཀྱི་ཁམས་དྲུག་པོ་དོན་དམ་གྱི་དེ་བཞིན་གཤེགས་མ་དྲུག་ཏུ་བཞུགས་ཚུལ།
      JKD002 · དོལ་པོ་པ།
      ད་ནི་སྔར་འཆད་བཞིན་པའི་འདྲེས་རྐང་གི་འཚམས་ལ་འཇུག་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་སའི་ཁམས་[མཁའ་ཁྱབ་]གང་ཡིན་པ་དེ་ནི་སངས་རྒྱས་སྤྱན་མ་[མཁའ་ཁྱབ་]སྟེ། དེ་བཞིན་དུ་[གདོད་ནས་དག་པའི་]ཆུ་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]མེ་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]རླུང་[མཁའ་ཁྱབ་]དང༌། [གདོད་ནས་དག་པའི་]ནམ་མཁའ་[མཁའ་ཁྱབ་]དང༌…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རྣམ་དག་ཆོས་ཉིད་ཀྱི་ཡན་ལག་བཅུ་གཉིས་དོན་དམ་གྱི་ས་དང་བདེན་དོན་བཅུ་གཉིས་ལ་སོགས་པར་བཞུགས་ཚུལ།
      JKD002 · དོལ་པོ་པ།
      དེ་བཞིན་དུ་ཀུན་བརྟགས་[དང་]གཞན་དབང་དུ་གཏོགས་པ་ཀུན་རྫོབ་ཀྱི་མ་རིག་པ་ལ་སོགས་པས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་གཞི་གང་ཡིན་པ་དོན་དམ་ཆོས་ཉིད་ཀྱི་མ་རིག་པ་ལ་སོགས་པ་བཅུ་གཉིས་ནི་བདེན་པའི་དོན་རྣམ་པ་བཅུ་གཉིས་[དང༌། མ་རིག་པ་གཞན་ནས་རྒ་ཤི་གཞན་གྱི་བར་ཡིན་]ཏེ། དོན་དམ་པའི་ས་བཅུ་གཉིས་དང༌། གནས་ལ་སོགས་པ་བཅུ་གཉིས་དང…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རྣམ་དག་ཆོས་ཉིད་ཀྱི་ཕར་ཕྱིན་རྣམས་དོན་དམ་གྱི་ནུས་མ་དང་རིག་མ་དང་མཁའ་འགྲོ་མ་དང་ཕྱག་རྒྱ་མར་བཞུགས་ཚུལ།
      JKD002 · དོལ་པོ་པ།
      དེ་བཞིན་དུ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་ངོ་བོ་ཉིད་གསུམ་དང་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་ཀུན་བརྟགས་ཀྱིས་སྟོང་པའི་གཞི་གཞན་དབང་དང་ལམ་གྱི་བདེན་པར་གཏོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ཀུན་རྫོབ་འདུས་བྱས་ཡིན་པའི་ཕྱིར་གཤིས་ཀྱི་གནས་ལུགས་ལ་མ་གྲུབ་ཅིང་དེ་རྣམས་ཀྱི…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རྣམ་དག་ཆོས་ཉིད་ཀྱི་སྟོང་ཉིད་ཐམས་ཅད་དོན་དམ་གྱི་ལྷ་དང་སྙིང་རྗེ་དང་བདེ་བ་ཆེན་པོར་བཞུགས་ཚུལ་ལ་ལྔ། སྟོང་ཉིད་ཐམས་ཅད་རང་སྟོང་གཞན་སྟོང་གཉིས་སུ་ལེགས་པར་གཏན་ལ་དབབ་པ།
      JKD002 · དོལ་པོ་པ།
      དེ་བཞིན་དུ་སྟོང་ཉིད་བཅོ་བརྒྱད་དང་ཉི་ཤུར་གསུངས་པ་རྣམས་ནི་བཅུ་དྲུག་ཏུ་འདུ་ཞིང༌། དེ་ཡང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་བཏང་བར་མི་བྱའི་…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། དེ་དག་ལས་སྟོང་གཞི་གང་ཡིན་ཐམས་ཅད་དོན་དམ་གྱི་ལྷ་དང་སྙིང་རྗེ་ལ་སོགས་པར་བཞུགས་ཚུལ།
      JKD002 · དོལ་པོ་པ།
