Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      36 results — page 1 of 2
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།
      འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརླ་ཏཱ་རཱ་ཙིནྟ་མ་ཎི་ཙཀྲ་སྟུ་ཏི་རཱ་ཡུཛྙཱ་ན་བ་རཾ་དཱ་ན་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན་ཅེས་བྱ་བ། བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ག…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།
      བསྟོད་པའི་ཚིག་འདིས་བསྙེན་བཀུར་བགྱི། །ནམ་མཁའི་མཐའ་དང་མཉམ་པར་སོང་བའི་འགྲོ་བ་ཀུན་ལ་ཕན་དང་བདེའི། །གོ་འཕང་ཅི་དགར་སྩོལ་བར་འདོད་པའི་བྱང་ཆུབ་སེམས་གཉིས་ཟླ་ཤེལ་ནི། །ལྷར་བཅས་ཀུན་དགའི་ངལ་འཚོ་གཅིག་གྱུར་སིམ་འོད་འབུམ་གྱི་དོ་ཤལ་ཅན། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །དམ་པའི་ཞིང་སར་ས་བོན…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།
      གྲུབ་གཉིས་མཆོག་སྟེར་བ། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས་ཚེ་དང་ཡེ་ཤེས་མཆོག་སྦྱིན་མཛོད། །རྒྱལ་ཀུན་སོ་སོར་རྟོག་པའི་ཞལ་སྐྱིན་འཆི་མེད་མགོན་པོར་གྲགས་འབར་བའི། །ཞབས་སེན་དམར་བའི་འོད་རིས་སྟུག་པོ་བུང་བ་གཞོན་ནུའི་འཕུར་ལྡིང་ཅན། །གནག་སྣུམ་རལ་པའི་ནགས་ཀླུང་ཉམས་དགར་འདུ་འབྲལ་སྤངས་པའི་ངོ་མཚར་དཔྱིད། །བཅོམ་ལྡན་འདས་མ་ཡི…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།
      པར། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ་ལ་འཁྱུད་པའི་ཕུན་ཚོགས་སྟེར་མཁས་མ། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོས༴ སྲས་བཅས་རྣམ་འདྲེན་ཡོངས་ཀྱི་མཁྱེན་རབ་རྨད་དུ་བྱུང་བའི་མཛུབ་མོ་ཡིས། །ཡན་ལག་དྲུག་ཅུའི་རྒྱུད་མང་བསྐུལ་ལས་ཞི་བསིལ་བདུད་རྩིའི་སྙན་འགྱུར་གྱིས། །མགྲིན་པའི་རྩེ་དགའ་གཅིག་པུར་གྱུར་པས་སྐལ་བཟང་རྣ་བའི་དཔལ་སྟེར་བ། །བཅ…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།
      སྐྱེའི་དགེ་བར་དམ་འཁྱུད་རྣམ་འདྲེན་སློབ་མར་བཅས་ཀུན་ལ། །རྟག་པར་ཞབས་བརྟན་ཆོས་འཁོར་བསྐུལ་བའི་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་མཐུས་སྐྱེ་བར་དལ་འབྱོར་མཆོག་ཐོབ་མི་རྟག་རྗེས་དྲན་ཆུ་གཙང་གིས། །ལས་འབྲས་སྤང་བླང་འཆོལ་བར་སྤྱོད་པའི་ཚ་གདུང་མ་ལུས་ཉེར་ཞི་ནས། །ངེས་པར་འབྱུང་བའི་པུཎྜ་རཱི་ཀ་སྙིང་ནས་རྒྱས་པའི་དོ་ཀེར་རྩེར། …
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།
