Author
About 40% of texts have an author recorded — this list will grow as more are attributed.
296 results
— page 4 of 15
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > བརྗིད་པའི་ཡོན་ཏན་བཤད་པ།
དང་པོ་ལ། འདོད་ཚུལ། མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བ་དང་བཞི། དང་པོ་ནི། ཡང་གི་སྒྲས་ལྷུག་པ་ལ་མི་འདོད་པ་མིན་ཀྱང་། ཤར་ཕྱོགས་པ་རྣམས་ཚིགས་བཅད་ལ་བརྗིད་པ་འདི་ཉིད་དཔུང་དང་གཉེན་གྱི་གཙོ་བོར་བཞེད་དོ། །གཉིས་པ་ནི། བརྗིད་པ་དེ་ལ་པྲ་སྟཱ་ར་ལྕི་བ་དང་ཡང་བ་རྣམས་དོ་མི་མཉམ་པར་ལྕི་བ་མང་ལ་ཡང་བ་ཉུང་བ་ཉིད་དང་དེ་ལས་ལྡོག་སྟེ་སྤེ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཛེས་པའི་ཡོན་ཏན་བཤད་པ།
མཛེས་པའི་ཡོན་ཏན་བཤད་པ།དགུ་པ་མཛེས་པའི་ཡོན་ཏན་ལ། ལྷོ་ཤར་གཉིས། དང་པོ་ལ། མཚན་ཉིད། སྦྱོར་གཞི། དཔེར་བརྗོད། དོན་བསྡུ་བ་དང་བཞི། དང་པོ་ནི། མཛེས་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྲགས་པའི་དོན་དག་ལས་མ་འདས་པར། འུད་མི་ཆེ་བས་འགྲོ་བ་ཀུན་གྱི་བློ་ལ་ཤོང་ཞིང་མཛེས་སོ། །གཉིས་པ་ནི། མཛེས་པ་དེ་ཡང་། སྦྱོར་གཞི་སྔོན་བྱུང་གི་གཏམ་གྱི་…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཛེས་པའི་ཡོན་ཏན་བཤད་པ།
གྱི་ཕུང་པོ་ཅན་ཁྱོད་འདྲ་བའི་ཞབས་ཀྱི་རྡུལ་ནི་གཙང་མ་གཾ་གཱའི་ཆུ་དང་འདྲ་བ་རྣམས་ཀྱིས་ཡང་དག་པར་བཏབ་པ་སྟེ་རེག་པའི་ཁྱིམ་གང་ཡིན་པ་དེ་དག་ཁོ་ན་ངེས་པར་བྱིན་རླབས་དང་ལྡན་པའི་ཁྱིམ་མོ། །དཔེར་ན། ཀུན་ལས་ཆོས་རྒྱལ་ཆུ་སྲིན་རྒྱལ་མཚན་ཅན། །འདྲེན་བྱེད་ལས་འོངས་བི་ཤ་ན་རའི་བུས། །ལྷག་མར་བཏང་བས་སྐབས་གསུ་མ་པ་ཡི་དབུས། །ཟླ་བྲལ་མགྲིན…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཛེས་པའི་ཡོན་ཏན་བཤད་པ།