      [དེ་བཞིན་དུ་]རྒྱུད་སྡེ་རིན་པོ་ཆེ་རྣམས་སུ། སྟོང་ཉིད་བཅུ་དྲུག་ཀ་བ་[མཁའ་ཁྱབ་]རྣམས། ། ཞེས་[དང་པོའི་སངས་རྒྱས་སུ་གསུངས་པ་]དང༌། ཕྱག་[མཁའ་ཁྱབ་]ནི་སྟོང་པ་བཅུ་དྲུག་ཉིད། །ཅེས་[ཀྱེའི་རྡོ་རྗེར་གསུངས་པ་]དང༌། གཞན་ཡང༌། [འཁོར་ལོ་སྡོམ་ཆེན་དུ་སྙིང་པོའི་]པད་འདབ་བཅུ་དྲུག་[མཁའ་ཁྱབ་]དང༌། [ཕྱིའི་]དུར་ཁྲོད་བཅུ་དྲུག་[མཁའ་ཁྱབ…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། དེ་ལྟར་རྟོགས་ན་མཐའ་གཉིས་སྤངས་པའི་དབུ་མའམ་བར་མ་མ་ནིང་དང་དཔེ་བྲལ་དང་ཕུང་པོ་གསུམ་པར་རྟོགས་ཚུལ།
      JKD002 · དོལ་པོ་པ།
      དེ་རྟོགས་ན་མཐའ་བྲལ་དབུ་མའི་དོན་ཟབ་མོ་ཡང་རྟོགས་པར་འགྱུར་ཏེ། དེ་ནི་མཐའ་དང་བྲལ་ཙམ་གྱི་མེད་དགག་གམ། རྣམ་གཅོད་ཙམ་དུ་བས་པ་མ་ཡིན་གྱི། མཐའ་གཉིས་སྤངས་པའི་དབུས་མའམ་བར་མ་ཡོངས་གཅོད་དུ་གྲུབ་ཅིང་ཕུང་པོ་གསུམ་པ་ཡིན་པའི་ཕྱིར་རོ། །དེ་ཡང༌། འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་བཤད་སྦྱར་དུ། ཡོད་མེད་མིན་ཞེས་ས…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། དེ་ལ་འཁྲུལ་བའི་ལོག་རྟོག་མང་པོ་སྤངས་ནས་དོན་ཡིན་ལུགས་བཞིན་བསྟན་པ།
      JKD002 · དོལ་པོ་པ།
      གལ་ཏེ་དེ་ལྟ་ན་ཡོད་མེད་དང་དངོས་པོ་ཡོད་མེད་དང་གཟུགས་ཡོད་མེད་ལ་སོགས་དངོས་འགལ་ལ་ཕུང་གསུམ་མི་སྲིད་པར་གྲགས་པ་དང་འགལ་ལོ་ཞེ་ན་བདེན་མོད། དེ་དག་ནི་ཀུན་རྫོབ་ཉིད་ཀྱི་དབང་དུ་བྱས་པ་ཡིན་གྱི། དོན་དམ་པ་ནི་ཡོད་མེད་ལ་སོགས་པའི་དངོས་འགལ་གྱི་ཡ་གྱལ་དེ་དག་གང་ཡང་མ་ཡིན་ཏེ། [དུས་འཁོར་ལ་སོགས་པ་མང་པོར།]ཡོད་དང་མེད་ལས་རྣམ་པར་འདས།…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། སྟོང་ཉིད་ཇི་སྙེད་གསུངས་པ་ཐམས་ཅད་ཀྱི་སྟོང་ཚུལ་གཉིས་གཉིས་སུ་བསྡུས་ནས་བསྟན་པ།
      JKD002 · དོལ་པོ་པ།
      དེ་ལྟར་སྟོང་པ་ཉིད་བཅོ་བརྒྱད་རྣམ་པར་དག་པ་དང༌། ཡོངས་སུ་དག་པའི་དོན་ནི་རྣམ་པར་དག་པ་དང་ཡོངས་སུ་དག་པའི་སྟོང་པ་ཉིད་བཅོ་བརྒྱད་དེ་ཀུན་བརྟགས་དང་གཞན་དབང་གི་སྟོང་པ་ཉིད་རྣམས་ཀྱིས་རྣམ་པར་དག་པ་དང་ཡོངས་སུ་དག་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་ཀྱི་སྟོང་པ་ཉིད་བཅོ་བརྒྱད་དོ། །རྡོ་རྗེ་ཕྲེང་བའི་རྒྱུད་དུ་གསུངས་པའི་སྟོང་ཉི…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རྣམ་དག་ཆོས་ཉིད་ཀྱི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དོན་དམ་གྱི་ལྷ་དང་རྒྱུད་དང་གནས་ལ་སོགས་པར་བཞུགས་ཚུལ།
      JKD002 · དོལ་པོ་པ།
      དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རྣམ་པར་དག་པ་དང་ཡོངས་སུ་དག་པའི་དོན་ཡང་ཀུན་བརྟགས་དང་གཞན་དབང་གི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་དག་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་ཀྱི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡིན་ལ་དེ་རྣམས་ཀྱང་རྒྱུད་རྒྱལ་ཟབ་མོ་རྣམས་ཀྱི་གླེང་གཞིའི་ཡི་གེ་སུམ་བཅུ་རྩ་བདུན་དང་དོན་དམ་ཡེ་ཤེ…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རྣམ་དག་ཆོས་ཉིད་ཀྱི་འཕགས་པའི་བདེན་བཞི་ལ་སོགས་པ་ཆོས་ཐམས་ཅད་དོན་དམ་གྱི་ལྷ་རྣམས་སུ་བཞུགས་ཚུལ།
