Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      306 results — page 3 of 16
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཉམས་ལེན་ལ་སྐུལ་དེད་ཀྱི་མགུར་མ།
      འགྲོགས་ཀྱང་མི་འཁོན་ཞིང་། །གནས་གང་དུ་སོང་ཡང་སྐྱོ་ངལ་མེད། །ལས་ཇི་ལྟར་བྱས་ཀྱང་གཞན་དོན་འབད། །སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ཆེ། །མིག་ཨ་འབྲས་བཞིན་དུ་གཅེས་སྤྲས་གྱིས། །ད་ངོ་ལྐོག་མེད་པ་སྲོག་བཞིན་སྲུང་། །གྲངས་རྣམ་གྲངས་དམ་ཚིག་མང་ན་ཡང་། །མདོ་ཆེན་པོ་གཉིས་ཀྱི་ཁོངས་སུ་འདུས། །རྐྱེན་འཁྲུལ་པ་ཕུག་རྡིབ་ལྟ་བའི་དམ། །བྱམས་ས…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཉམས་ལེན་ལ་སྐུལ་དེད་ཀྱི་མགུར་མ།
      ཆོས་ལ་སྐྱོ་བ་སྐྱེད། །སྡུག་འཁོར་བའི་མཚོ་ཆེན་སྐམ་ལ་ཐོངས། །སྐྱབས་བསླུ་བ་མེད་པའི་མཆོག་གསུམ་ལ། །བློ་ཡིད་གཉིས་མེད་པར་གསོལ་བ་འདེབས། །མ་འཁོར་བར་འཁྱམས་པའི་སེམས་ཅན་ལ། །བྱམས་སྙིང་རྗེའི་མདའ་ཡིས་ཡང་ཡང་བསྣན། །གྲོགས་ཚོགས་བསགས་ཕན་བདེའི་ལག་ལེན་བཏབ། །བགེགས་ཆོས་བརྒྱད་དགྲ་ཆེན་ནམ་བྱུང་ཚེ། །དཔལ་རྡོ་རྗེ་སེམས་དཔའི་སྐུ་རུ་བ…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཉམས་ལེན་ལ་སྐུལ་དེད་ཀྱི་མགུར་མ།
      མེད། །བུ་ང་ཡི་ཉམས་ལེན་དེ་འདྲ་ཡིན། །རྗེ་བླ་མས་གནང་བ་དེ་ཡིན་ཅིང་། །ཆོས་མདོ་རྒྱུད་ཀུན་གྱི་ཡང་སྙིང་དེ། །ཚིག་གནད་འགགས་དེ་ལས་གཞན་མེད་པས། །སྐྱེ་ཚེ་རབས་ཀུན་ཏུ་དེ་དོན་བཞིན། །དུས་རྒྱུན་ཆད་མེད་པ་དེ་ཡི་དོན། །བུ་ང་ཡི་སྙིང་ལ་འཆང་ནས་ཡོད། །གྲོགས་ཁྱེད་ཅག་རྣམས་ཀྱང་དེ་དོན་བཞིན། །སྙིང་རུས་པའི་གཏིང་ནས་ཉམས་ལེན་མཛོད། །ཅེས…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཉམས་ལེན་ལ་སྐུལ་དེད་ཀྱི་མགུར་མ།
      འདུག །སྐབས་རེར་སེམས་པ་སྟེར་བའི་ན་ཆུང་གི་ཚོགས་རྣམས། །གར་སོང་ཆ་མེད་ལམ་དུ་སྔར་གནས་ནི་བུད་སོང་། །སྐད་ཅིག་སེམས་པ་གཏད་པའི་སྤྲོ་སྙིང་ཞིག་མི་འདོད། །ལས་དབང་ཁྲིམས་ར་བཙན་པའི་ཁྲི་མུན་གྱི་འོག་ཁང་། །གཅེར་བུ་གཞོན་ཤ་ཅན་ལ་སྤུ་གྲི་ཡིས་རེག་ཚེ། །འདུས་བྱས་ཡིད་གཏད་མེད་པའི་གྲོགས་རྣམས་ནི་གར་སོང་། །དེ་བས་ད་ལྟ་རང་ལག་ཡོད་པ་ཡི…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཉམས་ལེན་ལ་སྐུལ་དེད་ཀྱི་མགུར་མ།
