Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 136 of 500
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ལམ་བཟང་།
ཅིག །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། མགོན་པོ་བྱམས་པ།། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སློབ་དཔོན་སེངྒེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླ…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ལམ་བཟང་།
མཁན་ཆེན་དོན་གྲུབ་ལེགས་བཟང་། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས། མུས་ཆེན་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་རིན་པོ་ཆེ་བློ་གྲོས་རྒྱ་མཚོ། དཔལ་ས་སྐྱ་པ་འཇམ་མགོན་བླ་མ་ངག་དབང་རྡོ་རྗེ་རིན་ཆེན། དེས་བདག་ཅག་ལ་བཀའ་དྲིན་ཆེན…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ལམ་བཟང་།
ཆེན་གྲགས་རྒྱལ། བོ་དོང་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྱམས་གླིང་པཎ་ཆེན་བསོད་ནམས་རྣམ་རྒྱལ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་བཙུན་ཀུན་དགའ་སྙིང་པོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། རྗེ་ཡོན་ཏན་མགོན་པོ། གྲུབ་ཆེན་མགོན་པོ་དཔལ་འབྱོར། མཚུངས་མ…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
༄༅།། བོ དྷི མ རྒཱ ཎཱཾ ཀྲ མཱ ནུ བྷ བ ནཱ ཡ པཱ ཎིཾ ལཱ ཏི ག རྦྷཾ བི ཎྜཱ སྟི། བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ་བཞུགས་སོ།། །།
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
ཨོཾ་སྭསྟི་སིདྡྷཾ། འདིར་བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་པའི་སྐབས་སུ་ངག་འདོན་སོགས་ཇི་ལྟར་བྱ་བའི་ཕྱག་གཞེས་མདོ་ཙམ་བཀོད་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བའི་ཚུལ་དང་། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་དྲུག །གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
རྗེས། སྦྱོར་ཆོས་གསུམ་པ་ནི། བསམ་གཏན་དང་རྗེས་སུ་མཐུན་པའི་གདན་ལ་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་ཕྱི་ནང་དུ་རང་བཞིན་གྱིས་རྒྱུ་བ་ཉེར་གཅིག་གི་བར་དུ་མ་འཁྲུལ་པར་བགྲངས་པ་ལ་ཡིད་གཏད་དེ་རླུང་ཆམ་ལ་ཕབ། ཁྱད་པར་སེམས་ཀྱི་གནད་མི་དགེ་བ་དང་ལུང་མ་བསྟན་དུ་མ་སོང་བར་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་སྒོ་དུ་མ་ནས་…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུའང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བདུན་དང་ཉེ…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་གཞིར། གཞལ་མེད་ཁང་རིན་པོ་ཆེ་སྣ…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་ཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང་། སླར་ཡང་། དཀོན་མཆོག་གསུམ་གྱི…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་དྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་གསོལ་བ་བཏབ་པས། ཆོས་འདི་སྟོན་པའི་དྲིན་ཅན་རྩ་བའི་བླ་མ་དང་…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཅེས་དང་། སྤྲོ་ན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་སོགས་པར་ཕྱིན་དྲུག་གི་ཚིགས་བཅད་ཀྱང་བརྗོད། སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕ…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
ལྔ་པ་ནི། དེ་ནས་བསག་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པའི་ཐོག་མར་ཕྱག་འཚལ་བ་ནི། སྐྱབས་ཡུལ་གྱི་དམིགས་པ་རྣམས་མདོར་བའི་ངང་ནས་ལངས་ལ་དངོས་སུ་ཕྱག་འཚལ་བ་དང་བཅས་ཏེ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་ཕྱག་འཚལ་ལ…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་རྒྱལ་བའི་སྲས་རྣམས་ལ། །བ…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ཙམ་མམ། སྤྲོ་ན། བཞེས་ནས་བདག་གི་རྒྱུད་ཀྱི་ཐེག་པ་ཆེན་པོའི་ལམ་བསྒྲུབ་པ་དང་འགལ་བའི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགགས་པར་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སོགས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་མྱུར་དུ་སྐྱེ་བར་…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
རྣམ་སྣང་མཛད། །འགྲོ་བའི་རྩ་ལག་གསུམ་ལ༴ ལམ་མཆོག་ཤེར་ཕྱིན་རྒྱས་མཛད་སེང་བཟང་ཞབས། །རྒྱལ་བའི་མན་ངག་ཀུན་འཛིན་ཀུ་སཱ་ལི། །འགྲོ་ཀུན་བརྩེ་བས་རྗེས་འཛིན་དགེ་བ་ཅན། །འགྲོ་བའི་དེད་དཔོན་གསུམ་ལ༴ བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་གླིང་པ། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །བསྟན་པའི་སྲོག…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་ཞབས། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དང་། །སྐུ་གསུམ་གོ་འཕང་མངོན་གྱུར་ནོར་བུ་བཟང་། །དཔལ་ལྡན་བླ་མ་གསུམ་ལ༴ དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་སྡེ། །སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ། །མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་སྟེ། །བཤེས་གཉེན་དམ་པ་གསུམ་ལ༴ ཕྱག་ན་པདྨ་བསོད་ནམས་རྒྱ་…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
ཐུགས་རྗེའི་གཏེར། །མཁྱེན་པས་ཆོས་ཀུན་དེ་ཉིད་རབ་ཏུ་གཟིགས། །ཕུན་ཚོགས་སྐུ་བཞིའི་བདག་ཉིད་བླ་མ་ལྷས། །རྗེས་བཟུང་བཤེས་གཉེན་དམ་པར་གསོལ་བ་འདེབས། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །ཞེས་དང་། ཟབ…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
མངའ་བདག་བྱང་སེམས་སྤྱིལ་བུ་བ། །དྲི་མེད་ལུང་གི་དབང་ཕྱུག་མཁས་པའི་གཙོ། །ཁམས་གསུམ་འགྲོ་བའི་མགོན་པོ་རིན་པོ་ཆེ། །གནས་བརྟན་ཆེན་པོ་གསུམ་ལ༴ རྣམ་དག་ཚུལ་ཁྲིམས་ངད་ལྡངས་ཟངས་ཆེན་པ། །འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ། །ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲ་བ། །འགྲོ་བའི་འདྲེན་པ་གསུམ་ལ༴ ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པ…
JKT010
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་གཞེས་སྙིང་པོར་དྲིལ་བ།
གྱི་རིམ་པ་ཐོས་ཞེས་གསུངས་པ་ལྟར། བླ་གོར་མཁན་ཆེན་ཆོས་སྐྱབས་བཟང་པོ་ལས་གསན་པའི་བརྒྱུད་པའི་ཁྱད་པར་རོ། །ཡང་ན་སྟོན་པ་རིན་པོ་ཆེའི་རྗེས་སུ། གྲུབ་པའི་དབང་ཕྱུག་ཆེན་པོ་ཚུལ་ཁྲིམས་འབར། །བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད། །ཐེག་མཆོག་ལམ་གྱིས་རྒྱུད་སྦྱངས་སྐྱེར་སྒོམ་ཞབས། །རྒྱལ་བའི་སྲས་པོ་གསུམ་ལ༴ རྨད་བྱུང་ཡོན་ཏན་…