      མཚན་ལྷུན་གྱིས་གྲུབ། །ཕྱི་རོལ་སྲུང་བའི་གུར་ཁྱིམ་དཔལ་གྱིས་མེ་ཏོག་མདའ་ཅན་དཔུང་ཚོགས་ཀུན། །ཕྲ་མོར་བགྱིད་པའི་བརྟུལ་ཞུགས་གོ་ཆས་འགལ་རྐྱེན་ཐམས་ཅད་བསལ་བར་ཤོག །ཁྱད་པར་ཏཱཾ་ཡིག་ཆུ་གཏེར་ལས་ཐོན་ཟླ་ཤེལ་ཞུན་མའི་འོད་ཟེར་གྱིས། །བརྒྱད་གཉིས་འཇིགས་པའི་མུན་པ་མ་ལུས་ལྷག་མ་མེད་པར་བཅིལ་བྱས་ཏེ། །ཕན་དང་བདེ་བའི་ཀུནྡྲའི་ནགས་ཀླུང་…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།
      བཅས་པའི་འགྲོ་ཀུན་ལ། །ཕན་བདེའི་སྤྲིང་ཡིག་གསར་པ་སྦྱིན་པའི་རྣམ་ཐར་ཕ་མཐའ་ཡས་གྱུར་ཅིག །སླར་ལ་རྒྱ་སྐྱེགས་མེ་ཏོག་གཞོན་ནུ་མིག་སྨན་སར་པས་མདངས་པའི་འོད། །སྤྲོ་དང་སྡུད་པའི་བརྟུལ་ཞུགས་གྲུབ་པས་ཕྲིན་ལས་འཇུག་པ་ཇི་སྙེད་ཀུན། །བརྟན་ཅིང་ནུས་པ་མཆོག་ཏུ་བྱས་ནས་མི་མཐུན་ཕྱོགས་ལས་རྣམ་རྒྱལ་བའི། །སྐལ་བཟང་ཨུཏྤལ་སྔོན་པོའི་དཔལ་གྱ…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།
      མཚོའི་རྡུལ་སྙེད་ཀུན། །འཁོར་ལོའི་མགོན་དང་རྣམ་དབྱེར་མེད་པའི་འཕགས་མ་མཆོག་གིས་རྗེས་བཟུང་ནས། །ཚེ་དང་ཡེ་ཤེས་སྣང་བ་དམ་པས་ཕྱོགས་དུས་ཀུན་ཏུ་མཛེས་གྱུར་ཅིག །ངག་གི་པདྨོ་འཛུམ་པ་ལས། །བྱུང་བའི་བསྟོད་ཚིག་སྦྲང་རྩི་འདི། །མཐོང་ཐོས་ཡིད་ལ་བྱེད་ཀུན་ཀྱང་། །དོན་གཉིས་ལང་ཚོ་རྒྱས་པར་ཤོག །དེ་ལྟར་འཕགས་མ་ཡིད་བཞིན་གྱི་འཁོར་ལོ་ལ་ཟ…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།
      རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ་ཞེས་བྱ་བ། ན་མོ་ཨཱརྱ་ཏཱ་ར་ཡེ། སྲས་བཅས་རྒྱལ་བའི་སྤངས་རྟོགས་ནོར་བུའི་མཛོད། །གང་གི་གསང་གསུམ་ཆུ་གཏེར་ལ་ཆགས་པས། །ཕན་བདེའི་འདོད་པ་ཡོངས་སུ་འཇོ་བའི་གཉེན། །རྗེ་བཙུན་སྒྲོལ་མར་བསྟོད་པའི་མེ་ཏོག་འབུལ། ༡ །བྱང་ཆུབ་སྤྱོད་པའི་རིན་ཆེན་གྲུ་བོ་མཆོག །ཚད་མེད…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།
      ལེགས་ཀྱི། །ཐེམ་ཨུཏྤལ། སྐས་དམ་པར་དབུགས་འབྱིན་སྩལ་ལ་འདུད། ༣ །བྱེ་རུ་ཞུན་མའི་རྡུལ་ལྟར་དམར་བའི་སྐུའི། །རབ་གཡོའི་སྤྱན་གྱིས་སྙན་གྲགས་སྤྲིང་ཡིག་གིས། །ས་གསུམ་ཁམས་ཀུན་མཛེས་པར་སྒྲོག་པའི་དཔལ། །སྦྱིན་མཛད་རབ་གཡས་འཁྱིལ་དུང་། ཞི་མྱུར་མ་དཔའ་མོར་འདུད། ༤ །གང་ན་རྨོངས་པའི་མུན་པ་བཟའ་བ་ལ། །ཀུན་ནས་ཆས་པའི་མཚན་དཔེའི་ཟླ་སྣང་…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།