པ་དེ་ཡིས་ཤར་ཕྱོགས་པའི་མཁས་པ་རྣམས་ཤིན་ཏུ་ཚིམ་པར་གྱུར་ལ། ཅིག་ཤོས་ལྷོ་ཕྱོགས་པའི་མཁས་པ་རྣམས་ནི་མ་ཡིན་ཏེ། དཔེར་ན། ཞེས་སོ། །གཉིས་པ་ལ། གཏམ་དང་། བསྔགས་པ་གཉིས། དང་པོ་ནི་དམ་པ་ཁྱོད་ཀྱི་ཞབས་རྡུལ་ལྷུང་བ་ཡིས། །ཁྱིམ་གྱི་ཉེས་པའི་ཚོགས་དག་ནི་མ་ལུས་པར་བཀྲུས་པས། དུས་དེང་ནས་གཟུང་སྟེ། བདག་གི་ཁྱིམ་ནི་ལྷའི་ཁྱིམ་སྟེ་གཞལ་མེད…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཛེས་པའི་ཡོན་ཏན་བཤད་པ། > ཏིང་ངེ་འཛིན་གྱི་ཡོན་ཏན་བཤད་པ།
ཏིང་ངེ་འཛིན་གྱི་ཡོན་ཏན་བཤད་པ།བཅུ་པ་ཏིང་ངེ་འཛིན་ལ། མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བ་དང་གསུམ། དང་པོ་ནི། སེམས་ལྡན་གཞན་གྱི་ཆོས་དེ་སེམས་མེད་གཞན་དག་ལ། འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲངས་ཏེ་བཀོད་ནས། ཚིག་སྦྱོར་གང་དུ་བརྗོད་བྱེད་ཀྱི་སྒྲ་ཡང་དག་པར་འཛིན་པར་བྱེད་པ་དེ་ནི་ཏིང་ངེ་འཛིན་ཞེས་བྱ་བར་བརྗོད་དེ། དཔེར་ན། ཞེས་ས…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཛེས་པའི་ཡོན་ཏན་བཤད་པ། > ཏིང་ངེ་འཛིན་གྱི་ཡོན་ཏན་བཤད་པ།
དངོས་བསྟན་བུད་མེད་ལ་སྦྱོར་རྒྱུ་ཡིན་ཀྱང་། དེ་སྒྲིབས་ནས་སྐྱུགས་པ་ལ་སོགས་པ་ཕལ་པའམ་བཏགས་པ་བ་པདྨ་དང་ཉི་མ་ལ་འཇུག་པའི་སྦྱོར་བ་ལ་བརྟེན་པ་ནི་ཤིན་ཏུ་མཛེས་པ་ཡིན་ལ། གཞན་དུ་དངོས་བསྟན་ལ་སྦྱར་ན། གྲོང་པའི་ཚིག་ཉིད་ཀྱི་ནུས་པ་བརྟེན་པ་སྟེ་མི་མཛེས་སོ། །གཉིས་པ་ནི། ཉི་མས་འོད་ཟེར་སྐྱུགས་པ་རྣམས་པདྨས་བག་མེད་དུ་འཐུངས་ནས་གེ་སར…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > ལེའུ་དང་པོའི་མཇུག་བསྡུ་བ།
ལེའུ་དང་པོའི་མཇུག་བསྡུ་བ།གསུམ་པ་མཇུག་བསྡུ་བ་ནི། ཏིང་ངེ་འཛིན་ཞེས་བྱ་བའི་ཡོན་ཏན་གང་ཡིན་པ་འདི་ནི། སྙན་ངག་རྣམས་ཀྱི་ནང་ནས་བདོག་པ་ཀུན་ཏེ་གཅེས་པའི་ནོར་ཡིན་པས། སྙན་ངག་མཁན་པོ་ཐམས་ཅད་དོན་མཐུན་གྱིས་ཏེ་ཚོང་པའི་ཚོགས་དང་འདྲ་བ་རྣམས་ཀྱང་ཏིང་ངེ་འཛིན་འདི་ཉིད་ཀྱི་རྗེས་སུ་འབྲང་བ་སྟེ་གཙོ་བོར་བྱེད་དོ། །དཔའ་བོ་གཙུག་ལག་པས།…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > ལེའུ་དང་པོའི་མཇུག་བསྡུ་བ།
