Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 36 of 500
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་ཁྲིད་རྒྱས་པར་འཆད་པའི་ས་བཅད་གྲུབ་པའི་གསུང་ཟེར།
      ཁམས་ལྔས་དབྱེ་བས་ལྔའོ། །གསུམ་པ་ལ། ཚོགས་དྲུག་གི་སྣང་བ་བཟང་ངན་བར་མ་གསུམ་ལ་སྦྱོང་ཚུལ་གྱིས་ཕྱེ་བས་བཅོ་བརྒྱད་དོ། །བཞི་པ་ལས། སྒྱུ་མའི་དཔེ་བཅུ་གཉིས་ཏེ། སྒྱུ་མ་རྨི་ལམ་སྨིག་རྒྱུ་དང་། །གཟུགས་བརྙན་གློག་དང་བྲག་ཆ་དང་། །ཆུ་ཟླ་འཇའ་ཚོན་དྲི་ཟའི་གྲོང་། །མིག་ཡོར་སྤྲིན་དང་སྤྲུལ་པའོ། །གཉིས་པ་ལ། བདེན་གྲུབ་མེད་པའི་རྒྱུ་མཚན…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་ཁྲིད་རྒྱས་པར་འཆད་པའི་ས་བཅད་གྲུབ་པའི་གསུང་ཟེར།
      གསོལ་འདེབས་འོད་ཟེར་སྤྲོ་བསྡུ་སྟེ་བརྒྱད་དོ། །གཉིས་པ་དམ་ཚིག །གསུམ་པ་འཆར་དུས། བཞི་པ་བསྲེ་བ་རྣམས་སོ། །ལྔ་པ་འཕོ་བ་མ་བསྒོམ་སངས་རྒྱས་གསེར་འགྱུར་གྱི་རྩིས་ལམ་གྱི་མཚམས་སྦྱོར་བ་ལ་མདོར་རྒྱས་གཉིས། ཕྱི་མ་ལ་གཉིས་ལས། སྦྱང་བ་ལ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུའི་འཕོ་བ་གསུམ། གཉིས་པ་ལས་སྦྱོར་ལ། ནམ་འཕོ་བའི་དུས་དང་། ཇི་ལྟར་…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་ཁྲིད་རྒྱས་པར་འཆད་པའི་ས་བཅད་གྲུབ་པའི་གསུང་ཟེར།
      བ་བཞིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་འོག་སྒོ་བདེ་བ་ཆེན་པོའི་སྐོར་ནི་ཁྲིད་རྒྱུན་དམིགས་བསལ་མི་བཞུགས་པས་འདིར་ས་བཅད་དུ་མ་བཀོད་ལ། ཞར་བྱུང་དེའི་ཡན་ལག་དཔལ་ནཱ་རོ་ཆེན་པོའི་གསང་སྤྱོད་ཀྱི་ས་བཅད་ལ་ལྔ། གང་ཉམས་སུ་ལེན་པའི་གནས། ནམ་ཉམས་སུ་ལེན་པའི་དུས། གང་གིས་ཉམས་སུ་ལེན་པའི་གང་ཟག །ཅིའི་ཕྱིར་ཉམས་སུ་ལེན་པའི་ད…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་ཁྲིད་རྒྱས་པར་འཆད་པའི་ས་བཅད་གྲུབ་པའི་གསུང་ཟེར།
      ཡོན་དུ་འབུལ། ཡི་དམ་ལ་ཚོགས་སུ་འབུལ། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མར་བཏང་། གནས་ལུགས་ཀྱི་ངང་ལ་བཞག་པའོ། །དེ་དག་ནི་ནཱ་རོ་ཆེན་པོའི་གསང་སྤྱོད་ཀྱི་ཁྲིད་ཡིག་ཞལ་གདམས་དང་བཅས་པ་ལྟར་རོ། །དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་ལ། དང་པོ་སེམས་ཀྱི་གཞི་རྩ་བཅད། གཉིས་པ་སེམས་ཀྱི་བཞག་ཐབས་བསྟན། གསུམ་པ་སེམས་ཀྱི་གོ…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་ཁྲིད་རྒྱས་པར་འཆད་པའི་ས་བཅད་གྲུབ་པའི་གསུང་ཟེར།