      གཟིས། །སྨྱོ་བརྗེད་ཤ་ཟ་གྲིབ་གནོན་འབྱུང་པོའི་གདོན། །ཀུན་ནས་བསྲེག་མཛད་འཇིགས་བྱེད་ཕུར་བུ། ཆེན་མོར་འདུད། ༩ །ཆར་སྤྲིན་ལྟར་གནག་ཆེས་ཆེར་ཁྲོས་པའི་ཕྱག །འབར་བའི་རལ་གྲིས་མཚན་པའི་གཡུལ་ངོ་རུ། །ཆུ་འཁྲིག་གནམ་ལྕགས་མཚོན་ཆའི་འཁྲུལ་འཁོར་དཔུང་། །ཡོངས་སུ་ཕམ་མཛད་གཏུམ་མོ་ཆེན་མོར་འདུད། ༡༠ །རབ་དམར་མིག་སྨན་མདོག་གིས་མདངས་པའི་ཞ…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།
      རེག་ན་རྒུད་པའི་མུན་བཅོམ་ནས། །དགེ་མཚན་རྫོགས་ལྡན་གསར་པའི་དཔལ་བེའུའི། །སྣོད་བཅུད་ཕྱུག་མཛད་བཀྲ་ཤིས་སྒྲོལ་མར་འདུད། ༡༥ །དུས་མཐའི་མེ་ལྟར་འབར་ཞིང་རྡོ་རྗེའི་མཚོན། །གདེངས་པ་ཙམ་ནས་ཕས་རྒོལ་རི་བོའི་རྐང་། །མྱུར་བཅོམ་འཆི་མེད་གྲུབ་པའི་ཁང་བཟང་དབུས། །རང་སྡེ་སྲུང་མཛད་མེ་འབར་ཁྲོས་མར་འདུད། ༡༦ །སྲོད་མུན་འཁྲིགས་པའི་མདངས་ལ…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།
      ཐུགས་རྗེའི་སྨན་གྱིས་ཞི་མཛད་ཕྱིར། །རང་ཏོགས་བདུད་རྩི་སྤྲོ་བའི་རི་དྭགས་ཅན། །ནམ་ཡང་འབྲལ་མེད་རྨ་བྱ་ཆེན་མོར་འདུད། ༢༡ །ཀུནྡཱའི་དཔལ་འཛིན་གཟུགས་སྐུའི་འཁྲི་ཤིང་ལ། །མཁྱེན་བརྩེའི་གདུགས་དཀར་གཡོ་དང་ལྷན་ཅིག་པར། །སྣ་ཚོགས་རྡོ་རྗེའི་ཏོག་གི་ཚྭ་ཚྭ་ཡིས། །འགལ་རྐྱེན་བཅོམ་མཛད་མི་ཕམ་རྒྱལ་མོར་འདུད། ༢༢ །དམར་སེར་ཟ་མ་ཏོག་གིས་མཚ…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།
      འཛུམ་དཀར་གྲོལ་བའི་དཔལ་ཐོབ་ཤོག ༢༦ །དེ་ལྟར་རྗེ་བཙུན་འཕགས་མ་ཉེར་གཅིག་གི་སྒྱུ་འཕྲུལ་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ་ཅེས་བྱ་བ་འདི་ཡང་དད་པ་དང་མོས་གུས་ཁོ་ནས་མཚམས་སྦྱར་ཏེ་གཞོན་ནུ་ཨ་བྷཱ་ཡས་མྱུར་དུ་བཀོད་པའོ། ། གོང་གི་མཆན་བུ་རྣམས་ཕྱག་མཚན་གྱི་མངོན་རྟོགས་སོ།།
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > རྗེ་བཙུན་སྒྲོལ་མ་ལ་བསྔགས་པ་འདོད་དོན་འགྲུབ་པའི་ཤིས་བརྗོད།
      རྗེ་བཙུན་སྒྲོལ་མ་ལ་བསྔགས་པ་འདོད་དོན་འགྲུབ་པའི་ཤིས་བརྗོད་ཅེས་བྱ་བ་བཞུགས་སོ། །།ན་མས་ར་ཡེ། ཁྱོད་མཚན་ཐོས་པ་ཙམ་གྱིས་ཀྱང་། །འགྲོ་རྣམས་འཁོར་མཚོ་ལས་སྒྲོལ་བའི། །ངོ་མཚར་ཁོ་ནར་ཡིད་ཆགས་པས། །རྩེ་གཅིག་གུས་པས་གསོལ་འདེབས་ན། །རབ་མཛེས་མརྒད་བྱེ་བའི་རྡུལ། །གཅིག་ཏུ་སྤུངས་པའི་དགེ་མཚན་ཅན། །མཛེས་སྐུ་བདག་གི་མིག་ལམ་དུ། །ཞི་འ…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > རྗེ་བཙུན་སྒྲོལ་མ་ལ་བསྔགས་པ་འདོད་དོན་འགྲུབ་པའི་ཤིས་བརྗོད།