བསྟན་པ་ཡིན་ལ། དེ་དག་གི་དབྱེ་བ་ཕྲ་མོ་རྣམས་ནི་སྙན་ངག་མཁན་སོ་སོའི་བཤད་ཚུལ་ལ་གནས་པ་མང་བས་བརྗོད་པར་མི་ནུས་སོ། །དཔེར་ན། བུར་ཤིང་དང་། འོ་མ་དང་། བུ་རམ་སོགས་ཀྱི་མངར་བ་ཉིད་ཀྱི་ཁྱད་པར་ཆེ་བ་དེ་ལྟ་བུ་བསྟན་དུ་ག་ལ་ནུས་མོད་ཀྱི། དེ་བཞིན་དུ་སྙན་ཚིག་མཐའ་དག་དབྱངས་ཅན་མས་ཀྱང་བརྗོད་པར་མི་ནུས་ན་བདག་གི་ནུས་པ་མ་ཡིན་ནོ། །གསུམ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ།
ལེའུ་གཉིས་པ།དོན་རྒྱན་གྱི་སྐོར་བཤད་པ།ཤེས་བྱའི་རང་བཞིན་རྣམ་པར་ཡངས་པའི་མཛེས་སྡུག་ལང་ཚོར་ཆགས་པའི་སྤྱན། །སྲིད་ལས་བརྒལ་བའི་དཀྱུས་རིང་ཟུར་གྱིས་གཙུག་ལག་ཀུན་ལ་འཇུག་པའི་རྫས། །སྙན་འགྱུར་རིག་པའི་དབྱངས་དང་ལྷན་ཅིག་འདོད་པ་འཇོ་བའི་ངག་གི་ལྷ། །ཚངས་སྲས་མ་ཀྱེ་མགྲིན་པར་བཞུགས་ལ་ངག་གི་དངོས་གྲུབ་མ་ལུས་སྩོལ། །ངོ་མཚར་གཏམ་གྱི…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ།
འཛིན་ཅན། །གྲངས་མེད་རྒྱན་གྱི་སྒྲོ་གཤོག་རབ་བཀྲ་བ། །བཅད་ལྷུག་སྤེལ་མའི་ཉམས་འགྱུར་སྟོང་གི་གར། །བསྒྱུར་ཏེ་དཔྱོད་ལྡན་ཡོངས་ཀྱི་གཟིགས་མོར་ཆེ། །མ་རིག་ཆུ་འཛིན་རྒྱར་གྲོལ་མཐའ་ཀླས་ཆོས། །སྐྱེས་ཐོབ་པིར་གྱིས་སྙན་ཚིག་མཁར་བྲིས་པའི། །གནས་ལུགས་དབང་གཞུར་བཀྲ་བའི་གུར་ཁྱིམ་ནས། །ལེགས་བཤད་དབྱངས་ཅན་རྒྱུད་མང་ཅི་ཡང་སྒྲོག །གཉིས་པ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > རང་བཞིན་བརྗོད་པའི་རྒྱན་གྱི་སྐོར་བཤད་པ།
རང་བཞིན་བརྗོད་པའི་རྒྱན་གྱི་སྐོར་བཤད་པ།གཉིས་པ་ལ་སུམ་ཅུ་རྩ་ལྔ་ལས། དང་པོ་རང་བཞིན་བརྗོད་པ་ལ་མཚན་ཉིད། དཔེར་བརྗོད། དོན་བསྡུ་ཞིང་བསྔགས་པ་དང་གསུམ། དང་པོ་ནི། བརྗོད་བྱའི་དངོས་(༣༦ན)
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > རང་བཞིན་བརྗོད་པའི་རྒྱན་གྱི་སྐོར་བཤད་པ།
པོ་རྣམས་ཀྱི་རང་བཞིན་ཏེ་ངོ་བོ་དང་། དེ་དག་གི་རྣམ་པའི་གནས་སྐབས་སྣ་ཚོགས་པ་རྣམས་མེད་པ་ལ་ཡོད་དང་ཡོད་པ་ལ་མེད་པའི་སྒྲོ་བཀུར་སྤངས་ཏེ། ཤུགས་བསྟན་མ་ཡིན་པར་གནས་ལུགས་ཐམས་ཅད་དངོས་སུ་གསལ་བར་བྱེད་པ་དེ་ནི་རང་བཞིན་བརྗོད་པའི་རྒྱན་དང་། རྒྱན་སུམ་ཅུ་རྩ་ལྔ་པོའི་ནང་ནས་དང་པོའི་རྒྱན་ཡིན་ཅིང་། རྣམ་གྲངས་རིགས་སོགས་ཀྱི་དཔེར་བརྗོ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > རང་བཞིན་བརྗོད་པའི་རྒྱན་གྱི་སྐོར་བཤད་པ།
