Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 449 of 500
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      བསྐྱེད་མཆོད་པ་གང་རྒྱས་དང་། བཀྲ་ཤིས་གསོ་སྦྱོང་མཛད་ན་ཤིན་ཏུ་ལེགས་པར་འབྱུང་བས་སིདྡྷིབྷ་བནྟུ། དགེ་ལེགས་འཕེལ། ༈ །ཚོགས་ཀྱི་འཁོར་ལོའི་ལག་ལེན་བསྐྱུད་བྱང་ཟིན་བྲིས་སུ་བཏབ་པ་ཚོགས་གཉིས་དགའ་བའི་ཆུ་གཏེར་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མི་ཕྱེད་གྲུབ་པའི་ཐིག་ལེ་ནི། །ཟུང་འཇུག་སྒྱུ་མར་རོལ་པའི་གར། །ཧེ་རུ་…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      ཉམས་པ་བཀོད་པའི་སྟེང་དུ། གཡས་སུ་ཤ་དང་། སྒོག་བཙོང་། ཤིང་ཐོག ཁུར་བ་སོགས་ཐབས་ཀྱི་རྫས་དང་། གཡོན་དུ་ཆང་དང་། རཀྟ་སོགས་ཤེས་རབ་ཀྱི་རྫས་དང་། དབུས་སུ་ཚོགས་གཏོར་བཤམས། དེ་ལ་མཆོད་པ་དང་། བཤགས་པ་དང་། བསྒྲལ་བ་དང་། ལྷག་མ་སྟེ་ཆ་བཞིར་བཤམས་པའི། བསྒྲལ་བ་མ་གཏོགས་པ་ལ་ཐོག་མར་བསང་ཆུ་དང་། དེ་རྗེས་སྦྲེང་ཐུར་གྱིས་སྨན་རག་སོ་སོར་…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      མྱུར་འགྲུབ་གང་ལྕོགས་འདོན། དེ་ནས་ལས་རྡོར་ལངས་ཏེ། གཙོ་ཕྱག་དང་གྲལ་ཕྱག་སྔོན་དུ་འགྲོ་བས། ལག་གཉིས་ཀྱིས་ཐབས་ཤེས་ཀྱི་རྫས་སྟེང་འོག་བསྣོལ་མར་ཁྱེར་ལ། ཧོ༔ བླ་མ་དཔའ་བོ་ཆེན་པོ་དགོངས་སུ་གསོལ། སོགས་གདངས་དང་བཅས་འདོན་མཐར། རྡོ་རྗེ་སློབ་དཔོན་གྱིས། ཧོ༔ རིན་ཐང་མེད་ལ་ལེགས་འོང་ཆོས། སོགས་གདངས་བཅས་འདོན་མཐར། རོལ་སྔགས་བརྗོད་པ་…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      རྒྱུན་དུ་ཕྱག་ལེན་སྔ་མ་ལྟར་ཤས་ཆེ། དེ་ནས་འདོན་ཚིག་དང་བསྟུན་ཏེ་སྒྲུབ་ཁང་གི་ཕྱི་རོལ་གོམས་པ་བདུན་ཅུའི་མཚམས་སུ་བསྐྱལ། གལ་ཏེ་བསྒྲུབ་པ་ཞག་བདུན་ཕྲག་སོགས་སུ་བྱེད་ཚེ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བསགས། དེ་ནས་ཆད་ཐོའི་གཏོར་མ་ལ་ཉིན་མོ་ཡིན་ན་སྤོས་ཐུར་དང་། མཚན་མོ་ཡིན་ན་དཔལ་འབར་བཙུགས་པ་བཏེགས་ཏེ་སྨན་རག་བྲན་ལ་འབུལ་ཚིག་ད…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      པ་གྲུབ་ན་ལེགས། དེ་མིན་གསས་མཁར་བརྩེགས་པའི་འོག་གཞིར་གཞལ་ཡས་ཁང་པར་ཚོན་བྱེད་པདྨ་འདབ་བརྒྱད་བཏང་། དེ་སྟེང་བུམ་པ་བཞག །ཚས་དང་ཁ་ཆོད་ལེགས་པར་བརྒྱབ་པའི་རྩེར་རྒྱབ་ཏུ་དར་ལྕོག །མགུལ་དུ་འཁོར་ལོ། མདུན་དུ་ཤིང་བྱང་། གཞན་ཡང་ཤིང་རྩི་བལ་ཚོན་སོགས་བཙུག །དམུ་ཐག་འཐེན་ཞེས་པ་ཤིང་བྱང་རྩེ་ནས་ཚོན་སྐུད་གསས་མཁར་ཕྱོགས་བཞིར་འཐེན་། ད…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      རྗེ་ཆེན་པོའི་ས་གཞིར་རྡོ་རྗེའི་སེང་ཁྲི་ལ་བཞུགས་ཏེ་འཁོར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་དང་། ཉན་ཐོས་དང་། འཇིག་རྟེན་པའི་འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་པ་ན་སྨིན་མཚམས་ནས་འོད་བཀྱེ་སྟེ། ཞིང་ཐམས་ཅད་སྣང་བར་བྱས་ནས་འཁོར་ལ་རིག་སྔགས་ཀྱི་ཕན་ཡོན་གསུངས་ཏེ་རིག་སྔགས་རྒྱས་པར་བཀའ་སྩལ་ཏེ། དེ་ནས་རིག་སྔགས་ཀྱི་ཕན…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      པའི་སྡུག་བསྔལ་ལས་གྲོལ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྤྱི་བོར་བཏགས་པས་ལྷ་མ་ཡིན་གྱི་ཕྱོགས་ལས་རྣམ་པར་རྒྱལ་བའི་གཏམ་རྒྱུད་ངོ་མཚར་བ་བཅས་གསུངས་ནས། སྙིང་པོ། ཉེ་སྙིང་། རབ་ཏུ་གསང་བའི་སྙིང་པོ་ཕན་ཡོན་དང་བཅས་པ་གསུངས་ཏེ། འདིས་སྟོན་པ་རྒྱ་ཆེར་རབ་ཏུ་བཞད་པའི་ཞལ་གྱིས་ཡིད་ཀྱིས་ལན་བདུན་བརྗོད་པས་བདུད་ཐམས་ཅད་བཅོམ་པ་དང…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །དེ་རྡོ་རྗེ་ཆེན་པོའི་ལུས་སུ་རིག་པར་བྱའོ། །དེ་འབར་བ་འོད་འཕྲོ་པའི་ལུས་དང་ལྡན་པར་རིག་པར་བྱའོ། །དེ་མི་ཤིག་པའི་ཆོ་ག་ཅན་དུ་རིག་པར་བྱའོ། །དེ་དགྲ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །དེ་སྒྲིབ་པ་ད…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      འཕྲལ་དུ་ཞི། དྲན་པ་ཤིན་ཏུ་ཉེ་བར་བཞག་སྟེ། འཆི་བའི་དུས་བྱས་པ་ན་དེ་མ་ཐག་ཏུ་སྡིག་པའི་མཐུས་མནར་མེད་པའི་དམྱལ་བར་སྐྱེས། རོ་དེ་སྒང་བུ་ཞིག་ལ་བཞག་ནས་སོ་སོར་འབྲང་མའང་མགུལ་དུ་བཏགས་བཞིན་པའི་བྱིན་རླབས་ཀྱིས། མནར་མེད་ཀྱི་མེ་རང་ཞི་ནས། སེམས་ཅན་དམྱལ་བ་ཀུན་ཀྱང་བདེ་བ་དང་ལྡན་པར་གྱུར། དེ་གཤིན་རྗེའི་མི་རྣམས་ཀྱིས་ཆོས་ཀྱི་རྒྱ…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      ནང་དུ་བཞག་སྟེ་རིག་པའི་རྒྱལ་མོ་འདི་ཉིད་ཀྱི་གོ་ཆ་བྱས་ཏེ་གཡུལ་གྱི་ནང་དུ་ཞུགས་པ་དང་། ཅེས་སོགས་ཀྱིས་གཡུལ་ལས་རྒྱལ་བའི་ཚུལ་དང་། ཚོང་དཔོན་དྲི་མེད་དུང་གི་ལོ་རྒྱུས་ལས་འཕྲོས་ནས། །འདི་ཉིད་རྒྱལ་མཚན་གྱི་རྩེ་མོར་བཏགས་ན། རླུང་དང་། གྲང་བ་དང་། དུས་མ་ཡིན་པའི་སྤྲིན་དང་། གློག་དང་། ལྕེ་འབབས་པ་ཐམས་ཅད་ཞི་བ་དང་། འཐབ་རྩོད་ཐམ…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      རྫོགས་པར་བྱེད་པར་འགྱུར་རོ། །ཞེས་དང་། བུ་ཕོ་འདོད་ནའང་ཁྱེའུར་འགྲུབ། །མངལ་ན་འཛིན་པ་དམ་པར་འགྱུར། །མངལ་ན་བདེ་བར་སྐྱེ་བ་དང་། །མངལ་ནས་བདེ་བར་བཙས་པར་འགྱུར། །མངལ་ན་དུས་བཞིན་སྐྱེ་བ་དང་། །དུས་བཞིན་རབ་ཏུ་བཙས་པར་འགྱུར། །ཅེས་པས་མཚམས་སྦྱར་ཏེ་རྒྱལ་པོ་ལག་བརྐྱང་གི་ལོ་རྒྱུས་དང་། རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་ཉིན་པར་བཙ…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      འདས་རིག་པའི་རྒྱལ་མོ་ཆེན་མོ་འདིའི་ཆོ་ག་ཇི་ལྟར་བགྱིས་ཏེ་བྲི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ཉོན་ཅིག །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཁྱོད་ལ་བཤད་པར་བྱ། །གང་གིས་སེམས་ཅན་བདེ་བྱེད་ཅིང་། - །ཉམས་ང་བ་ཡི་ལས་ལས་འགྲོལ། །ནད་རྣམས་ལས་ཀྱང་ཐར་བྱ་དང་། །བུད་མེད་སྦྲུམ་མར་འགྱུར་བ་དང་། །སེ…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      པར་སྣང་། །ཁ་ཟས་དཀར་པོ་ཟོས་ནས་སུ། །ཕན་པར་འདོད་པས་བྲི་བར་བྱ། །ཞེས་ཀུན་སྤྱོད་དང་། དར་རམ་རས་སམ་གྲོ་གའམ། །ཅི་ཡང་རུང་བ་གཞན་ལ་བྲི། །ཞེས་བྲི་གཞི་དང་། །བུད་མེད་དག་ལ་བུ་འདོད་ན། །གི་འུ་ཝང་གིས་ལེགས་པར་བྲི། །དབུས་སུ་ཁྱེ་འུ་ཞིག་བྲིས་ནས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་བཞིན་རིན་ཆེན་གང་བའི་སྣོད། །ལག་པ་གཡོན་ན་…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      གསུངས། འདི་ལ་རྒྱལ་རིགས་ལ་དབང་ཕྱུག །དམངས་རིགས་ལ་རྟག་ཞི་བ་དང་། ཁྱབ་འཇུག །རྗེའུ་རིགས་ཕྱིར་རྣམ་ཐོས་ཀྱི་བུ་དང་། ལྷའི་དབང་ཕྱུག་དབང་པོ་སོགས་བྲི་བར་གསུངས། ཆོ་ག་བཞིན་དུ་ངེས་བྲིས་ལ། །བློ་གྲོས་ལྡན་པའི་མིས་བསྲེལ་ན། །ཟ་མ་དང་ནི་མ་ནིང་ཡང་། །བུ་ཕོ་རྙེད་པར་འགྱུར་བ་ཡིན། །འདིས་ནི་ཐམས་ཅད་འགྲུབ་པར་བྱེད། །ཤིས་ཤིང་སྡིག་པ་…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      དཔས་ཀྱང་། །རྟག་ཏུ་དབུགས་ནི་འབྱིན་པར་འགྱུར། །ལུས་ཀྱི་བདེ་བ་ཕུན་སུམ་ཚོགས། །སྟོབས་ཀྱང་ཆེ་བར་འགྱུར་པ་ཡིན། །རྒྱལ་བས་ཇི་སྐད་གསུངས་པ་ལྟར། །འཁོར་ལོས་སྒྱུར་བར་འགྱུར་བ་ཡིན། །མི་དང་ལྷ་རྣམས་དབུགས་འབྱིན་ཏེ། གནོད་པར་སེམས་པ་སྐྲག་པར་བྱེད། །གང་ཕྱིར་རིག་པ་ལེགས་བཤད་པ། །དེ་ནི་རིང་པོར་མི་ཐོགས་སོ། །དེ་ནི་མཚོན་གྱིས་མི་ཚུག…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      