Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 484 of 500
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      གིས་ཁྲུས་འདི་གསོལ་བར་བགྱི། །གདུལ་བྱའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡི། །ཆ་བྱད་ལྷ་ཡི་རྣམ་པ་ནི། །སྙིང་རྗེ་ཡིས་ནི་ངེས་གང་བ། །རྟག་ཏུ་ཕན་དང་བདེ་མཛད་པའི། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས་ཁྲུས་༴། །སངས་རྒྱས་གཟུགས་ཅན་གནས་དང་ནི། །སློབ་པའི་དགེ་འདུན་གནས་ཀྱི་ས། །གཙུག་ལག་ཁང་དང་གནས་གཞན་ལ། །བདག་གིས་ཁྲ…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      བྱུག་པར་བགྱི། སྔར་བཞིན་དྲིས་བྱུག །ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་བས། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །གོས་ཟུང་འབུལ། ཨོཾ་ཨཱཿབཛྲ་ཝསྟྲ་ཡེ་སྭཱ་ཧཱ། བདེ་བྱང་སེམས་དང་ལོངས་སྐུའི་ཆ་བྱད་འཛིན་པ་རྣམས་ལ་རྒྱན་གྱི་བྱེ་བྲ…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་རྡོ་རྗེ་དང་དུང་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། ཡབ་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་དགུས་བརྒྱན་ཅིང་། ཡུམ་ཁྲོ་མོའི་ཆས་རྣམས་ཀྱིས་བརྒྱན་པ། ལྷ་ཁང་དང་གཙུག་ལག་ཁང་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་སྣང་བཛྲ་ཀུ་མཱ་ར་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      མོ་སོགས། ནུབ་ཏུ་ཛྲིཾ་ལས་པདྨ་ཛྲིཾ་གིས་མཚན་པ་ལས་འོད་དཔག་མེད་བཛྲ་ཀུ་མཱ་ར་སྐུ་མདོག་དམར་པོ་ཞེས་སོགས། ཕྱག་གཡས་གསུམ་པདྨ་དང་། གཡོན་གསུམ་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་སྐུ་མདོག་དམར་མོ་ཞེས་སོགས། བྱང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་དོན་ཡོད་གྲུབ་པ་བཛྲ་ཀུ་མཱ་ར་སྐུ་མདོག་ལྗང་གུ་ཞེས་སོགས། ཕྱག་གཡས་ག…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུཾ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཨོཾ་བཛྲོ་རྒྷ་ཊ་པྲ་བེ་ཤ་ཡ་ཧཱུཾ་ཕཊ་ཀྱིས་སྒོ་དབྱེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། འོག་མིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔ…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      གསོལ། ཕྱིར་འབྲང་བའི་བགེགས་བསྐྲད་པ་ནི། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པ་ནས་བཟུང་སྟེ། བདེན་པའི་བྱིན་རླབས་ཀྱི་བར་བགེགས་སྦྱང་བའི་སྐབས་དང་འདྲ་བ་ལ། ཡེ་ཤེས་སེམས་དཔའི་ཕྱི་བཞིན་འབྲངས་ནས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་དང་། བདེ་བ་མཆོག་གི་གནས་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ རང་བཞིན་གྱི་གནས་ནས་སྤྱན་འདྲེན་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བཛྲ་ས་མ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ནས་མཆོད་པའི་བར་གོང་བཞིན་བྱ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      དབྱིངས། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཧཱུཾ། །ཐུགས་ཀྱི་གནས་སུ་རྒྱས་གདབ་བོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། །བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱི་རབ་གནས་ལ། །བྱིན་གྱིས་བརླབ་པར་མཛད་པར་འོས། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་ཅོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱིད་པར་འཚལ་ན། བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་སང་ནང་པར་བྱོན་ཞིང་རྟེན་བྱིན་གྱིས་བརླབས་ཏེ། བདག་ལ་དངོས་གྲུབ་ཀྱི་མཆོག་སྩལ་དུ་གསོལ།…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པ། དེའི་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང་། བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      གཟུགས་ཀྱི་སྐུའི་འབྱོར་པ་མཐར་ཐུག་པ། འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་བརྗོད་ཅིང་དེ་ཐམས་ཅད་ཀྱི་མཐར་རབ་ཏུ་གནས་བྱའི་རྟེན་ལ་མེ་ཏོག་འཐོར། སྤོས་ཀྱིས་བདུག །རོལ་མོ་དབུལ་ཞིང་། ཨོཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ནེ་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀྶཾ་བུདྷ་ཡ། …