འགྱུར་བྱེད་དོ། །དཔེར་ན། བརྟུན་པ་སྐྱེད་དེ་མེ་སྐྱེས་ཡོངས་བསྒྲུབས་པས། །ལེགས་པར་སྦྱར་བའི་གཙུག་ལག་རབ་རྟོགས་ཤིང་། །གཞོན་ནུ་བདེ་སྤྱོད་རེ་བ་སྐོང་བྱེད་པའི། །དབང་ཕྱུག་གོ་ཆ་བློ་གསལ་དགའ་བ་བསྐྱེད། །ཅེས་པ་ལྟ་བུ། གསུམ་པ་ནི། ཡུལ་དགའ་མ་མཛེས་མ་ཡི་ནི་ལུས་ལ་རེག་པའི་རེག་བྱའི་ཡོན་ཏན་འདི་ཡིས་ཡུལ་ཅན་རང་གི་ལུས་ལ་སྤུ་ལོང་རྒྱ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > དཔེ་རྒྱན་གྱི་སྐོར་བཤད་པ།
དཔེ་རྒྱན་གྱི་སྐོར་བཤད་པ།གཉིས་པ་དཔེ་རྒྱན་ལ། མཚན་ཉིད། དཔེར་བརྗོད། སྐྱོན་ཡོན། མཚུངས་པ་གསལ་བྱེད་ཀྱི་སྒྲ་དང་བཞི། དང་པོ་ནི། མཚོན་བྱེད་ཀྱི་དཔེ་ལ་ཇི་ལྟར་ཡོད་པ་དག་ཇི་གཞིག་ཏུ་མཚོན་བྱའི་དཔེ་ཅན་ལ་དེ་ལྟར་ཡོད་པར་མཚུངས་པ་གསལ་བར་གང་དུ་རྟོགས་པར་བྱེད་པ་དེ་ནི་དཔེའི་རྒྱན་ཞེས་བྱ་སྟེ། དེ་ཡི་སྤྲོས་པ་མཐའ་དག་འདིར་ནི་རབ་ཏུ་བ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > དཔེ་རྒྱན་གྱི་སྐོར་བཤད་པ།
སོ་ཞེས་པས་ཆོས་དཔེ་དངོས་སུ་ནི་བསྟན་ཏེ། རྒྱུ་མཚན་མཚུངས་པའི་ཆོས་དམར་པོ་དག་སྒྲས་གསལ་བར་བསྟན་པའི་ཕྱིར་རོ། །དཔེར་ན། ངག་དབང་དབྱངས་ཅན་དགྱེས་པའི་ཞལ་གྱི་སྒོ། །ཡིད་འོང་འཛུམ་པའི་དབུས་ན་བཞི་བཅུའི་ཚེམས། །ཚར་དུ་དངར་འདི་ཉི་འོད་ཀྱིས་ཁྱབ་པའི། །གངས་ཀྱི་རི་བོ་ལྟ་བུར་དཀར་ཞིང་མཛེས། །ཞེས་པ་ལྟ་བུ།གཉིས་པ་དངོས་དཔེ་ནི། དཔེ་ཅན…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > དཔེ་རྒྱན་གྱི་སྐོར་བཤད་པ།
བདག་པོ་འཆར་ལ་མངོན་ཕྱོགས་པའི། །མཚམས་སྤྲིན་གསར་པའི་ཁ་དོག་ཡིད་དུ་འོང་། །ཞེས་པ་ལྟ་བུ། བཞི་པ་ཕན་ཚུན་གྱི་དཔེ་ནི། དཔེ་ཅན་མཛེས་མ་ཁྱོད་ཀྱི་ཞལ་བཞིན། ཆུ་སྐྱེས་མཛེས་པ་ལྟར། དཔེ་ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་ཞལ་ཡང་མཛེས་སོ་ཞེས་པ་དཔེ་དཔེ་ཅན་གཉིས་ཕན་ཚུན་འཇལ་རེས་བྱས་པའི་སྒོ་ནས་དཀར་མཛེས་སོགས་གཉིས་ཀ་ལ་མཚུངས་པའི་ཁྱད་འཕགས་བར…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > དཔེ་རྒྱན་གྱི་སྐོར་བཤད་པ།
