Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      180 results — page 9 of 9
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༧ དགྲ་བླ་མི་མགོན་ནི། ཀྱཻ། ལྷུན་ཆགས་གཡུ་ལུང་སྙིང་པོར་རྟག་བརྟེན་པའི། །དགྲ་བླ་མི་མགོན་དཀར་པོ་གཏེར་མཛོད་བདག །བཀའ་སྡོད་མཆེད་གསུམ་དགྱེས་སྡེ་འཁོར་ཚོགས་བཅས། །བསང་ངོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །མགོ་སྤྲུལ་པས་སོ།།
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༧ ནོར་བུ་ལྷ་རྩེ་ནི། ཧྲཱིཿ ནོར་བུའི་རི་ལ་བརྟེན་ནས་ཆོས་འཁོར་གླིང་། །སྐྱོང་མཛད་རྒྱལ་ཆེན་ནོར་བུ་ལྷ་རྩེ་ཞེས། །དབྱངས་རོལ་མཁན་སོགས་མཁས་པའི་འཁོར་ཚོགས་བཅས། །བསང་ངོ་མཆོད་དོ་ཆོས་སྲིད་དར་རྒྱས་མཛོད། །མགོ་སྤྲུལ་པས་སོ།།
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༧ གཉན་པོ་གཡུ་རྩེ་ནི། ཀྱཻ། པདྨའི་དམ་འཛིན་བཙན་རྒོད་ཟབ་གཏེར་བདག །གཉན་པོ་གཡུ་རྩེ་ཡུམ་འཁོར་སྤྲུལ་པར་བཅས། །བསང་མཆོད་བཞེས་ལ་དགྲ་རྐུན་གཅན་གཟན་སོགས། །ཉེར་འཚེ་ཀུན་སོལ་ལས་བཞི་ལྷུན་གྲུབ་མཛོད།། མགོ་སྤྲུལ་པས་སོ།།
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༧ མཚོ་སྨན་རྒྱལ་མོ་ནི། ཀྱཻ། རྒྱལ་རིགས་ཀླུ་དབང་སྲས་མོ་ཡིད་འོང་མ། །པད་འབྱུང་ཡབ་སྲས་དམ་མནོས་ཐ་ཚིག་ཅན། །མཚོ་སྨན་རྒྱལ་མོ་ཀླུ་འཁོར་འབུམ་དང་བཅས། །བསང་ངོ་མཆོད་དོ་ཆོས་མཐུན་ལོངས་སྤྱོད་སྤེལ།། མགོ་སྤྲུལ་བས་སོ།། དགེ་འོ།།
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། འཁྱིལ་ཆེན་གཞི་བདག་རྣམས་ཀྱི་བསང་བསྡུས་ནི། ཀྱཻ། རྨོག་མཐོ་བྲག་དཀར་དུང་མཚོ་མཚོ་སྨན་རྒྱལ། །བཀྲ་ཤིས་ལྷ་རྩེ་ཟངས་ཁྲབ་སེང་གེ་རྫོང་། །ཤྭོ་རྡེལ་སྟག་ཞོན་སྨར་གྱི་མཛོ་ཞོན་སོགས། །འཁྱིལ་ཆེན་སྟོད་སྨད་ཉིན་སྲིབ་ལ་གནས་ཀུན། །གཡུ་ཤུག་ཕྱེ་མར་ཤིང་སྣའི་དུད་པས་བསང་། །མི་འདོད་ཉེར་འཚེ་ཞི་བའི་ཕྲིན་ལས་མཛོད།། ཅེས་པ་འདི་ཡང་མགོ…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། ཆུ་དབར་མཚོ་ལུང་གཡུང་དྲུང་དུང་རྩེའི་བསང་མཆོད་འདོད་དོན་མྱུར་འགྲུབ་བཞུགས། མཚོ་ལུང་གཡུང་དྲུང་དུང་རྩེ་ལ་བསང་མཆོད་འབུལ་བར་འདོད་པས། བསང་རྫས་རྣམས་རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཀྱཻ། དོན་དམ་བློ་འདས་ཆོས་དབྱིངས་ཀློང་། །མཚན་འཛིན་སྤྲོས་པ་ལས་འདས་ཀྱང་། །ཀུན་རྫོབ་འཁྲུལ་བའི་སྣང་ཆ་ལས། །པྲ་ཕབ་བཞིན་དུ་ཅ…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། ཡུལ་ལྷའི་བསང་མཆོད་བཀྲ་ཤིས་ཆར་འབེབས་བཞུགས། ཀྱཻ། མདོ་སྨད་རྒྱལ་མོ་རོང་གི་སྟོད། །བདུད་རྩིའི་འོ་ཆབ་ཟུང་འབྲེལ་དབུས། །འཁྱིལ་བ་མཚོ་ལ་མངའ་མཛད་ཅིང་། །སྲ་བ་རྫ་བྲག་ལ་བརྟེན་པའི། །གཉན་སྲས་གཡུང་དྲུང་ལྷ་རྩེ་ཞེས། །མི་དཀར་རྟ་དཀར་དཔའ་ཆས་ཅན། །དར་དཀར་རུ་མཚོན་ནོར་བུ་བསྣམས། །དཀར་ཕྱོགས་སྐྱོང་བའི་འཁོར་དང་བཅས། །འདིར་སྤྱོ…
      མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ། སྒེག་གི་གནས་སྲུང་ཀླུ་རྒྱལ་ཟླ་སྐྱོང་གི་བསང་མཆོད།
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། ཡིག་དྲུག་གནས་ཀྱི་སྲུང་མ་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་གི་བསང་མཆོད་ཡིད་བཞིན་ཆར་འབེབས་བཞུགས། རིན་པོ་ཆེའི་སྣོད་དུ་བཤོས་ཟླུམ་དཀར་པོ་རྒྱབ་ཡོལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། དཀར་མངར་ཀླུ་ནོར་ཀླུ་སྨན་དར་སྔོན་ཕུད་སྐྱེམས་སོགས་མཆོད་རྫས་གྱ་ནོམ་པ་གཙང་བར་འདུ་བྱས་ལ། རྣལ་འབྱོར་བས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ངང་བསང་ར…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      སྐུ་གསུམ་དགོངས་མཛོད་ཀྱི་ཆ་རྐྱེན་གཡི་སྨད་གནས་བདག་གི་བསང་མཆོད་ཕྲིན་ལས་ཀུན་འབྱུང་བཞུགས། སྐུ་གསུམ་ཡོངས་འདུས་པད་འབྱུང་ལ། །འདུ་འབྲལ་མེད་པར་ཕྱག་བགྱིས་ནས། །པདྨའི་དམ་འཛིན་འགོ་བའི་ལྷ། །མཆོད་ཐབས་བསང་གི་ལས་ཚོགས་སྤྲོ། །མཆོད་སྟེགས་གཙང་མར་འབྲུ་དཀར་གྱི། །ཚོམ་བུ་བཀོད་སྟེགས་སྣོད་གཙང་ལ། །འབྲུ་དཀར་ཕྱེ་མས་གདན་གྲུ་བཞི། །…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། ཡུལ་སྐྱོང་དངུལ་རྫིའི་རྒྱུན་བསང་འདོད་རྒུ་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི། འདིར་ཡུལ་སའི་དབང་པོ་ལ་བསང་མཆོད་རྒྱུན་ཁྱེར་བྱེད་པར་འདོད་པས། བཟང་ཤིང་སྣ་ཚོགས་ཀྱི་དུད་སྤྲིན་གཏོང་ཞིང་། བསང་རྫས་འབྱོར་དཔག་བསྲེག་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ་ནས་འདི་སྐད་དོ།། ཀྱཻ། མདོ་ཁམས་རྩུབ་འགྱུར་དབྱི་རོ…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། གཡི་རོང་ཡུལ་ལྷ་མངའ་རིའི་ཙན་དན་སྡོང་པོའི་བསང་མཆོད་འདོད་དོན་ཀུན་འབྱུང་བཞུགས། །དུས་བཟང་ཡར་ངོ་གཟའ་སྐར་དགེ་བའི་ཆར། །སྟེགས་མཐོན་གྲུ་བཞི་བདུད་རྩི་ཤིང་ལྔ་སོགས། །བཟང་ཤིང་གྱ་ནོམ་སྣ་ཚོགས་ཟས་སྐོམ་ཕུད། །དཀར་གསུམ་མངར་གསུམ་བསང་རྫས་བརྒྱ་རྩ་བསྲེག །རིན་ཆེན་སྣོད་དུ་དཀར་གཏོར་གླིང་བཞིའི་མཐར། །བཤོས་ཕྲན་བརྒྱད་དང་གཡག་ལ…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། སྐུ་བླ་སྲིད་རྒྱལ་གྱི་བསང་མཆོད་ནི། ཀྱཻ། ཡུལ་ནི་སྐུ་རྒྱལ་བོད་ཀྱི་ཡུལ། །ཁ་བ་ཅན་གྱི་རྒྱལ་མོ་རོང་། །རི་རྒྱལ་རྡོ་རྗེ་གཡུ་ཁྲོམ་མདུན། །སྐུ་བླ་སྲིད་རྒྱལ་གཉན་པོ་ནི། །སྐུ་མདོག་དཀར་ལ་ཅུང་ཟད་དམར། །དར་དཀར་གོ་བེར་དུང་ཁྲབ་དང་། །དུང་རྨོག་རྒོད་ཀྱི་རྨོག་ཞུ་གསོལ། །གཡས་ན་དར་དཀར་རུ་མཚོན་ཕྱར། །གཡོན་པས་གཏེར་གྱི་བུམ་པ་བ…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། རི་ཕྱུགས་མགོན་གྱི་བསང་མཆོད་དགོས་འདོད་རེ་སྐོང་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀ་དག་བློ་འདས་ཆོས་དབྱིངས་ལས། །ལྷུན་གྲུབ་ཡེ་ཤེས་མ་འགགས་མདངས། །ཐུགས་རྗེའི་རོལ་རྩལ་སྒྱུ་མའི་འཕྲུལ། །ཕན་གནོད་བྱེད་པོར་ཅིར་ཡང་སྣང་། །ཁྱད་འཕགས་གནས་ཆེན་བཞི་ཡི་དབུས། །མིག་སྨན་མདངས་འཛིན་རི་གཉན་སྤོར། །བརྟེན་བཅས་བདུད་གཤིན་རྗེ་བོ་ནི། …
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། གནས་མཆོག་འཆི་མེད་དཔལ་གྱི་སེང་གེ་ཀེའུ་ཚང་གི་གནས་བདག་བསང་མཆོད་འདོད་དོན་ལྷུན་གྲུབ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བྷྱཿ སྐུ་གསུམ་ཡོངས་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ། །གང་དང་དབྱེར་མེད་ཀུན་མཁྱེན་འཇིགས་མེད་གླིང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །རྡུལ་སྙེད་ལུས་སྤྲུལ་སྒོ་གསུམ་གུས་པས་འདུད། །དེ་ལ་འདིར་གནས་ཆེན…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ཡུལ་སྐྱོང་རྡོ་རྗེ་རབ་བརྟན་གྱི་བསང་བསྡུས་འདོད་དགུའི་འཁྲི་ཤིང་བཞུགས། བསང་རྫས་ཀྱི་མ་དག་པའི་དངོས་འཛིན་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར་ལ། ཀྱཻ། ཡེ་གཞི་ཀ་དག་ཆོས་དབྱིངས་ལས། །ལྷུན་གྲུབ་འགགས་མེད་ཤར་བའི་མདངས། །སྲིད་ཞི་ཟུང་འཇུག་རོལ་པའི་རྩལ། །མ་འདྲེས་ཅིར་ཡང་འཆར་བའི་གར། །ལོ༵་ཕྱུགས…
      མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ། དགའ་བ་གདོང་གི་ཡུལ་ལྷའི་འགྲས་བསྡུམ་ལྷ་མིའི་མཐུན་སྦྱོར།