      ནི། ཐག་པ་ལ་སྦྲུལ་དུ་འཁྲུལ་པའི་རྟོགས་༡བརྗོད་དང་། སྒྱེད་བུ་ལ་གསེར་དུ་ཤེས་པའི་རྟོགས་༢བརྗོད་དང་། རང་བུ་ཆོམ་པོར་བྱུང་བའི་རྟོགས་༣བརྗོད་རྣམས་ཀྱི་དཔེ་དོན་དང་འབྲེལ་བར་དཔྱད་པའོ། །གསུམ་པ་གཞུང་ལུགས་ལྟར་དཔྱད་པ་ནི། སྐྱེ་འགག་གནས་གསུམ་གཅིག་དུ་མ་སོགས་དཔྱད་པའོ། །གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ་ལ། ཁྱུང་ཆེན་ནམ་མཁའ་ལ་ལྡི…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་ཁྲིད་རྒྱས་པར་འཆད་པའི་ས་བཅད་གྲུབ་པའི་གསུང་ཟེར།
      འཆི་༦ཁར་ཡེ་ཤེས་ཟངས་ཐལ་དུ་བཏང་བའི་རྣལ་འབྱོར་ཏེ་དྲུག་གོ། །གསུམ་པ་རྗེས་ནི། དེ་ལྟར་ལམ་གྱི་རིམ་པའི་ཁྲིད་རྫོགས་ནས། ཕྱག་རྒྱ་ཆེན་པོའི་ཆེ་བ་བསྟན་པ། ཕྱག་རྒྱ་ཆེན་པོའི་རང་སྐད་ངོས་བཟུང་། ཕྱག་རྒྱ་ཆེན་པོའི་སྒྲ་དོན། གོལ་འཆུགས་མེད་པར་ཉམས་སུ་བླང་ཚུལ། དེ་ལྟར་བླངས་པའི་འབྲས་བུའོ། །ཉམས་སུ་བླངས་ཚུལ་ལོ། ཤོར་ས་བཞིར་མ་ཤོར་བ།…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་ཁྲིད་རྒྱས་པར་འཆད་པའི་ས་བཅད་གྲུབ་པའི་གསུང་ཟེར།
      ཆེན་པོའི་དབྱེ་བས་བཅུ་གཉིས་སོ། །འབྲས་བུ་ལ། ལམ་ལྔ། ས་བཅུ། སངས་རྒྱས་ཀྱི་སར་སྐུ་གསུམ་གྱི་རྣམ་པར་བཞག་པ་དང་བཅས་པའོ། །སྤྱི་དོན་གསུམ་པ་རྗེས་ལ། སྟན་ཐོག་གཅིག་ཏུ་ཉམས་སུ་བླང་ཚུལ་དང་། གཞན་ཡང་ཚེ་སྒྲུབ་གོང་ཁུག་མའི་མན་ངག་དང་། ལུས་དཀྱིལ་དང་ཆོས་དྲུག་སོགས་ཀྱི་ཞལ་ཤེས་དང་། ཡི་དམ་གྱི་བསྙེན་སྒྲུབ་ཐེམ་ནས་མགོན་པོ་ཕྱག་བཞི་པའ…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་ཁྲིད་རྒྱས་པར་འཆད་པའི་ས་བཅད་གྲུབ་པའི་གསུང་ཟེར།
      འཁོར། །གསང་༩བའི་གཏུམ་མོ་བཅས་ཉིན་དགུ། སྒྱུ་ལུས་ལ་༡སྟོད། སྨད༢། ལྷ་སྐུ་༣སྒྱུ་མ་སྟེ་གསུམ། རྨི་ལམ་དྲན་པའི་ལྕགས་ཀྱུ་གསུམ་ལ་ཉིན་གསུམ། འོད་གསལ་སེམས་གནས་བཞི་ལ་ཉིན་བཞི། འཕོ་བ་དང་། བར་དོ་ལ་ཉིན་རེ་རེ། ཕྱག་ཆེན་ལ་ལུས་གནད༡། སེམས་ཀྱི་བཞག་ཐབས་༩བརྒྱད། གཞུང་ལུགས་ལྟར་དཔྱད་༡༠པ་རྣམས་ལ་ཉིན་རེ་རེ་སྟེ་ཉིན་བཅུ། དེའི་མཐར་ངོ་ས…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་ཁྲིད་རྒྱས་པར་འཆད་པའི་ས་བཅད་གྲུབ་པའི་གསུང་ཟེར།