      དབྱུང་བའི། །སྐལ་པ་བཟང་པོ་གྲུབ་པར་མཛོད། །སླར་ལ་གནས་སྐབས་སྡེ་བཞི་ཡི། །ཡོན་ཏན་མེ་ཏོག་མཛེས་འབར་བར། །མཐར་ཐུག་སྐུ་གསུམ་མི་ཕྱེད་པའི། །ཟུང་འཇུག་སྙེ་མ་དུད་མཛད་གསོལ། །མདོར་ན་འདི་ནས་བྱང་ཆུབ་བར། །འཕགས་མ་དགྱེས་པའི་སྤྱན་ཟུར་དང་། །ནམ་ཡང་མི་འབྲལ་འགྲོགས་པ་ལས། །འདོད་དགུའི་རེ་ཁཱ་རྫོགས་གྱུར་ཅིག །ཅེས་པའང་དུས་ཀྱི་རྒུད་པས…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > འཕགས་མ་སྒྲོལ་མ་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་གསོལ་བ་འདེབས་པ་དོན་ཀུན་གྲུབ་པའི་དབྱངས་སྙན།
      འཕགས་མ་སྒྲོལ་མ་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་གསོལ་བ་འདེབས་པ་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །ཨོཾ་གྱིས་ཐར་དང་འདོད་རྒུའི་ནོར་སྟེར། །དཔལ་དང་གཡང་སོགས་སྐལ་པ་བཟང་པོས། །སྲིད་ཞིར་སྨན་མཛད་གསང་མི བ་གསུམ་བདག །མཆོག་སྦྱིན་འཕགས་མ་ཡུམ་ལ་འདུད་དོ། །ཏཱ་རེ་ཐུགས་བསྐྱེད་རིན…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > འཕགས་མ་སྒྲོལ་མ་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་གསོལ་བ་འདེབས་པ་དོན་ཀུན་གྲུབ་པའི་དབྱངས་སྙན།
      དྲན་པའི་མོད་ནས། །གང་འདུལ་མཚན་དང་སྐུ་ཡི་བཀོད་པས། །བདག་ལྟའི་ཕོངས་པ་ཀུན་ལས་སྲུང་བའི། །ཐུགས་རྗེ་མྱུར་མ་ཡུམ་ལ་འདུད་དོ། །སྭཱ་ཧཱ་ཕྲིན་ལས་རྫོགས་ལྡན་སྤྲིན་གྱིས། །དགེ་ལེགས་ནོར་བུའི་གྲུ་ཆར་འབེབས་པས། །ཁམས་གསུམ་འགྲོ་ཀུན་དབུགས་འབྱིན་སྩོལ་བའི། །ཡིད་བཞིན་འཁོར་ལོ་ཡུམ་ལ་འདུད་དོ། །མདོར་ན་སྲས་བཅས་རྒྱལ་བ་ཡོངས་ཀྱི། །ཡེ་ཤ…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་དོན་ཀུན་གྲུབ་པ་བི་ཝའི་ལྗོན་བཟང་།
      འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་དོན་ཀུན་གྲུབ་པ་བི་ཝའི་ལྗོན་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་ཨཱར་ཏཱ་ར་ཡེ། གང་གི་ཐུགས་རྗེ་རྡུལ་བྲལ་རིན་ཆེན་གྲུས། །སྲིད་དང་ཞི་བའི་ཆུ་གཏེར་ལས་བསྒྲལ་ནས། །བྱང་ཆུབ་སྙིང་པོའི་གྲོང་དུ་དབུགས་འབྱིན་པའི། །འཕགས་མ་ཡིད་བཞིན་འཁོར་ལོར་ཕྱག་འཚལ་ལོ། ༡ །ཚོགས་ཟུང་རྒ…
      JKT001 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སྤྲིན། > འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་དོན་ཀུན་གྲུབ་པ་བི་ཝའི་ལྗོན་བཟང་།
      འཚོ་སྟེར་མཛད་པའི། །འཕགས་མ་ཡིད་བཞིན་འཁོར་ལོར་ཕྱག་འཚལ་ལོ། ༢ གསུང་གསང་བེ་ཌཱུར་རྒྱུད་མང་གཅིག་པུ་ལས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་རོལ་མོ་ནི། །ཆོས་ཕུང་བྱེ་བའི་གདངས་སུ་ཡོངས་ཤར་བ། །འཕགས་མ་ཡིད་བཞིན་འཁོར་ལོར་ཕྱག་འཚལ་ལོ། ༣ །གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དབྱིངས། །གཟུང་འཛིན་སྤྲོས་པའི་འཇུག་ལྡང་བརྟུལ་གྱུར་ཀྱང་། །རི…