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      ལྗོན་ཤིང་རྩད་ནས་གཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་། ཕྱི་རོལ་པ་དག་དང་། ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་འགྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་སྐེམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟ…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པ་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང་། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀ…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      བལྟམས་པ་ནས་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རང་རང་གི་རིགས་ཀྱི་བདག་པོ་དང་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་རླབས་ནས། ཆུ་གཉིས་ཉེར་སྤྱོད། སྨན་རག་གཏོར་མ་འབུལ་བ། བསྟོད་པ་རྣམས་སྟ་གོན་གྱི་སྐབས་ལྟར་བྱ། སྤྱན་ད…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      ཁང་བཟང་རྟ་བབས་ལ་སོགས་པ་རྣམས་བཛྲ་ཀུ་མཱ་ར་ཞུ་བ་ལས་བྱུང་བའི་རང་རང་གི་དབྱིབས་ཅན་དུ་གྱུར། དེ་དག་ཀུན་ཀྱང་བདག་དང་ཡོན་བདག་དང་།སེམས་ཅན་ཐམས་ཅད་ཀྱི་ཕྱག་གི་གནས་མཆོད་པའི་རྟེན་བསོད་ནམས་གསོག་པའི་དཔལ་མགོན་དམ་པར་གྱུར་ཏེ། ཞལ་དྲོ། བྱིན་ཆེ། བག་དྲོ་བ་སྐྱོབ་པའི་ནུས་པ་དང་ལྡན་པར་གྱུར། ཆོས་སྐྱོང་རྣམས་ཀྱང་བསྟན་པ་བསྲུང་བའི་མཐ…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      རབ་འབྱམས་རྒྱ་མཚོ་མ་སོགས་ཀྱིས་རོལ་མོའི་བར་འབུལ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། ཉེ་བའི་སྣ་བདུན་ནི། གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང་། །ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང་། །ཡང་འཇམ་ཉོན་མོངས་མེད་པའི་མལ་ཆ་དང་། །དགའ་མགུ་རྩེ་བར་བྱེད་པའི་ཡིད་འོང་ཚལ། །གང་འདོད་བལྟ་ནུས་བདེ་བར་ཉལ་བའི་ཁྱིམ། །ཐགས་བཟང་སྲེག་བཅད་མི་ནུས…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      འདས། །མཚན་ཙམ་ཐོས་པའི་ངན་འགྲོའི་སྡུག་བསྔལ་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས་སོགས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛ…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །དྲི་མེད་མཚན་ལ་བགྲེས་པ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཡིས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་ཨཱཿཧཱུཾ་སྭཱ་ཧཱ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཅེན་ར…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      དབུལ་བརྒྱད་དོ། །སྐུ་གཟུགས་ཀྱི་དྲུག་ནི། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་བསྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འབྲེག་གཅད་ཕུལ་བ་ཡིས། །འགྲོ་བ་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ཨོཾ་བཛྲ་ཀ་ཙ་མུ་ལ་ཨཱཿཧཱུཾ་སྭཱ་ཧཱ། ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང་། །བདག་ཅག་དད་པས་ཕྱག་དང་ཞབས་…
      GLG024 · ངག་དབང་བློ་བཟང་རྒྱ་མཚོ།
      རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།
      བོའི་མངའ་དབུལ་ནི། ཧཱུཾ། བླ་མ་དཔལ་ཆེན་འཁོར་བཅས་ལ། །ཐོད་སྐམ་རིན་ཆེན་དབུ་བརྒྱན་པས། །འཁོར་བའི་རྣམ་རྟོག་ཟིལ་མནན་ནས། །སྐུ་གསུམ་ཡེ་ཤེས་ལྔ་ཐོབ་ཤོག །ཨོཾ་བཛྲ་ཀ་པཱ་ལ་མུ་ཀུ་ཊ་པཱུ་ཛ་ཨཱཿཧཱུཾ་སྭཱ་ཧཱ། ཧཱུཾ། བླ་མ་དཔལ་ཆེན་༴། །མི་མགོ་ཁྲག་འཛག་ལྔ་བཅུར་བཅས། །རྒྱུ་མས་འབྲེལ་བ་༴། །འགྲོ་ཀུན་བདུད་སྡེ་དག་པར་ཤོག །ཨོཾ་བཛྲ་ཀ་པཱ་ལ…