Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 474 of 500
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།
      གསལ་གདབ་པ་ནི། ཆོས་ཀུན་གནས་ལུགས་གཟོད་མ་ནས། །སྟོང་ཉིད་སྤྲོས་མཚན་ལས་འདས་ཀྱང་། །སྣང་ཚུལ་རྟེན་ཅིང་འབྲེལ་འབྱུང་གི །རྣམ་རོལ་འགགས་པ་མེད་པའི་རྩལ། ཁོར་ཡུག་གངས་རིས་བསྐོར་བའི་དབུས། །སྤང་ལྗོངས་མེ་ཏོག་སྣ་ཚོགས་དང་། །བདུད་རྩིའི་ཆུ་གཏེར་འཁྱིལ་བའི་གཞིར། །སྤྲིན་དང་ན་བུན་འཁྲིགས་པའི་ཀློང་། །ཟླ་ཞུན་ཐགས་སུ་བཏགས་པ་ལྟར། །རབ…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།
      མའི་གཙོ། །དབུས་སུ་བཀྲ་ཤིས་ཚེ་རིང་མ། །དཀར་གསལ་རྡོ་རྗེ་ཚེ་བུམ་བསྣམས། །ཆིབས་སུ་སེང་གེ་དཀར་མོ་བཅིབས། །མདུན་དུ་མཐིང་གི་ཞལ་བཟང་སྔོ། །འཕྲུལ་གྱི་མེ་ལོང་བ་དན་གཡོབ། །ཆིབས་སུ་རྐྱང་མོ་ཁ་དཀར་བཅིབས། །གཡས་སུ་མི་གཡོ་གླང་བཟང་སེར། །རོ་མཆོག་བརྒྱ་ལྡན་ཟས་གཞོང་བསྣམས། །ཆིབས་སུ་རྒྱ་སྟག་གྲུས་མ་བཅིབས། །རྒྱབ་ཏུ་ཅོད་པན་མགྲིན་བ…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།
      ལས་ཅི་བཅོལ་བྱེད་པར་གྱུར། །སྤྱན་འདྲེན་པ་ནི། ཧཱུཾ། རྡོ་རྗེ་བཙུན་མོ་སེང་གེའི་གདོང་། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་། །རྣལ་འབྱོར་དབང་ཕྱུག་བཞད་པ་རྗེ། །སྲས་དང་སློབ་མར་བཅས་པའི་མདུན། །ཇི་ལྟར་ཞལ་བཞེས་དེང་དགོངས་ལ། །བརྒྱུད་འཛིན་བདག་གིས་འབོད་པའི་ཚེ། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །མཆེད་དང་སྤྲུལ་པ་ཡང་འཁོར་བཅས། །དངོས་…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།
      རྫས་ལས་གྲུབ་ཏིང་འཛིན་མཐུས། །བྱིན་བརླབས་རབ་འབྱམས་མཆོད་པའི་སྤྲིན། །ཕྱོགས་དུས་ཀུན་ཏུ་མི་ཟད་པས། །སྨན་བཙུན་ཆེན་མོ་འཁོར་བཅས་མཆོད། ཨོཾ་བཛྲ་ས་མ་ཡ་ཌ་ཀི་ནི་པཉྩམ་མ་སརྦ་ཀརྨ་ཛྷཱ་ན་ས་པ་རི་ཝཱ་ར་ཨརྒྱུ་སོགས་ཀྱིས་མཆོད། བསྟོད་པ་ནི། བྷྱོ། ཕྱི་ལྟར་གཙང་རིགས་ལྷ་མོ་སྟེ། །ནང་ལྟར་རིག་འཛིན་ལྷ་མོ་ལྔ། །ཨཉྫིདྷ་ར་ས་སྲུང་སྟེ། །གསང…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།
      དེ་བས་དཔལ་ལྡན་རྡོ་རྗེ་འཛིན། །བཞད་པ་རྡོ་རྗེའི་གསུང་བཞིན་སྒྲུབས། །བཀའ་སྲུང་བཀའ་ཡི་བྱ་ར་གྱིས། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི། །མཆོད་གཏོར་རྒྱ་ཆེན་འདི་བཞེས་ལ། །གངས་ཅན་ལྗོངས་ཀྱི་བསྟན་དང་འགྲོར། །ཕན་བདེའི་དགའ་སྟོན་རྒྱས་པ་དང་། ཁྱད་པར་བསྟན་འཛིན་སྐྱེས་བུ་རྣམས། །སྐུ་ཆེ་ཕྲིན་ལས་ཕྱོགས་བརྒྱར་སྤེལ། །རྣལ་འབྱོར་བ…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།
      བ་དགེ་ལེགས་ཀྱི་པདྨོ་མཆོག་ཏུ་རྒྱས་པར་སིདྡྷི་རསྟུ།། །སརྦ་མངྒ་ལཾ།།
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར།
      ༄༅། །རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར་བཞུགས་སོ།། །།
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར།
      ༄༅། །ན་མོ་གུ་རུ་པཱ་ད་ཡ། འདིར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་གཏོར་མ་མདོར་བསྡུས་པའི་ཚུལ་གྱིས་དབུལ་བར་འདོད་ན། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། ལེགས་པར་བཤམས་པའི་མཆོད་གཏོར། ཨོཾ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་ལྷ་ཡི་ཞལ་ཟས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོག…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར།
      དགུ་ཡོད་པ། དབུས་མའི་ཕོ་བྲང་སུམ་བརྩེགས་སུ་གནས་པ་ལ། ནོར་བུ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གནོད་སྦྱིན་བྱེ་བའི་བསྟི་གནས་ལྕང་ལོ་ཅན་གྱི་དགའ་ཚལ་དང་དབྱེར་མེད་པའི་ཕོ་བྲང་དབུས་མའི་ནང་དུ་ཧཱུྃལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བེ་ཡིག་ས…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར།