      འབུམ་ཕྲག མགོན་པོའི་རྩ་སྔགས་ཁྲི། སྙིང་པོ་འབུམ། ཉེ་སྙིང་འབུམ། སྲོག་སྔགས་འབུམ་ཕྲག་ལྔ། ལྷ་མོའི་རྩ་སྔགས་ཁྲི། སྲོག་སྔགས་འབུམ། ཚེ་རིང་མར་ཟླ་བ་གཅིག་བཅས་བསྐྱེད་རིམ་དང་རྫོགས་རིམ་ལ། གཙོ་བོར་གཏུམ་མོ་དགུན་དུས་དང་བསྟུན་ཟླ་བ་གསུམ་དུ་སྦྱང་ཞིང་། དེ་ཡང་འཇམ་རླུང་དང་བྱིན་རླབས་བླ་མའི་གཏུམ་མོ་གཙོ་བོར་བཟུང་། རླུང་དང་གཏུམ་…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      ན་མོ་གུ་རུ་བཛྲ་ཡོ་གི་ནཱི་ཡེ། འདིར་ཤིན་ཏུ་བསྡུས་པའི་ཚུལ་གྱིས་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་འདོད་ན། སྔོན་དངོས་རྗེས་གསུམ་ལས། དང་པོ་ནི། ངེས་འབྱུང་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་སྐྱབས་ཡུལ་གསལ་བཏབ་སྟེ། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོ…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      བསྡུས་ཡོངས་གྱུར་ལས། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །རྡོ་རྗེ་དྲིལ་འཛིན་སྙེམ་མ་དཀར། །གྲི་གུག་ཐོད་པ་བསྣམས་པས་འཁྱུད། །དར་དང་རུས་པའི་རྒྱན་གྱིས་སྤྲས། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །བདག་དང་མཁའ་མཉམ་སེམས་ཅན་གྱི། །སྡིག་སྒྲིབ་དག་པར་མཛད་དུ་གསོལ། །ཞེས་པས་གསོལ་བཏབ་སྦྱོར་མཚམས་དང་…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      རྣལ་འབྱོར་མ་དཔལ་གསལ་བ་ཡི། །མདུན་གྱི་ནམ་མཁའ་སེང་ཁྲི་དང་། །པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧཱུྃ་ལས་བླ་མ་རྡོ་རྗེ་འཆང་། །མཐིང་གསལ་དར་དང་རུས་པས་བརྒྱན། །ཞི་འཛུམ་ཡིད་འོང་མཚན་དཔེས་མཛེས། །རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ། །སྤྱི་མགྲིན་སྙིང་གར་ཨོཾ་ཨཱཧཱུཾ། །དེ་ལས་འོད་འཕྲོས་མཆོད་འོས་ཀུན། །སྤྱན་དྲངས་གཉིས་སུ་མེད་པར་གྱུར…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      གཉིས་རྣལ་འབྱོར་གྱིས། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཅེས་དང་། ཁྱད་པར། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན་ལ༴ །བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ༴ །བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ༴ །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ །བླ་མ་ཐུགས་རྗེ་སྤྲུ…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      རྫོགས་སུ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་ཞལ་གཅིག་ཕྱག་གཉིས་མ། །གཟུགས་དང་ལང་ཚོ་དར་ལ་བབས། །བྷ་ག་ནུ་རྒྱས་སྐེད་པ་ཕྲ། །ཕྱག་གཡས་གྲི་གུག་ཐུར་དུ་བཟུང་། །བགེགས་དང་། ལོག་འདྲེན་རྣམས་ལ་བསྡིག །གཡོན་པ་ཐོད་ཁྲག་གཏོད་འཛིན་པའི། །གྲུ་མོར་བཅོམ་ལྡན་ཧེ་རུ་ཀ །མཚོན་པའི་ཁ་ཊཾ་འཆང་བ་ལ། །མཛེས་ལ་ཡངས་པའི་སྤྱན་གསུམ་པོ། །དག…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      འདུས་རང་ལ་གཉིས་མེད་ཐིམ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཞེས་སྙིང་པོ་དང་། ༀ་བཛྲ་བེ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཞེས་ཉེ་སྙིང་ཅི་ནུས་བཟླས། བསྙེན་པ་བྱེད་ན་ཐུན་བཞིའི་རིམ་པས་ཉེ་སྙིང་སུམ་འབུམ་བཞི་ཁྲི་དང་། སྙིང་པོ་བཞི་ཁྲི་བཟླའོ། །ཁྱད་པར་ཐུན་མཐར་སྔགས་ཕྲེང་སོགས་མི་དམིགས་པའི་ངང་། ལུས་གནད་…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་མ་བཅོས་པར་བཞག་གོ། །གསུམ་པ་རྗེས་ནི། ཐུན་དེ་ལས་ལྡང་བར་འདོད་ན། སླར་ཡང་རང་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བས་བསྔོ་སྨོན་བྱ། སྤྱོད་ལམ་ལ་འཇུག་པའི་ཚེ། ཅིར་སྣང་ཐམས་ཅད་ལྷ་སྔགས་ཆོས་སྐུའི་ཡེ་ཤེས་སྒྱུ་མ་ལྟ་བུར་ལམ་དུ་ཁྱེར་ལ། བཟའ་བཏུང་གོས་རྒྱན་སོགས་འདོད་ཡོན་རྣམས་ལ་ལྷ…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      མ་བརྒྱད་པའི་ཟེའུ་འབྲུར་བླ་མ་ཡི་དམ་ཐམས་ཅད་འདུས་པའི་ངོ་བོར་ཨོཾ་ཡིག་དམར་པོ་རང་སྒྲ་སྒྲོག་པ་ལ་སེམས་བཟུང་ནས་འདུན་པ་དང་བཅས་ཏེ་གཉིད་ལོག་པས་རྨི་ལམ་༤ ཟིན་པར་འགྱུར་རོ། ། ནང་པར་སྐད་ཅིག་གིས་ལྷའི་སྐུར་ལྡང་། འཕོ་བའི་རྣལ་༥འབྱོར་ནི། སྤྱི་བོར་བླ་མ་རྣལ་འབྱོར་མ་གྲི་ཐོད་ཐུགས་ཀར་བསྣོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས…
      JKT007 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདེ་མཆོག་སྙན་བརྒྱུད་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བདུད་རྩིའི་སྙིང་པོ།
      པར་ཞུ་ནས་རང་ལ་ཐིམ། ཚངས་བུག་ཀླུ་ཡིག་གིས་བཀག་པར་མོས་ཏེ་རླུང་བུམ་པ་ཅན་བཟུང་། འཆི་བའི་ཚེ་གཞན་སྔར་བཞིན་ལ། མར་འབེབས་པའི་དམིགས་པ་མི་བྱེད་པར་བོ་ཡིག་དང་དབྱེར་མེད་དུ་བསྲེས་ནས་འཇོག །གལ་ཏེ་འཕོ་བ་མ་ཐེབ་ན། བར་དོའི་རྣལ་འབྱོར་ནི་ད་ལྟར་ནས་སྤྱོད་ཡུལ་ཐམས་ཅད་བར་དོའི་སྣང་ཆར་དྲན་པས་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་བཙན་ཐབས་ས…