      ཡི་གྲོགས་པོ། །ནམ་དགོས་རང་གི་དྲུང་ན་ཟདམེད་དུ་ཡོད་པ། །དམ་པའི་ལྷ་ཆོས་ཤིག་ལ་ཅིས་ཕྱིར་ནི་མི་རེམ། །ལྷ་ཆོས་ཡིད་བཞིན་ནོར་བུའི་ཡང་སྙིང་གི་རྩ་བ། །རང་འདོད་འཁྲི་བ་ཆོད་པའི་གསེང་ལམ་གྱི་གསེབ་ནས། །གཞན་ཕན་སྙིང་རྗེའི་གཤོག་ཡང་དཀར་པོ་དེ་ལོས་བརྐྱང་། །ཉམ་ངའི་རླུང་གིས་དྲངས་པས་ཅུང་ཟད་རེ་ཉེན་ཚེ། །ཐབས་ཤེས་འཕྲུལ་གྱི་གཤོག་རྩལ་…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཉམས་ལེན་ལ་སྐུལ་དེད་ཀྱི་མགུར་མ།
      འོད་གསལ་གྱི་ཐེག་མཆོག །ས་དགེ་ཀར་རྙིང་གདམས་ཟབ་བདུད་རྩི་ཡི་ཐེག་པ། །ཉིན་མཚན་བར་མེད་འཐུང་ལ་ངོམ་པ་རང་ཅི་ཡོད། །རྩོལ་བཅས་ཐེག་པའི་ལམ་དེ་དཀའ་ཚེགས་ཀྱི་སྣོན་མ། །བྱིས་པའི་རྩེད་མོ་འདྲ་བ་འདི་ལ་ནི་མ་ཞེན། །འོན་ཀྱང་ཀུན་རྫོབ་བརྡ་ཡི་བསྟན་པ་ནི་འདི་ལ། །སྣང་སེམས་སྤུ་ཙམ་མི་རུང་སྔོན་སྲོལ་གྱི་ལམ་བཞིན། །རྒྱུ་འབྲས་ཡང་དག་མཆོག་ག…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཉམས་ལེན་ལ་སྐུལ་དེད་ཀྱི་མགུར་མ།
      ལེན་བཏབ་ལ་ནམ་ཡང་ནི་དམ་བཅའ། །མ་དང་མཁའ་འགྲོ་དགྱེས་པའི་དགེ་མཚན་གྱི་དྲི་ཡིས། །སྙིགས་ལྔའི་མི་གཙང་དྲི་དེ་སྐད་ཅིག་ལ་ལོས་སེལ། །ཧ་ཧ། འདི་ཡི་ཞལ་གདམས་རྣམས་ས་ཁྱི་ཕག་ལོ་འཁྲུག་པའི་དུས་ནས་བཟུང་རྒྱུན་དུ་ཉམས་ལེན་སྐོར་ཡིན།།
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      གེགས་སེལ་སེམས་ངོ་སྐྱོང་ལུགས་ཀྱི་མགུར།
      ༄༅། །གེགས་སེལ་སེམས་ངོ་སྐྱོང་ལུགས་ཀྱི་མགུར་ཞེས་བྱ་བ་བཞུགས་སོ། །འདྲེན་མཆོག་བླ་མའི་ཞབས་ལ་འདུད། །ཁྱོད་ཀྱི་ཉམས་སུ་ལེན་རྒྱུ་ལ། །བླ་མ་སངས་རྒྱས་དངོས་མཐོང་གིས། །མོས་གུས་དྲག་པོས་གསོལ་བཏབ་ཅིང་། །དབང་བཞི་བླངས་ལ་ཐུགས་ཡིད་བསྲེས། །ད་ལྟའི་ཐདཀའི་ཐ་མལ་གྱི། །ཤེས་པ་གསལ་རིག་འདི་ཀ་ལ། །ངན་རྟོག་འཇུར་བུའི་མ་བཅིངས་པར། །འགྱུ་…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      གེགས་སེལ་སེམས་ངོ་སྐྱོང་ལུགས་ཀྱི་མགུར།
      ཚོགས་དྲུག་ལྷག་པར་བུ་ཆུང་སེམས། །བཟང་རྟོག་ཞེན་མེད་འཇའ་ཤར་འདྲ། །ངན་རྟོག་སྦྲུལ་མདུད་རང་གྲོལ་བཞིན། །རྣམ་ཀུན་བག་ཆགས་རྗེས་མ་འབྲང་། །ཆགསན་ཆགས་མཁན་རྩ་བ་ཆོད། །ཞེནན་ཞེན་མཁན་རྩདནས་ཕྱུང་། །བྱིངན་རྩལ་སྦྱངས་ཉམས་བོགས་འབྱུང་། །མཉམ་བཞག་རྗེས་ཐོབ་ངོ་བོ་ཁྱེར། །དུས་རྒྱུན་ངེས་འབྱུང་སྐྱོ་ཤས་དང་། །ཞེན་ལོག་དཀའ་སྤྱད་སྒྲུབ་ཚུག…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      སེམས་ངོ་འཇོག་ཐབས།
