Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 159 of 500
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
རྒྱལ་བའི་སྲས་པོ་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་སྔོན་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་ཚེ་གདན་འཛོམ་པར་འདུས་ཏེ། མདོའི་དོན་བྱིན་གྱིས་བརླབས་ཤིང་དེ་བཞིན་གཤེགས་པའི་བཀའ་བསྒྲུབ་པར་ཐུགས་བསྐྱེད་པ་དེ་དག་ཀྱང་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་གྱི་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
པར་རྒྱས་པའི་མདོ་སྡེ་འཆང་བ་མཆོད་པ་ལ་སོགས་པའི་སེམས་ཅན་དེ་དག་ཕྱག་མཚན་དུ་བཞེས་ཤིང་བསྲུང་བར་ཞལ་གྱིས་བཞེས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་།གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང་། གནོད་སྦྱིན་གྱི་སྡེ་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
གཡས་གྲལ་དུ་ཚངས་པ་དང་བརྒྱ་བྱིན་གྱི་གདན་བཤམ། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་རང་རང་གིས་དམ་བཅས་པ་བཞིན་བསྒྲུབ་ཅིང་བཞུགས་པར་བསམ། མཆོད་པ་དང་དཀྱིལ་འཁོར་སྔར་བདེན་པ་བདར་བའི་ཚུལ་དང་འདྲ་བར་མོས་པར་བྱའོ། །གཉིས་པ་དངོས་གཞི་ལ་དེ་ལྟར་བསམས་པའི་རྗེས་ལ་སྤྱིར་ཕྱག་འཚལ་ཞིང་མཆོད་དེ། མཆོད་ཡོན་ལ་སོགས་པ་ཅི་འབྱོར་པས་སོ། །ཞེས་གསུང…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
དཔལ་བཟང་པོ། །ཞང་སྟོན་བསོད་གྲགས་བཞི་ལ་ཕྱག་འཚལ་ལོ། །ཆོས་ལུང་མཁན་ཆེན་གྲགས་པ་རྒྱལ་མཚན་དཔལ། །འཇམ་དཔལ་དབྱངས་དངོས་རིན་ཆེན་རྒྱལ་མཚན་ཞབས། །འདུལ་འཛིན་མཆོག་གྱུར་རྒྱལ་བ་ཕྱག་ནའི་མཚན། །ཀུན་དགའ་བློ་གྲོས་བཞི་ལ་ཕྱག་འཚལ་ལོ། །སྡོམ་བརྩོན་ཆེན་པོ་ཚུལ་ཁྲིམས་དཔལ་འབྱོར་དང་། འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར་རྗེ། །ངེས་པར་ཐ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ཡོན་ཏན་དབང་ཕྱུག་བཞི་ལ་ཕྱག་འཚལ་ལོ། མཁས་བཙུན་ཆེན་པོ་ཤངས་པ་འདུལ་བ་འཛིན། །མཁན་ཆེན་བྱང་སེམས་ཞང་སྟོན་བསོད་གྲགས་སོགས། །བདེ་བར་གཤེགས་པ་བརྒྱད་ཀྱི་མདོ་ཆོག་གི །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། མཇུག་གི་ཤོ་ལོ་ཀ་གཉིས་རྗེ་སྟག་ཚང་པའི་གསུང་ལས། གངས་ཅན་ཕན་བདེའི་དཔལ་འབྱོར་འབྱུང་བའི་སྒོ། །དམན་མཆོག་ཀུན་གྱིས་ས…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཚོགས་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
གསུང་ནི་དྲི་ཟའི་རྒྱུད་སྟོང་ལྟར། ཚངས་པའི་དབྱངས་ཀྱིས་སྣ་ཚོགས་གདུལ་བྱའི་ཡིད། །ཀུན་ཏུ་ཚིམ་བྱེད་གསུང་རབ་རྒྱ་མཚོའི་གཏེར། །བཅོམ་ལྡན་སྨན་བླའི་གསུང་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་ངང་། །དམིགས་མེད་ཐུགས་རྗེའི་རྦ་རླབས་ཆེར་གཡོས་ཤིང་། །སྨོན་ལམ་རྒྱ་མཚོ་མཛད་པ་ལྷུན་གྲུབ་པའི། །བཅོམ་ལྡན་སྨན་བླའི་ཐུགས་ལ་ཕ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ། འབུལ་ལོ་མཆོད་དོ། །དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་ཞེས་བྱ་བ་དང་བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས་བགྱི་བར་འོས…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ལམ་གྱི་ཁྱད་པར་རྒྱས་པ་རླབས་པོ་ཆེ་ཇི་ལྟར་བཏབ་ཅིང་བྱིན་གྱིས་བརླབས་པ་དང་། དོན་དེ་ཉིད་ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་ཇི་ལྟར་བཀའ་སྩལ་ཞིང་བྱིན་གྱིས་བརླབས་པ་དང་། འཕགས་པ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་དེ་དག…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ། རྣམ་པར་དཀར་བའི་འཕྲིན་ལས་ཕྱོགས་བཅུར་རྒྱས་པ། དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་ག…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ལ་སྦར་བའི་མར་མེ་མཐའ་ཡས་པའི་སྣང་བས་ཉི་ཟླ་ཟིལ་གྱིས་གནོན་ནུས་པ་སྤྱན་སྔར། བཟང་དྲུག །ག་བུར། ཙན་དན་སོགས་དྲི་ཞིམ་པོའི་སྨན་གྱིས་ཡོངས་སུ་སྦགས་པའི་དྲི་ཆབ་གངྒཱའི་རྒྱུན་ལྟ་བུ་ཐུགས་ཀ །ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པ་རྣམས་ཀྱི་ཟས་གཡོས་སུ་བྱས་པ་དང་མ་བྱས་པའི་བཅའ་བའི་རིམ་པ་བཟང་དགུ་རོ་བརྒྱ་ཕྲག་བདའ་བའི་ལྷ་བཤོས་ལྗགས། སིལ་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
གི་ལུས་ཤེལ་སྒོང་ཕྱིས་པ་ལྟར་མོས་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་བཤགས་པ། རང་གཞན་ཐམས་ཅད་ཀྱི་དུས་གསུམ་གྱི་དགེ་བ་ལ་སེམས་དགའ་བ་སྟེ། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེས་ནི་དེ་ལྟ་མིན། །ཞེས་པ་ལྟར་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱས་ན་བསོད་ནམས་མཉམ་པོར་ཐོབ་པའི་ཕན་ཡོན་ཡོད། ར…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
དང་འབྲས་བུ་སྟོན་ཐོག་དང་འདྲ་བ་ནི་ཐུགས་དམ་བསྐུལ་བ་ཡིན་པས་ཡུལ་ཁྱད་པར་ཅན་རྣམས་ལ་གདུང་ཤུགས་རྩེ་གཅིག་པས་སྔོན་གྱི་ཐུགས་དམ་བཅས་པ་རྣམས་ད་ལྟ་བདག་ཅག་ལ་འགྲུབ་པར་མཛད་དུ་གསོལ། ཞེས་སྤྱིའི་ཐུགས་དམ་བསྐུལ་བ་ཞེས་ཀྱང་བྱ། མཆོད་པར་འགྲུབ་པའི་རྒྱུར་གསོལ་བ་གདབ་པ་ཞེས་ཀྱང་བྱའོ། །གཉིས་པ་རྒྱས་བཤད་སོ་སོའི་ཕྱག་མཆོད་སྨོན་ལམ་ལ་བདེར…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་དང་ནད་ཐམས་ཅད་མེད་པར་གྱུར་ཅིག་རབ་ཏུ་མེད་པར་གྱུར་ཅིག་རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་འོན་པ་དང་སྨྱོན་པ་དང་ཤ་བཀྲ་དང་ནད་ཚབས་ཆེན་པོས…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
དུ་བཅིང་བ་དང་རྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པའི་ནང་དུ་ཆུད་དེ་སྲོག་ལ་བབ་ཅིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་ག…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
བཅོམ་ལྡན་མཚན་ལེགས་ཡོངས་བསྒྲགས་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བརྒྱད་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ཐུབ་པའི་བསྟན་དར་སྐྱེ་རྒུ་བདེ་ཞིང་སྐྱིད། །ཁྱད་པར་སྦྱིན་པའི་བདག་པོས་གཙོ་བྱས་པའི། །འགྲོ་རྣམས་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་པོ། །རབ་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
བ་དང་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་དང་ནོར་དང་འབྲུ་དང་དབྱིག་དང་གསེར་རྣམས་འབྱུང་ཞིང་འབྱོར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ངན་སོང་དང་སེམས་ཅན་དམྱལ་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་པར་གྱུར་ཅི…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
དང་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་ལས་ཐར་བར་གྱུར་ཅིག །མཆོད་པ་དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ་དགེ་བའི་ཆོས་རྣ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱ…