Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 356 of 500
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འཆི་མེད་འདོད་འཇོ།
      ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་ར་ས་མཱ་ཛ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་སྟེ། །འབུལ་གྱིས་བཞེས་ལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། མ་རིག་ལས་དང…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འཆི་མེད་འདོད་འཇོ།
      འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། ལྷག་མ་བདུད་རྩིས་བསང་། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར་པར་བསམ། ཨེ་ཨཱ་ར་ལླི་ཧྲཱིཾ་ཧྲཱིཾ་ཕཻ་ཕཻ་ཞེས་པས་ལྷག་མའི…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འཆི་མེད་འདོད་འཇོ།
      རྣམས། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ། །དལ་ཁ་ཆིངས་ལ་འབྲུ་བཅུད་སྤེལ། །དམག་དཔུང་ཆོམས་ལ་མཚོན་རྩེ་རྟུལ། །བཅོལ་པའི་དམ་ཚིག་དྲན་པར་མཛོད། །གསུམ་པ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་དབང་དང་དངོས་གྲུབ་རྒྱས་པར་བླང་བ་ནི་བསྙེན་ཡིག་ཏུ་ཤེས། རྒྱུན་གྱི་དངོས་གྲུབ་མདོར་བསྡུས་ཏེ་བླང་བར་མོས་ན། དཀ…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འཆི་མེད་འདོད་འཇོ།
      གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིག་ཞེས་ནོངས་པ་བཤགས། །བཞི་པ་ནི། མདུན་བསྐྱེད་ཀྱི་རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱས་བརྟན་བཞུགས་བྱ།…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འཆི་མེད་འདོད་འཇོ།
      ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ལུས་ནི་སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ། །ངག་ནི་གྲགས་སྟོང་འགག་མེད་ཚངས་པའི་གསུང་། །ཡིད་ནི་བདེ་སྟོང་འགྱུར་མེད་རྡོ་རྗེའི་ཐུགས། །…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་རྒྱུན་ཁྱེར་འཆི་མེད་སྙིང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་རྒྱུན་ཁྱེར་འཆི་མེད་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་རྒྱུན་ཁྱེར་འཆི་མེད་སྙིང་པོ།
      ན་མོ་གུ་རུ་པདྨཱ་པ་རི་མི་ཏཱ་ཡུཛྙཱ་ནཱ་ཡ། འདིར་རྒྱ་ཅན་ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་རྒྱུན་གྱི་རྣལ་འབྱོར་མདོར་བསྡུས་སུ་བྱ་བར་འདོད་པས་སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །རྩ་གསུམ་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འཆི་མེད་རིག་འཛིན་བས…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་རྒྱུན་ཁྱེར་འཆི་མེད་སྙིང་པོ།
      ཨུ་ཙཊྚཱཡ་ཕཊ། ཨོཾ་བཛྲ་ཙཀྲ་ཛྭ་ལ་རྃ་ཧཱུྃ་བྷྲཱུྃ་ཧཱུྃ། དངོས་སུ་བཤམས་པའི་མཆོད་པ་ཡོད་ན། ཧྲཱིཿ འཆི་མེད་རིག་འཛིན་དཀྱིལ་འཁོར་སྒྲུབ་པའི་རྫས། །ཕྱི་ནང་གསང་བའི་རང་བྱུང་མཆོད་པ་རྣམས། །མ་དག་ལོག་འཁྲུལོ་ཉེས་པའི་ཚོགས་རྣམས་ཀུན། །ཡེ་ཤེས་འབྲུ་གསུམ་སྦྱང་ཞིང་བྱིན་གྱིས་བརླབ། །རྃ་ཡྃ་ཁྃ་གིས་སྦྱང་། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་འདོད་…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་རྒྱུན་ཁྱེར་འཆི་མེད་སྙིང་པོ།
      པད་ཐོད་འཛིན་པས་འཁྱུད། །གཉིས་ཀའང་ལོངས་སྤྱོད་རྫོགས་སྐུའི་ཚུལ། དར་དང་རིན་ཆེན་རུས་པས་སྤྲས། །ལུས་ནང་རྩ་གསུམ་འཁོར་ལྔའི་དབུས། །པདྨ་ཐོད་ཕྲེང་དཀར་དམར་མཐིང་། །སེར་ལྗང་ལོངས་སྤྱོད་རྫོགས་པའི་སྐུ། །རིམ་བཞིན་གཡས་པ་འཁོར་ལོ་དང་། །པདྨ་རྡོ་རྗེ་རིན་པོ་ཆེ། །རྒྱ་གྲམ་འཛིན་ཅིང་གཡོན་ཚེ་བུམ། །གསང་གོས་སྣམ་སྦྱར་མཉེན་ཞུ་གསོལ། །…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་རྒྱུན་ཁྱེར་འཆི་མེད་སྙིང་པོ།
      ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། དྷཱི༔ དྲན་པ་ཙམ་གྱིས་འཆི་བདག་བདུད། །མཐར་མཛད་པད་འབྱུང་ཚེ་དཔག་མེད། །ཨེ་ཝཾ་ཟུང་འཇུག་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །བཟླས་པ་ནི། ཐུགས་ཀར་ཟླ་སྟེང་ཧྲིདཀར་གསལ། །དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་འབྱུང་བཞིའི་དྭང་བཅུད་དཔལ། །རང་གི་བླ་ཚེ་ཡར་ཉམས་དང་། །འཁོར…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་རྒྱུན་ཁྱེར་འཆི་མེད་སྙིང་པོ།
      འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་དང་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་དོ། །ཞེས་པའང་མངོན་རྟོགས་དངོས་གཞི་དག་སྣང་རྩ་བའི་གཞུང་ལ། སྦྱོར་དངོས་ཀྱི་སྤྲོས་པ་ཅུང་ཟད་ལྗགས་བསྒྲིགས་སོགས་ལས་བཏུས་ཏེ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བཀླགས་པས་གྲུབ་པར་བྲི…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་བྱིན་འབེབས།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་བྱིན་འབེབས་རྒྱས་པ་བཞུགས་སོ།
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་བྱིན་འབེབས།
      ཨོཾ་སྭ་སྟི། རྒྱ་ཅན་ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་ཕྲིན་ལས་གཞུང་བསྲང་བའི་སྐབས། རིག་འཛིན་བརྒྱུད་པའི་བྱིན་འབེབས་རྒྱས་པར་སྤྲོ་ན། གནས་འོག་མིན་ཆོས་དབྱིངས་ནས་རང་གི་སྤྱི་གཙུག་ཡན་ཆད་བླ་མ་བརྒྱུད་པས་ཁེངས་ཏེ། དེ་ཐམས་ཅད་ཀྱི་ཕྱག་ན་ཚེའི་བུམ་པ་རེ་བསྣམས་པ། འཁོར་མཁའ་འགྲོ་མང་པོ་ལུས་ཀྱི་གར་བྱེད་ཤིགས་སེ་ཤིག །ངག་གིས་ཛཔྲ…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་བྱིན་འབེབས།
      སྣང་བ་ལམ་མེ་བ། །ཀུན་ཏུ་བཟང་པོའི་དུས་ལ་བབ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུཛྙཱ་ན་སོགས་ཚིགས་བཅད་སོ་སོའི་འགོར་སྔགས་ཀྱིས་བྱང་དྲངས་ཏེ། པདྨ་དབང་གི་ཞིང་ཁམས་ནས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །སྣང་བ་མཐའ་ཡས་དུས་ལ་བབ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བདེ་བ་ཅན་གྱི་ཞིང་ཁམས་ནས། །འཆི་མེད་དབང་པ…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་བྱིན་འབེབས།
      རིག་གཙང་མ་དག་པ་སྟེ། །པདྨ་སཾ་བྷའི་དུས་ལ༴ འཆི་མེད་ཚེ་ཡི༴ རིག་འཛིན་ཚེ་ཡི་ཞིང་ཁམས་ནས། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །བློ་ལྡན་མཆོག་སྲེད༴ འཆི་མེད་ཚེ་ཡི༴ རིག་འཛིན་ཚེ་ཡི་ཞིང་ཁམས་ནས། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །པདྨ་རྒྱལ་པོའི༴ འཆི་མེད་ཚེ་ཡི༴ རིག་འཛིན་ཚེ་ཡི་ཞིང་ཁམས་ནས། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཤཱཀྱ་སེང…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་བྱིན་འབེབས།
      རྩ་བའི་བླ་མའི༴ འཆི་མེད་ཚེ་ཡི༴ རིག་འཛིན་ཚེ་ཡི་ཞིང་ཁམས་ནས། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡི། །ཚེ་ཡི་ལྷ་ཚོགས་དུས་ལ་བབ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་དང་། ཧྲཱིཿ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས། །ཚེ་དཔག་མེད་མགོན་ལྷ་ཚོགས་རྣམས། །གནས་མཆོག་འདིར་གཤེགས་དབང་ཆེན་སྐུར། །བྱིན་དབང་དངོས་གྲུབ་མ་ལུས་སྩོལ། །ཨོཾ་ཨཱཿཧཱུྃ་བཛ…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་ཆོག་ཁྲིགས་སུ་བསྡེབས་པ་འཆི་མེད་དགའ་སྟོན།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་ཆོག་ཁྲིགས་སུ་བསྡེབས་པ་འཆི་མེད་དགའ་སྟོན་ཅེས་བྱ་བ་བཞུགས་སོ།། །།
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་ཆོག་ཁྲིགས་སུ་བསྡེབས་པ་འཆི་མེད་དགའ་སྟོན།
      ཨོཾ་སྭ་སྟི་སིདྡྷི་ར་སྟུ། ཕུལ་བྱུང་ཚེ་དང་ཡེ་ཤེས་དྭང་མའི་བཅུད། །སྐལ་བཟང་སྲོག་གི་ཟུངས་སུ་འདྲེན་མཛད་པ། །བླ་མ་ཚེ་དཔག་མེད་ལ་གུས་བཏུད་ནས། །དབང་ཆོག་འཆི་མེད་གྲུབ་པའི་དགའ་སྟོན་སྤེལ། །འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས། སྨིན་བྱེད་དབང་གི་ཆོ་གའོ། །དང་པོ་ནི། གནས་དབེན་ཞིང་བཀྲ་ཤིས་ལ་ཡིད་དང་ར…
      JKT013 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་དབང་ཆོག་ཁྲིགས་སུ་བསྡེབས་པ་འཆི་མེད་དགའ་སྟོན།
      ཆིངས་ཁ་རྒྱན་དང་བཅས་པའི་ཁ་རྒྱན་ལ་གཙོ་བོའི་སྐུ་ཙག་གིས་བརྒྱན་པ་དཀོད། དེའི་མདུན་དུ་བཅུད་ལེན་གྱི་སྨན་དང་མངར་གསུམ་སོགས་ཀྱི་ཕབས་ལྡན་ཚེ་རིལ་རིན་པོ་ཆེའི་སྣོད་དུ་ཕྱུར་བུར་སྤུངས་པ་གཡས་སུ་ཐོད་པར་ཆང་ལ་བདུད་རྩི་བཏབ་པའི་གསང་རྫས། རྒྱབ་ཏུ་ཤེར་དབང་གི་རྟེན་རིག་མའི་ཙཀ་ལིའམ་དྲིལ་བུ། གཡོན་དུ་བཞི་པའི་དབང་རྟེན་འཇའ་ཤེལ་དང་མ…