མེད་པའི་དཔེའོ། །དཔེར་ན། འཇམ་མགོན་བླ་མ་ཀུན་མཁྱེན་ཙོང་ཁ་པ། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་མཚུངས་ཀྱི། །གཞན་དུ་དེ་འདྲའི་ངང་ཚུལ་ལྡན་པ་དག །སྲིད་འདིར་མཆིས་ན་ཁྱོད་ཀྱི་དཔེ་ཟླར་རིགས། །ཞེས་པ་ལྟ་བུ། བདུན་པ་བསྡུས་པའི་དཔེ་ནི། དཔེ་ཅན་ཁྱོད་ཀྱི་གདོང་མཛེས་པ་ཁོ་ན་ཡིས། དཔེ་ཟླ་བའི་རྗེས་སུ་འགྲོ་བ་མ་ཡིན་ཏེ། བྱ་བའི་ཁྱད་པར་གཞན…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > དཔེ་རྒྱན་གྱི་སྐོར་བཤད་པ།
མེད་བཞིན་དུ་སྒྲོ་བཏགས་ཏེ། ཟླ་བ་ཁྱོད་དུ་མ་ཟད་པདྨ་ལ་ཡང་མཛེས་མའི་གདོང་གི་ཡོན་ཏན་དེ་ཡོད་པའི་ཕྱིར། ཞེས་པ་འདི་ནི་རབ་བཏགས་ཀྱི་དཔེའོ། །དཔེར་ན། འཇམ་མཉེན་ཆུ་སྐྱེས་གཞོན་ནུའི་ཡལ་འདབ་རྣམས། །དབྱངས་ཅན་ལྷ་མོའི་ཕྱག་གི་སོར་མོའི་དཔལ། །སྙེམས་པར་མི་འཚལ་ལེགས་བྲིས་རྐེད་མེད་མའི། །ལག་པའི་ཡལ་ག་དེ་ཡི་དགྲ་ཟླ་བྱེད། །ཅེས་པ་ལྟ་བུ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > དཔེ་རྒྱན་གྱི་སྐོར་བཤད་པ།
རྟ་བདུན་མཁའ་ལ་འགྲོ་ཞེས་བླུན་པོ་འགའ། །པད་དཀར་འདབ་མ་འཛུམ་ལ་ལྟ་ཕྱིར་རྒྱུག །ཅེས་པ་ལྟ་བུ། བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། དཔེ་ཁྱད་གཞི་པདྨའི་ནང་དུ་ཁྱད་ཆོས་ཀྱི་བུང་བ་འཁོར་བའམ། དཔེ་ཅན་ཁྱད་གཞི་མཛེས་མ་ཁྱོད་ཀྱི་གདོང་པ་ལ་ཁྱད་ཆོས་མིག་གཡོ་བ་གང་རུང་ཞིག་ཅི་ལྟར་ཡིན་པ་འདྲ་ཡང་། བདག་གི་སེམས་ནི་ཐེ་ཚོམ་གྱི་རྣམ་པར་གཡོ་བ་ལས་…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དོན་རྒྱན་གྱི་སྐོར་བཤད་པ། > དཔེ་རྒྱན་གྱི་སྐོར་བཤད་པ།
སྒོ་ནས་བསིལ་ཟེར་ཅན་གྱི་འགྲན་ཟླ་བྱེད་པ་དང་། དཔེ་པདྨས་ཉི་མའི་ཕྱོགས་ཡིན་པའི་སྒོ་ནས་འགྲན་ཟླ་བྱེད་པ་སྦྱར། དེ་བཞིན་དུ་དཔེ་ཅན་ལ་མཛེས་པའི་དཔལ་དང་། དཔེ་ལ་བུང་བའི་དཔལ་ལྡན་པ་སྦྱར། དཔེ་ཅན་མཛེས་མའི་ཁ་ལ་ཨུཏྤ་ལའི་དྲི་དང་། དཔེ་གསར་གྱི་དྲི་བཟང་པོ་གཉིས་སྦྱར་ནས། དཔེ་ཅན་ཁྱོད་ཀྱི་གདོང་ནི། དཔེ་ཆུ་སྐྱེས་བཞིན་ནོ། །ཞེས་མཚུང…