Author
About 40% of texts have an author recorded — this list will grow as more are attributed.
180 results
— page 8 of 9
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༧ ལྷ་བཙན་བསང་བསྡུས། ཧྲཱིཿ པདྨ་དབང་གི་བཀའ་ཉན་དྲེགས་པའི་གཙོ། །ཏི་སེའི་ཞིང་སྐྱོང་ལྷ་བཙན་རྡོ་རྗེ་འབར། །འཁོར་བཅས་བསང་གསུར་བདུད་རྩིའི་མཆོད་སྤྲིན་བཞེས། །དམ་ཚིག་དགོངས་ལ་རབ་འབྱམས་ལས་འགྲུབ་མཛོད།། མགོ་སྤྲུལ་པས་སོ།།
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༧ ཐང་ལྷའི་བསང་བསྡུས་ནི། ཧྲཱིཿ ས་བརྒྱད་སེམས་དཔའ་སྲིད་པའི་ལྷ་གཉན་རྗེ། །ཐང་ལྷ་ཡར་བཞུད་ཡུམ་སྲས་བློན་འཁོར་ཚོགས། །བསང་མཆོད་བཞེས་ལ་བསྟན་འགྲོའི་རྒུད་པ་སོལ། །ཆོས་སྲིད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད། །མགོ་སྤྲུལ་པས་སོ།།
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༧ རྟ་ལྷའི་བསང་བསྡུས། ཀྱཻ། རྟ་ལྷའི་རྒྱལ་པོ་ཨཱརྱ་རེ་མནྟ། །འཁོར་བཅས་མ་ལུས་བསང་མཆོད་འདི་བཞེས་ལ། །རྟ་ལ་གནོད་པའི་ནད་གདོན་དགྲ་བགེགས་སོལ། །རྔོག་ཆགས་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད།། མགོ་སྤྲུལ་པས་སོ།།
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༧ གུ་དྲག་བཀའ་སྲུང་བསང་བསྡུས། ཧཱུྃ། བཅོམ་ལྡན་གུ་རུ་དྲག་པོའི་བཀའ་སྡོད་གཙོ། །བདུད་མགོན་ལྕམ་དྲལ་སྤུ་གྲི་མཆེད་གསུམ་དང་། །སྨྱོན་ཁ་འཁོར་བཅས་བསང་མཆོད་འདི་བཞེས་ལ། །ལས་བཞི་ཐོགས་མེད་འགྲུབ་པའི་སྡོང་གྲོགས་མཛོད།། མགོ་སྤྲུལ་པས་སོ།།
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༧ འདོད་གསོལ་ནི། ཧོ་བཀའ་གཏེར་སྲུང་མ་ཡུལ་ལྷ་གཞི་བདག་ལ། །ཟག་མེད་བདུད་རྩིའི་བསང་མཆོད་ཕུལ་བའི་མཐུས། །འདོད་པའི་དོན་དང་གཉེར་བའི་ལས་རྣམས་ཀུན། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད།། མགོ་སྤྲུལ་པས་སོ།།
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། གངས་དཀར་ཏི་སེའི་བསང་བསྡུས་འདོད་འབྱུང་དབང་རྒྱལ་བཞུགས། ན་མོ་སརྦ་མ་ཧཱ་གུ་རུ་པདྨ་ཀཱ་ར་ཡེ། འདིར་ཡུལ་སྐྱོང་དྲེགས་པའི་གཙོ་བོ་གངས་དཀར་ཏི་སེ་ལ་བསང་མཆོད་འབུལ་བར་འདོད་པས། བཟང་ཤིང་ཕྱེ་མར་འབྲུ་སྣ་དར་ཟབ་སོགས་བསྲེགས་པའི་བསང་དུད་གཏོང་ཞིང་། བཤོས་དཀར་འདབ་ལྡན་རྒྱན་སྤྲོས་དང་། སྐྱེམས་ཕུད་བཤམས་ལ། སྔགས་དང་ཕྱག་རྒྱས་བྱི…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