      JKD002 · དོལ་པོ་པ།
      དེ་བཞིན་དུ་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དུ།[འགོག་བདེན་གྱི་]ས་བཅུ་གཉིས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཕར་ཕྱིན་བཅུ་གཉིས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]དབང་བཅུ་གཉིས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]གཟུངས་བཅུ་གཉིས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]སོ་སོ་ཡང་དག་པར་རིག་པ་བཞི་[མཁའ་ཁྱབ་]ཡང་ར…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། ཚུལ་དེ་ལྟར་མཁས་གྲུབ་ཆེན་པོ་དག་གིས་ཀྱང་མདོ་རྒྱུད་སྦྱར་ནས་གསུངས་ཚུལ།
      JKD002 · དོལ་པོ་པ།
      དེ་ལྟར་མདོ་སྔགས་ཟབ་མོའི་དགོངས་པ་མི་འགལ་བར་གཅིག་ཏུ་སྒྲུབ་པ་འདི་ནི་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་དཔལ་ལྡན་ནཱ་རོའི་ཞབས་ཀྱིས་ཀྱང་གསུངས་ཏེ། ཀྱེའི་རྡོ་རྗེའི་རྒྱུད་དུ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་པའི་འགྲེལ་པར། ད་ནི་…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རྣམ་དག་ཆོས་ཉིད་ཀྱི་ཆགས་སོགས་དང་དུས་གསུམ་ལ་སོགས་པ་ཆོས་ཐམས་ཅད་དོན་དམ་གྱི་ལྷར་བཞུགས་ཚུལ།
      JKD002 · དོལ་པོ་པ།
      དཔལ་མཆོག་དང་པོའི་རྒྱུད་དུ་ཡང༌། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས། ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ[མཁའ་ཁྱབ་]འདི་གསུངས་ཏེ། [འགོག་བདེན་གྱི་]འདོད་ཆགས་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]རྣམ་པར་…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རྣམ་དག་ཆོས་ཉིད་ཀྱི་བདག་དང་སེམས་ཅན་ལ་སོགས་པ་ཡང་དོན་དམ་གྱི་ལྷ་རྣམས་སུ་བཞུགས་ཚུལ།
      JKD002 · དོལ་པོ་པ།
      དེ་བཞིན་དུ་[འགོག་བདེན་གྱི་]བདག་[མཁའ་ཁྱབ་]དང་སེམས་ཅན་[མཁའ་ཁྱབ་]ནས་མཐོང་བ་པོའི་བར་དུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དང༌། ཡོངས་སུ་དག་པའི་དོན་ཡང༌། སྔར་བསྟན་པའི་[འགོག་བདེན་གྱི་]བདག་གི་མཐར་ཐུག་པ་དང་དེ་བཞིན་ཉིད་བདག་དག་པའི་བདག་[མཁའ་ཁྱབ་]ལ་སོགས་པ་རྣམས་ཀྱིས་རྟོགས་པར་ནུས་ཤིང༌། ལྷའི་ཟླ་བས་བསྒྱུར་བའི་མྱང་འདས…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། རང་བཞིན་འོད་གསལ་གྱི་གཟུགས་སོགས་ཀྱང་སྔར་བསྟན་པ་རྣམས་དང་དོན་གཅིག་ཚུལ།
      JKD002 · དོལ་པོ་པ།
      དེ་བཞིན་དུ་[འགོག་བདེན་གྱི་]གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་[གདོད་ནས་རང་བཞིན་གྱིས་]ཀུན་ནས་ཉོན་མོངས་པ་མེད་པའོ། །ཞེས་སོགས་དང༌།
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། འཕོ་འགྱུར་དང་སྐྱེ་འགག་མེད་པའི་གཟུགས་སོགས་ཀྱང་སྔར་བསྟན་པ་དང་དོན་གཅིག་ཚུལ།
      JKD002 · དོལ་པོ་པ།