རྣམ་པ་བྱ། །སོགས་དཀྱིལ་འཁོར་བྱ་བའི་ཚུལ་དང་། །དེ་ཡི་འོག་ཏུ་ནད་པ་ཡང་། །དྲི་ཞིམ་སྤོས་ཀྱིས་ལུས་བསྐུས་ཏེ། །གཙང་མའི་གོས་རྣམས་བཀོན་ནས་ནི། །དཀྱིལ་འཁོར་དབུས་སུ་བཞག་པར་བྱ། །དེ་ནས་ཤར་ཕྱོགས་ཁ་བསྟན་ཏེ། །རིག་པ་འདི་ནི་བརྗོད་པར་བྱ། །ལན་བདུན་བཟླས་བརྗོད་བྱས་ནས་སུ། །མཁས་པས་དེ་ལ་བསྲུང་བར་བྱ། །དེ་ནས་ནད་པའི་དོན་གྱི་ཕྱིར། …
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      འབྲི་ན། བསྲུང་བ་ལྟེ་བའི་སྔགས་ཕྲེང་གི་ཞལ་རང་ཉིད་དངོས་ལ་བསྟན་པ་བཞག །དེའི་མཐར། མཆོད་པའི་ཚོགས་ཅི་འབྱོར་པ་བཤམ། དེ་ནས་སྟན་ལ་འཁོད་དེ། སྔོན་འགྲོ་གཏོར་མ་ནས་བརྩམས་ཏེ། ལྷའི་རྣལ་འབྱོར་བཟླས་པ་ལ་ཐུག་གི་བར་ཁོ་བོས་བརྩམས་པའི་སྒྲུབ་དཀྱིལ་ནས་འབྱུང་བ་བཞིན། རབ་ཏུ་དང་བའི་སེམས་ཀྱིས་བདག་ལ་བསྲུང་དུ་གསོལ་གྱི་བར་བྱ། དེ་ནས་། ཁ…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      དེའི་ཕྱིར་པདྨ་འདབ་མ་བཞི་པའི་མཚམས་བཞི་ལ་རྡོ་རྗེ་རྒྱ་གྲམ་གྱི་ཕྱོགས་བཞིའི་རྭ། དེའི་ཕྱིར་པད་འདབ་ཉེར་ལྔ། དེ་ཕྱིར་མུ་ཁྱུད་གསུམ། དེའི་ཕྱིར་པད་འདབ་ལྔ་བཅུ་རྩ་དྲུག །དེའི་ཕྱིར་མུ་ཁྱུད་ཀྱིས་བསྐོར་བ་དང་། འཁོར་ལོའི་ཕྱི་རོལ་ཤར་ལྷོའི་ཟུར་གྱི་དབུས་སུ་པདྨ་འདབ་བརྒྱད་མུ་ཁྱུད་གཉིས་པ། དེའི་གཡས་སུ་པདྨ་འདབ་བཞི། གཡོན་དུ་པདྨ…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      ལྔ། དྲུག །བརྒྱད། བྲག་རི། གཏུན་ཤིང་། །རྣམས་ལ་དར་གྱི་ལྡ་ལྡིས་བརྒྱན་པ། བཅུ་གཉིས་པ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། འཁོར་ལོ་བཅུ་གསུམ་པོ་ཐམས་ཅད་ཀྱི་ཕྱིར་ཡེ་ཤེས་ཀྱི་མེ་རི་འབར་བ་དང་བཅས་པའི་འཁོར་ལོའི་སྟེང་གི་ཡིག་འབྲུ་རྣམས་བྲམ་ལས་འཁོར་ལོ་བྲམ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོ་ནས། བྱ…
      JKT021 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
      བསྡམས་ལས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག །མཐེ་ཆུང་གཉིས་གཤིབས་ཏེ་བརྐྱངས། མཐེ་བོང་གཤིབས་ཏེ་བརྐྱངས་བས་གུང་མོ་མནན་པའི་ཕྱག་རྒྱ། ཞེས་པ། ཕྱག་རྒྱ་དང་བཅས་པས་རང་ངམ་བསྒྲུབ་བྱའམ། ཡུལ། གྲོགས་ལ་སོགས་པ་ལ་བཀུག་ནས། སྔར་བསྐྱེད་པ་རྣམས་ལ་ཐིམ་པར་བསྒོམ། ཨོཾ་མ་ཎི་དྷ་རི་བདྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ། འཆང་བ་པོ་ལ་ར…