      དང་། གཡོན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཕྲག་གོང་གཡས་གཡོན་ན་ཉི་མ་དང་ཟླ་བ་འཆར་བ། སེངྒེ་དཀར་མོ་ཉལ་ཐབས་སུ་གནས་ཤིང་གདོང་གྱེན་དུ་ལྟ་བའི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱོགས་མཚམས་ཀྱི་ཁང་བརྩེགས་རྣམས་སུ་གནོད་སྦྱིན་རྟ་བདག་བརྒྱད་དང་། འཁོར་ས་བར་པ་ན་གནོ…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར།
      ཅན་ཀུན་ལ་ཕན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། ཨོཾ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ས་མཱ་ཛཱ༔ ཛཿཧཱུྃ་བཾ་ཧོ༔ ཨོ་བེ་སྭཱ་ཧཱ། ཨོཾ་བ་མ་ཎ་ཨཱ་ཀར་ཡ་ཛ༔ ཞེས་དང་། བེ་རིང་པོ་མིག་འཛུམ་སུམ་ཅུ་རྩ་གཉིས་ཀྱི་ཡུན་ཙམ་བརྗོད་ལ། རྒྱལ་པོའི་ཐུགས་ཀར་པདྨ་འདབ་མ་རེ་རེ་ལ་བེ་བཞི་བཞི་བསམ་ཞིང་། དམ་ཚིག་པ་དང་…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར།
      བྱེ་བའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་གི་ལུས་དང་གྲིབ་མ་བཞིན་དུ་འབྲལ་བ་མེད་པར་འགྲོགས་ནས་བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་དུ་གསོལ། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར།
      བསྟོད་དེ་ཕྱག་ཀྱང་འཚལ། ཅེས་པས་བསྟོད། དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤིང་། །འདོད་དགུ་ཡིད་བཞིན་འགྲུབ་པ་དང་། །གཞན་དོན་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཕྲིན་ལས་བཅོལ། གཏོར་ཆོས་གཞན་དང་འབྲེལ་ན་རྗེས་ཐུན་མོང་དུ་བྱ་ཞིང་། འདི་རྐྱང་པའི་ཚེ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱི…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      མཐའ་རྟེན་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིག
      ༄༅། །མཐའ་རྟེན་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིག་ནི། བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། །བསོད་ནམས་བཀྲ་ཤིས་རྟགས་སུ་ཡོངས་ཤར་བ། །བསོད་ནམས་དཔལ་གྱི་འབྱོར་པས་དབང་བསྐུར་བས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག །ཨོཾ་ཨཉྫ་མངྒ་ལཾ་ཨ་བྷི་ཥིཉྩ་མི། །བཀྲ་ཤིས་ཚངས་སོགས་ཆེ་རྒུའི་ཚོགས་རྣམས་ཀ…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      མཐའ་རྟེན་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིག
      འབྱོར་པ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་ཁྱབ་ཅིང་རྟག་པར་སྤེལ་བའི་མོས་པ་མཛོད། བཀྲ་ཤིས་ཀྱི་ཚིག་བཅད་རྣམས་བརྗོད།། མངྒ་ལཾ། །
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དཀྱིལ་འཁོར་སྤྱིའི་ས་ཆོག་མདོར་བསྡུས།
      ༄༅། །དཀྱིལ་འཁོར་སྤྱིའི་ས་ཆོག་མདོར་བསྡུས་བཞུགས་སོ། །ན་མཤཱི་མཱི་གུ་ར་བེ། འདིར་སྦྱིན་སྲེག་སོགས་གང་དུ་བྱ་བའི་ས་ཕྱོགས་དེ་མ་དུལ་བ་ཡིན་ན། གཞི་དེ་ཉིད་དུ་གཏོར་མ་དཀར་ཟླུམ་རྒྱན་ལྡན་མཆོད་པ་དང་བཅས་པ་བཤམ། ཨོ་ཧཱིབཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕྲཊ༔ རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དཀྱིལ་འཁོར་སྤྱིའི་ས་ཆོག་མདོར་བསྡུས།
      བ་དང་། ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པས་རང་བཞིན་མེད་པར་རྒྱས་གདབ་པ་ནི་དོན་དམ་པའི་སྦྱང་བའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་སྤེལ་བ་དགེ ༈ །གཞན་ལ་དབང་བསྐུར་བ་དང་འབྲེལ་ན། བདག་བཇུག་རྫོགས་པར་ལེན་པའམ། ཡང་ན་སྤྲོས་པ་འཚམས་པའི་ཕྱིར། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་ད…
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      དཀྱིལ་འཁོར་སྤྱིའི་ས་ཆོག་མདོར་བསྡུས།
      འཚལ། ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །ཞེས་པ་འདིའང་ཆོ་ག་སྤྱི་ལ་སྦྱར་ཆོག་པའི་ཕྱིར་ཉེར་མཁོའི་ཡན་ལག་ཏུ་ཟུར་དུ་བྲིས་པའོ།། །།
      JKT022 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།