ཟོ་དོར་སྤྱི་བསང་འདོད་པ་ཀུན་འབྱུང་ཞེས་བྱ་བ་བཞུགས། བསང་རྫས་རྣམས་རཾ་ཡཾ་ཁཾ་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཧཱུྃ། སྔོན་ཚེ་རྒྱལ་བའི་དབང་པོ་པདྨ་འབྱུང་། །བཻ་རོ་ཡབ་སྲས་དགའ་ལོ་ཀརྨ་པ། །ཁྲག་འཐུང་དཔའ་བོ་སྙིང་པོ་རྣམ་གཉིས་སོགས། །རིག་འཛིན་བརྒྱུད་པའི་བཀའ་དམ་ལ་གནས་གཙོ། །རྡོ་རྗེ་གཡུ་ཁྲོམ་དགྲ་བླ་མི་མགོན་དཀར། །ད…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། ཏཱ་རེའི་གཞི་བདག་སོགས་ཆུ་དབར་གྱི་ཡུལ་ལྷ་སྤྱི་ཡི་བསང་བསྡུས་འདོད་པ་ཀུན་འབྱུང་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱཻ། ཀ་དག་ངོ་བོ་བློ་འདས་ཀྱང་། །ལྷུན་གྲུབ་རང་བཞིན་མ་འགགས་མདངས། །སྲིད་ཞིའི་སྒྱུ་འཕྲུལ་ཐུགས་རྗེའི་གར། །སྣ་ཚོགས་མ་འདྲེས་ཅིར་ཡང་སྣང་། །རྫ་བྲག་མི་རྒོད་གདོང་འདྲ་ལ། །བརྟེན་བཅས་ཡུལ་སའི་བདག་པོ་ནི། །ལས་ཀ…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། ལྷ་ལུང་བྲག་མདོའི་ཕྱོགས་ཀྱི་ཡུལ་ལྷ་སྤྱིའི་བསང་བསྡུས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས། རཾ་ཡཾ་ཁཾ། བསང་རྫས་མ་དག་དམེ་མནོལ་བསྲེག་གཏོར་བཀྲུས། རྣམ་དག་ཟག་མེད་བདུད་རྩིར་སྦྱངས་སྤེལ་བསྒྱུར། །གནས་སྲུང་ཡུལ་ལྷ་སོ་སོའི་དགྱེས་སྐོང་སྤྲིན། །བཞེད་དགུའི་ཆར་འབེབས་མཁའ་དབྱིངས་མཛོད་དུ་གྱུར།། ཨོཾ་ཨཱཿཧཱུྃ། བཛྲ་སྥ་ར་ཎ་ཁཾ…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། ས་དམར་དགོན་ཤར་གྱི་གནས་བདག་མཆོད་ཐབས་བསྡུས་པ་འདོད་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།། ཧྱ་གྷྲྀ་ཝ་ལ་ན་མོ། འདིར་དཔལ་རི་བདེ་ཆེན་རྫོངས་ཀྱི་གནས་བདག་དབང་དྲག་རོལ་པའི་བཀའ་ཉན་སྐྱེས་བུ་མཆེད་གསུམ་ལ་བསང་མཆོད་བྱེད་པར་འདོད་པས། བསང་རྫས་འབྱོར་དཔག་བསྲེགས་པའི་དུད་སྤྲིན་གཏོང་ཞིང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ་རིམ་…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། གནས་སྲུང་བཙན་རྒོད་ཀྱི་གཏོར་འབུལ་རྒྱུན་ཁྱེར་ནི། གསེར་སྐྱེམས་རཾ་ཡཾ་ཁཾ་གིས་བསང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཧྲཱིཿ པདྨ་དབང་གི་བཀའ་ཉན་དྲེགས་པའི་གཙོ། །ཟབ་གསང་གཉན་གྱི་བསྲུང་མ་གནས་གཏེར་བདག །རྡོ་རྗེ་དགྲ་འཇོམས་དབང་ཆེན་མཆོག་གྲུབ་རྩལ། །འཁོར་བཅས་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །དཔལ་རི་བདེ་ཆེན་རྫོ…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། ཡུལ་ལྷའི་བསང་བསྡུས་བསམ་དོན་མྱུར་སྩོལ་བཞུགས། ཀྱཻ། རྫ་ཡུལ་འཛིན་མའི་ཁྱོན་ལ་དབང་བསྒྱུར་ཞིང་། །གནས་ཤིང་བརྟེན་པའི་ཟོ་དོར་ཡུལ་ལྷའི་ཚོགས། །བྲག་དམར་རྨོག་མཐོ་རྡོ་རྗེ་དགྲ་འཇོམས་རྩལ། །ས་འཛིན་རྒྱལ་པོ་བ་སྦལ་ཁྱུང་གི་རི། །དུང་ཕྲེང་དཀར་མོ་རི་དར་ཕྱུག་མོ་སོགས། །མཚོ་སྨན་རྒྱལ་མོ་དུང་ལུང་རི་རྫོང་ཕྱུག །བཀྲ་ཤིས་ལྷ་རྩེ་…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། རྫ་བྲག་སྟོད་སྨད་ཀྱི་གཞི་བདག་བསང་བསྡུས་བཞུགས་སོ།། བྲག་དམར་རྨོག་མཐོ་རྡོ་རྗེ་དགྲ་འཇོམས་རྩལ། །ས་འཛིན་རྒྱལ་པོ་བ་སྦལ་ཁྱུང་གི་རི། །དུང་ཕྲེང་ཕྱུག་མོ་ནོར་བུ་ལྷ་རྩེ་དང་། །དཔའ་བོ་མདུང་ཡག་མཚོ་ལུང་རི་དཀར་སོགས། །རྫ་བྲག་སྟོད་སྨད་གནས་བདག་ཡུལ་ལྷ་རྣམས། །བསང་ངོ་མཆོད་དོ་ལས་བཞི་མྱུར་འགྲུབ་མཛོད།། མགོ་སྤྲུལ་པས་སོ།། #d…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། བོལ་གོང་ལྡོང་རིའི་གནས་བསང་བསམ་འཕེལ་ནོར་བུ་བཞུགས། རཾ་ཡཾ་ཁཾ་གིས་བསང་རྫས་ཀྱི་སྨེ་བཙོག་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་སྤྲིན་དུ་སྤེལ་ལ། ཧྲཱིཿ བདག་ཉིད་པདྨ་དབང་ཆེན་སྐུར་གསལ་བའི། །ཐུགས་སྲོག་འོད་ཀྱིས་སྤྱན་རས་གཟིགས་དབང་གི། །གསུང་སྤྲུལ་ཡིག་དྲུག་ལྷ་ལུང་དཔལ་རྡོར་གྱི། །ཕྱག་སོར་རྩེར་བྱུང་གནས་མཆོག་བསྲུང་མའི་…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། དགའ་མ་གདོང་གི་གནས་བདག་ལྷ་སྨན་ཆེན་མོའི་བསང་མཆོད་ལྷ་མིའི་འདོད་འབྱུང་བཞུགས། ཨོཾ་སྭ་སྟི་སིདྡྷཾ། འདིར་ལྷ་སྨན་དུང་ལྕམ་དཀར་མོ་ལ་བསང་མཆོད་བྱེད་པར་འདོད་པས། རིན་པོ་ཆེའི་སྣོད་དུ་གཙང་ཕྱེ་འོ་ཆབ་ཀྱིས་སྦྲུས་པས་དཀར་ཟླུམ་རྒྱན་ལྡན་བཤོས་ཕྲན་བཞིས་བསྐོར་བ་བཅས་ལ། དཀར་མངར་ཟས་སྣ་ཤེལ་ཚིག་འབྲུ་སྨན་སོགས་ཀྱིས་བརྒྱན་པ་དང་། …