      ༄༅། །སེམས་ངོ་འཇོག་ཐབས་བཞུགས་སོ། །ནང་གི་རིག་པ་ཁ་ཡན་ཐོང་། །ཕྱི་རུ་སྣང་ལ་མ་ཞེན་པར། །ཕྱིནང་མེད་པ་ཟང་ཐལ་ལེ། །དགའ་སྡུག་གྲོལ་བ་ཨེ་མ་ཧོ། །ཡེངས་བ་ཡོདན་སེམས་ཀྱི་ཆ། །དགའ་སྡུག་ཡོདན་སེམས་ཀྱི་ཆ། །རེ་དོགས་ཡོདན་སེམས་ཀྱི་ཆ། །བཟང་ངན་སྣངན་སེམས་ཀྱི་ཆ། །གཙང་བཙོག་སྣངན་སེམས་ཀྱི་ཆ། །དེ་དུས་རྒྱུ་འབྲས་ཁྱོད་མ་གསོད། །སྤྱོད་པ་ཞ…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      སེམས་ངོ་འཇོག་ཐབས།
      འཛིན་མེད་ངང་དུ་ལྷོད་དེ་ཀློད། །རྩོལ་མེད་ངང་དུ་ཤིག་གེ་ཞོག། །སྐབས་སུ་རྒྱུ་འབྲས་བསླུ་མེད་བསམ། །འགྲོ་བའི་སྡུག་བསྔལ་བདག་ལ་ལོངས། །བདག་གི་བདེ་དགེ་གཞན་ལ་བྱིན། །བདེ་སྡུག་གཏོང་ལེན་དམིགས་པ་གྱིས། །ངན་པ་མ་སྤངས་གང་དགར་ཀློད། །བཟང་པོ་མ་རྩོལ་གང་དགར་ཀློད། །བཟང་ངན་རེ་དྭོགས་མེད་པ་རུ། །སུ་དང་འགྲོགས་ཀྱང་བདེ་བདེ་འདྲ། །གང་ད…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      སེམས་ངོ་འཇོག་ཐབས།
      ཐོལ་བྱུང་སོང་བ་དེ། །ཁྱེད་ཀྱང་ང་དང་གཉིས་མེད་པས། །འགྲོ་བ་ཡོངས་ལ་ཕན་ཐོགས་ཤོག། །།
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཞུས་ལེན་རྒན་མོ་མཛུབ་བཙུགས་ཀྱིམགུར་མ།
      ༄༅། །ཞུས་ལེན་རྒན་མོ་མཛུབ་བཙུགས་ཀྱིམགུར་མ་བཞུགས་སོ།། སྤྲུལ་སྐུ་ཨོ་རྒྱན་བསྟན་འཛིན་ནས་མཁན་ཆེན་རིན་པོ་ཆེ་ལ་ཞུ་བ་འདི་ལྟར། དགུང་སྔོན་གྱི་ལྷ་ལམ་ཡངས་པའི་ངོགས། །ཆུ་འཛིན་གྱི་རྒྱུ་བ་ལང་ལིང་གཡོ། །ནམ་མཁའནས་ཁུ་འཕངས་ཐར་ཐུར་འབབ། །སྒྲ་བརྒྱ་པའི་གསུང་སྙན་ལྷོང་ལྷོང་སྒྲོགས། །རྗེ་འགྲོ་བའི་མགོན་པོ་དབུས་ཕྱོགས་བྱོན། །ཕ་མེད་…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཞུས་ལེན་རྒན་མོ་མཛུབ་བཙུགས་ཀྱིམགུར་མ།
      སྐྱེ་བའི་ཉམས་ཞིག་ཤར། །རེག་འཇམ་གྱི་མལ་བསྟན་བདེ་བ་དང་། །ཟིལ་བུ་ཡི་རླུང་གིས་གཡོ་བའི་ཚེ། །དྲིན་འཁོར་མཐའ་བྲལ་བའི་གསང་གསུམ་དྲན། །འདྲེན་བྱེད་དུ་མཆི་མའི་ཆར་རྒྱུན་འབེབ། །རྗེ་འགའ་རེ་ཤར་གྱི་ཕྱོགས་སུ་བཞུགས། །རྗེ་འགའ་རེ་བྱང་གི་ཕྱོགས་སུ་ལུས། །དུས་ལྷན་དུ་འགྲོགས་པའི་སྨོན་ལམ་ཞུ། །ཞེས་པའང་། སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེ…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཞུས་ལེན་རྒན་མོ་མཛུབ་བཙུགས་ཀྱིམགུར་མ།