      [འགོག་བདེན་གྱི་]གཟུགས་[མཁའ་ཁྱབ་]ལ་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་[གདོད་ནས་]མེད་པ་ནི་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའོ། །ཞེས་སོགས་རྣམ་མཁྱེན་གྱི་བར་དུ་སྦྱར་བ་རྣམས་ནི་ཆོས་ཉིད་ཀྱི་གཟུགས་ནས་ཆོས་ཉིད་ཀྱྀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་པ་དང་དོན་གཅིག་གོ །གཞན་རྣམས་ནི་ཡི་གེ་ཧ་ཅང་མང་དུ་དོགས་ནས་མ་བྲ…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། དོན་དེ་དག་ཡུམ་རྒྱས་འབྲིང་ལ་སོགས་པའི་དགོངས་པ་ཡིན་པར་བསྟན།
      JKD002 · དོལ་པོ་པ།
      [དེ་བཞིན་དུ་]ཡུམ་རྒྱས་པ་དང་བར་མ་དང་ཁྲི་བརྒྱད་སྟོང་པ་རྣམས་ཀྱི་འགྲེལ་པར་ཡང༌། [འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་གང་ཡིན་པ་དེ་ཉིད་[གཉེན་པོས་དྲི་མ་བྲལ་བའི་]འབྲས་བུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའོ། །ཞེས་བྱ་བ་ནི། [ལམ་བདེན་གྱི་]ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པ…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། དེ་རྣམས་གནས་ལུགས་ཀྱི་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པར་ཡང་བཞུགས་ཚུལ།
      JKD002 · དོལ་པོ་པ།
      དེ་ལྟར་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་ཀྱི་གཟུགས་སོགས་[སངས་རྒྱས་ཀྱི་ཆོས་ཀྱི་བར་]ཐམས་ཅད་ཆོས་ཉིད་ཀྱི་ལྷ་རྣམས་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དེ་རྣམས་ཐམས་ཅད་ཆོས་ཉིད་ཀྱི་སྔགས་[མཁའ་ཁྱབ་]དང༌། རྒྱུད་[མཁའ་ཁྱབ་]དང༌། དཀྱིལ་འཁོར་[མཁའ་ཁྱབ་]དང༌། ཕྱག་རྒྱ་[མཁའ་ཁྱབ་]ལ་སོགས་པར་ཡང་གདོད་ནས་རང་བཞིན་ལྷུན་གྲུབ་ཏུ་བཞུགས…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། ཁམས་གསུམ་དང་དུས་གསུམ་ལས་འདས་པའི་གཟུགས་སོགས་ཀྱང་དེ་དང་མཚུངས་ཚུལ།
      JKD002 · དོལ་པོ་པ།
      ཡང་དེ་རྣམས་ཉིད་ཁམས་གསུམ་དང་དུས་གསུམ་ལས་འདས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་[མཁའ་ཁྱབ་]ལ་སོགས་པར་ཡང་ཡུམ་ལས་གསུངས་ཏེ། ལམ་ཤེས་ཀྱི་བསྔོ་བའི་སྐབས་སུ་ཇི་ལྟར་[འགོག་བདེན་དོན་དམ་གྱི་]གཟུགས་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡི…
      ཀུན་མཁྱེན་དོལ་པོ་པའི་གསུང་འབུམ། དེ་ལྟར་མ་རྟོགས་ན་རང་སྟོང་བསྒོམས་པས་སངས་རྒྱས་མི་ཐོབ་པར་བསྟན་པ།
      JKD002 · དོལ་པོ་པ།
      དེ་ལྟ་བས་ན་རང་རང་ངོ་བོས་སྟོང་པ་ལས་ལྷག་པའམ་གཞན་པའི་སྟོང་ཉིད་ཟབ་མོ་མེད། ཅེས་འདོད་པ་རྣམས་ནི་རྒྱལ་བའི་དགོངས་པ་ལས་རིང་དུ་གྱུར་པ་སྟེ། རྒྱུད་ཀྱི་རྒྱལ་པོར། སྲིད་གསུམ་ཕྲ་རབ་གཟུགས་མིན་[ཏེ་དོན་དམ་བདེན་པ་མེད་ཀྱི་]འདིར་[སྲིད་གསུམ་འདི་]ནི་རྣམ་པར་ཤེས་[པ་ཙམ་ཡིན་]པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་[ཀྱང་གཤིས་ལ་]མེད་དེ། །[ད…