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། གནས་གཞིའི་བདག་མོའི་བསང་བསྡུས་སྨོན་པ་མྱུར་འགྲུབ་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཧྲཱིཿ གཡི་རོང་སྲིབ་ཕྱོགས་མཐོ་བརྗིད་དབེན་པའི་རིར། །བརྟེན་མཛད་ཡུལ་སའི་དབང་པོ་ལྷ་གཉན་རྗེ། །སྐུ་བླ་དུང་རྩེ་བསྟན་པའི་བསྲུང་མ་ཆེ། །སྐུ་ཡི་མཆེད་པོ་གསེས་མཁར་མཁར་བདུད་བཙན་དང་། །གཉན་སྲས་གཟི་བརྗིད་མཆོག་ལྡན་དཔའ་རྩལ་ཅན། །པདྨ་དྲེགས་འ…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། གཡི་ཉིན་ནུའི་ཡུལ་ལྷའི་བསང་བསྡུས་བསམ་དོན་མྱུར་འགྲུབ་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱཻ། ཀ་དག་སྐྱེ་མེད་གདོད་མའི་གཞི་དབྱིངས་ནས། །ལྷུན་གྲུབ་འགགས་མེད་ཡེ་ཤེས་རིག་པའི་གདངས། །ཐུགས་རྗེའི་རོལ་གར་མ་འདྲེས་སྒྱུ་མའི་འཕྲུལ། །རྒྱུ་འབྲས་ཕན་གནོད་སྟོན་ཕྱིར་ཅིར་ཡང་སྣང་། །གཡི་ལུང་དགའ་བ་ལྗོངས་ཀྱི་སྨད་ཕྱོགས་ཉིན། །ནུ་ཞེ…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། ཡུལ་ལྷའི་བསང་བསྡུས་དགོས་འབྱུང་ནོར་བུ་ཞེས་བྱ་བ་བཞུགས། བསང་རྫས་ཀྱི་དངོས་འཛིན་རཾ་ཡཾ་ཁཾ་བརྗོད་པས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར། སླར་ཡང་ནམ་མཁའ་མཛོད་ཀྱི་སྔགས་གསུམ་མ་བདུན་སོགས་བརྗོད་པས་མཐུན་རྫས་བསམ་གྱིས་མི་ཁྱབ་པར་བསྒྱུར་ལ། ཧྲཱིཿ སྣོད་བཅུད་ཐ་མལ་མ་ཡིན་རྔ་ཡབ་གླིང་། །དག་པ་རབ་འབྱམས་མཁ…
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༄༅། གངས་སེང་བསང་བསྡུས་ནི། ཀྱཻ། ཡུལ་ལྷ་གཉན་པོ་རྡོ་རྗེ་གཡུ་ཁྲོམ་གྱི། །བཀའ་སྡོད་བྱ་ར་གངས་ཀྱི་སེང་གེ་ཞེས། །ལྕམ་དྲལ་འཁོར་ཚོགས་སྤྲུལ་པར་བཅས་ཀུན་བསང་། །རྣམ་བཞིའི་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །མགོ་སྤྲུལ་བས་སོ།།
GJN003
· གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
༧ དཔའ་བོ་སྟག་འཕྲུ་ནི། ཀྱཻ། མཐུ་སྟོབས་ཐོགས་མེད་བདུད་སྲིན་དྲེགས་པ་ཅན། །གནས་གཏེར་སྲུང་མ་དཔའ་བོ་སྟག་འཕྲུ་ཞེས། །མཚོ་སྨན་སྤུན་བདུན་བདུད་བཙན་སྲིན་མོའི་ཚོགས། །བསང་ངོ་མཆོད་དོ་གང་བཅོལ་ལས་འགྲུབ་མཛོད།། མགོ་སྤྲུལ་པས་སོ།།