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      བཀའ་འདུས་ལས་བསང་མཆོད་རྣམས་ཀྱི་ཆ་ལག་ཡུལ་ལྷའི་འགྲས་བསྡུམ་ལྷ་མིའི་མཐུན་སྦྱོར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། འདིར་བསང་མཆོད་ཀྱི་མཐར་ཡུལ་ལྷ་དང་འཁོན་འགྲས་སོང་བ་བསྡུམ་པར་འདོད་པས། ཐོག་མར་ཀླུ་བཤོས་གཉིས་དང་། བཙན་བཤོས། བདུད་བཤོས། དཀར་གཏོར་རྣམས་རང་རང་གི་འདོད་རྫས་དང་བཅས་པ་བཤམས་ལ། འབྲུ་གསུམ་དང་། ཨ་ཀ་རོས་བྱིན་གྱིས…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། མཆོད་རྟེན་ཡུལ་ལྷའི་བསང་བསྡུས་འདོད་དོན་ལྷུན་གྲུབ་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱཻ། མདོ་སྨད་རྒྱལ་མོ་ཚ་བ་རོང་། །མཆོད་རྟེན་ཞེས་གྲགས་འཛིན་མའི་ཆར། །གནས་ཤིང་བརྟེན་པའི་ཟོ་དོར་གཙོ། །བཀྲ་ཤིས་སྟ་སྙན་རྨ་ལྷ་ཕྱུག །གཉན་པོ་སོ་ལོ་རྨ་དུང་མཚོ། །དགྱེས་ལྕམ་ཕྱུག་མོ་ལ་སོགས་པའི། །ཕྱོགས་འདིར་གཉུག་མར་གནས་པ་རྣམས། །འཁོར་ད…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། ཤོག་བཞི་ཡུལ་ལྷའི་བསང་བསྡུས་འདོད་འབྱུང་ནོར་བུ་བཞུགས། བསང་རྫས་རྣམས་རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ། ཀྱེ། ངོ་བོ་ཀ་དག་སྐྱེ་མེད་ཆོས་སྐུའི་དབྱིངས། །སྲིད་ཞི་མི་དམིགས་ཡེ་ནས་མཉམ་ཉིད་ངང་། །རང་བཞིན་འགྱུར་མེད་ལྷུན་གྱིས་གྲུབ་པའི་གདངས། །དབྱིངས་དང་ཡེ་ཤེས་ལོངས་སྤྱོད་མ་འདྲེས་རྫོགས། །ཐུགས་རྗེ་འགགས་མེད་ཁྱབ་བརྡལ་རོ…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། ལྷ་སྲས་རྨུ་རྡོའི་བསང་བསྡུས་ནི། ཀྱཻ། རྒྱལ་དབང་པདྨ་བཻ་རོ་ཡི། །བཀའ་ཉན་རིག་པའི་དབང་ཕྱུག་མཆོག །ལྷ་སྲས་མུ་རྡོ་གཉན་པོ་ཆེ། །གསང་ཡུམ་འཁོར་ཚོགས་མ་ལུས་ཀུན། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད།། ཅེས་པ་འདི་མུ་རྡོ་ལ་བསྐོར་བར་སོང་སྐབས། གནས་མཆོག་དེ་ཉིད་ཀྱི་ལྷ་ཞལ་ཕྲིན་ལས་སུ་གསོལ་བ་དགེ…
      GJN003 · གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།
      ༄༅། ཚེ་རབས་རྗེས་འཛིན་གསོལ་འདེབས་འབད་མེད་མྱུར་གྲོལ་བཞུགས། ཨེ་མ་ཧོ། དཀོན་མཆོག་རྒྱལ་ཀུན་ཡེ་ཤེས་མཁའ་དབྱིངས་ལས། །བརྩེ་ཆེན་ཐུགས་རྗེའི་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །ཕུན་ཚོགས་ཡོངས་འདུས་སྣང་བ་འབུམ་བརྡལ་བས། །ལྷུན་གྲུབ་འགྲོ་དོན་མཛད་ལ་གསོལ་བ་འདེབས། །དབྱངས་ཅན་ངག་ལ་དབང་འབྱོར་ཟིལ་གནོན་དང་། །བསོད་ནམས་སྟོབས་ཀྱིས་ཆོས་…