      ནུབ་སོ་སོ་རུ་བཞུགས་ཀྱང་། །དོན་ལ་རིག་རྩལ་གྱི་རོལ་པ། །རིག་གདོང་འདི་རུ་ནི་འདུས་པས། །ཡིད་སྐྱོའི་སེམས་ཕྲེང་ནི་མི་དགོས། །རྣམ་པ་ཐ་དད་ལྟར་སྣང་ཡང་། །གཅིག་པུའི་རོ་གར་དུ་འདུག་པས། །གསང་གསུམ་བྱིན་རླབས་ཀྱི་ཕུང་པོ། །ཡིད་ལ་འབྲལ་མེད་དུ་བཞུགས་པས། །རྟག་ཏུ་གསེར་ཞལ་ན་མཇལ་ཆོག །གུ་ཡངས་བློ་བདེ་ཡི་ངང་ནས། །བག་ཕེབ་རང་སེམས་ལ་ག…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཞུས་ལེན་རྒན་མོ་མཛུབ་བཙུགས་ཀྱིམགུར་མ།
      ཐོང་། །རྩོལ་མེད་རང་བབ་ཀྱི་ངང་ནས། །མ་ཡེངས་མི་སྒོམ་པར་ཞོག་དང་། །རིག་སྟོང་གཉུག་མ་ཡི་དགོས་པ། །རང་བབ་ཤུགས་འབྱུང་དུ་མའོ། །ཞེས་པ་འདི་འང་། མ་ཧཱཔཎྜི་ཏཆེན་པོ་མཁན་ཆེན་བླ་མ་ཨཀཱ་ར་ཤི་ལིས་༼འགྱུར་མེད་ཚུལ་ཁྲིམས་༽མིང་གིས་ཐོལ་བྱུང་སྨྲས་པ་དགེ། །།
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཞེན་འཛིན་འབྱུང་བར་སྨོན་པའི་མགུར་མ།
      ༄༅ ། །ཞེན་འཛིན་འབྱང་བར་སྨོན་པའི་མགུར་མ་བཞུགས་སོ། །མ་སྐུང་མ་སྐང་རྗེན་ལ་ཕུད། །མ་བྲོས་མ་བྲོས་བེ་ཕུར་ཚུགས། །མ་སྡངམ་སྡང་རང་སར་ཞོག །མ་ཆགས་མ་ཆགས་མཁའ་ལ་འཕྱོ། །སྐུངས་ཤིག་སྐྱངས་ཤིག་རང་ལ་སྐྱངས། །བྲོས་ཤིག་བྲོས་ཤིག་རང་ལ་བྲོས། །སྣང་ཞིག་སྡང་ཞིག་རང་ལ་སྡང་། །ཆགས་ཤིག་ཆགས་ཤིག་གང་ཡང་ཆགས། །བརྡའ་དེ་ཙིཏྟའི་དཀྱིལ་དུ་ཐིམ། །…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཞེན་འཛིན་འབྱུང་བར་སྨོན་པའི་མགུར་མ།
      མནན་དེགདའ། བརྡ་ཐིམ། སྣང་བ་གང་ཤར་དབྱིངས་ཐོག་ཏུ་བསྐྱལ་ཏེ་གཟུང་འཛིན་གང་ལའང་ཉམས་མི་མངའ་བ་མི་ཡི་དབང་པོ་དེས་དབྱིངས་ཀྱི་ཆོ་འཕྲུལ་ལོ། །ཕ་བཀའ་བརྒྱུད་བླ་མ་ལ་གསོལ་བ་འདེསབ་སོ། །ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཟིན་པར་བྱིན་གྱིས་རློབས། །ནང་བདག་འཛིན་གྱི་བྲག་རི་ཞིག་པར་ཤོག །སེམས་ང་རྒྱལ་གྱི་རི་བོ་བསྙིལ་བར་ཤོག །རླུང་ཕྲག་དོ…
      GRW001 · མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
      ཞེན་འཛིན་འབྱུང་བར་སྨོན་པའི་མགུར་མ།
      ལམ་ཟེར་ན་དེ་ལ་ཟེར། །དུ་གསོལ་འདེབས་ཟེར་ན་དེ་ལ་ཟེར། །ད་བསྔོ་བ་ཟེར་ན་དེ་ལ་ཟེར། །ད་མཆོད་པ་ཟེར་ན་དེ་ལ་ཟེར། །དངོས་མེད་ཀྱི་ཡིད་སྤྲུལ་མཆོད་པ་དེ། །ཕ་བླ་མ་རྣམས་ལ་མཆོད་ལགས་སམ། །དེ་སྔོན་ང་ཡི་མདུན་དུ་ཐོན་མ་བྱུང་། །ནང་ཆབ་གཏོར་ཞེས་པའི་སྒྲ་ཆེན་པོ། །ཆུ་ཡི་དྭགས་མདུན་དུ་མ་སོངན། །ཆབ་གཏོར་དེ་སུ་ལ་བསྔོ་བ་ཡིན། །ནུབ་གསུར་ཆ…