Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 389 of 500
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      གཞི་དེར་གཏོར་མ་དཀར་དམར་གཉིས་དང་། རང་གི་མདུན་དུ་ལས་བུམ་ཚུལ་བཞིན་བཤམས་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷི་ཤྭ་རཱི་སྟྭཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རྃ་ཡྃ་ཁ་འཕྲོས་པས་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་ལས་བུམ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཉི་ལ་ཧཱུྃ། འཕྲ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཞུ་བ་ལས་ཁྲོ་བོའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། ལས་བུམ་གྱི་ཆུ་འཐོར་ཞིང་། སྔོན་གཏོར་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། དཀར་གཏོར། སྠཱ་ན་པ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཞིང་། གྲོགས་ལ་ཐིག་སྣ་གཏད་དེ། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱ་ཧཱ། ཞེས་གནམ་སའི་ཐིག་ཆེན་བརྒྱད་བཏབ་ལ། ཇི་ལྟར་འཚམས་པའི་མེ་རྡོར་དུར་ཁྲོད་པདྨའི་ཁོར་ཡུག་གིས་བསྐོར་བའི་ནང་དུ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཞི་པ་པད་འཁོར་གདུགས་དང་བཅས་པ། རྩ་ཐིག་ནས་ཁྱམས་ཆ་ཆེན་གཅིག་དོར་བའི་ནང་དུ་ལ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      མ་གཡས་གཡོན་དུ་སྨན་རཀ་དང་བཅས་པ། ཉེ་འཁོར་ཀུན་ཏུ་ཚོགས་ཀྱི་ཡོ་བྱད་དང་། སྤྱན་གཟིགས། རོལ་མོའི་ཁྱད་པར་སོགས་ཡོ་བྱད་ཐམས་ཅད་ཚང་ཞིང་བཀོད་ལེགས་པར་བཤམ་མོ། །ཆོ་ག་དངོས་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི། དང་པོ་ལའང་བཞི་ལས། དང་པོ་རྒྱུད་སྦྱང་བ་ནི། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམསཿ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ༔ ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་པསཿ སྒོ་གསུམ་སྡིག་སྒྲིབ་བག་ཆགས་བཅས་པ་རྣམས༔ ངན་སོང་འཁོར་བའི་རྒྱུ་བསགས་ཐམས་ཅད་ཀུན༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ ཆོས་དབྱིངས…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      གཞག །གཉིས་པ་བགེགས་ལ་བཀའ་བསྒོ་བ་ནི། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་བྷན་དམར་དགྲ་སྟ། གཡོན་གསུམ་དྲིལ་བུ་ཐོད་ཁྲག་ཐོང་གཤོལ་འཛིན་པ། ཞབས་བཞི་གཡོན་བརྐྱང་པའི་དོར་སྟབས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཡུམ་རྡོ་རྗེ་ཁྲག་འཐུང་མ་སྔོན་མོ་དུང་དམར་སྟོབ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཧཱུྃ་ཕཊ༔ ཅེས་མཚོན་ཆ་ལྔའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་ཞིང་ཁྲོ་བོའི་སྤྲིན་འཕྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར། བཞི་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བསམ་བརྗོད་བྲལ་བའི་ངང་ཉིད་ལས༔ ཐམས་ཅད་སྟོང་པའི་ངང་བཞིན་ཉིད༔ སྨན་རག་གཏོར་མཆོད་དངོས་པོ་རྣམས༔ སྟོང་ཉིད་བདག་འཛིན་བྲལ་བ་ལས༔ རྃ་ཡྃ་ཁྃ་གསུམ་མེ་རླུང་ཆ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་གདལ་བ་ལ་བྱང་ཆུབ་མཆོག་གི་གོ་འཕང་ལ་དགོད་པར་བྱ་སྙམ་པས། དེའི་ཆེད་དུ་རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་ཡིག་མཐིང་གའི་རྣམ་པར་གྱུར་བར་བསམས་ལ། ཧཱུྃ༔ རྟོག་བྲལ་སྒོམ་མེད་དེ་བཞིན་ཉིད༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ འགག་མེད་རྒྱུ་ཡི་ཨ་ཡིག་མཐིང་༔ སྟོང་གསལ་རང་བབ་གདོ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      པའི་ཡ་ཕུབ་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཞི་པ། ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་གསལ་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། ཕྱ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      རྡོ་རྗེ་སྔོན་པོ་ཨས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཡུམ་ཀུན་ཏུ་བཟང་མོ་དང་འདུ་འབྲལ་མེད་པར་བཞུགས་པའི་སྐུར་གྱུར་པའི་ཐུགས་ཀ་ནས། ཨོཾ་ལྃ། ཧཱུྃ་མཱུྃ། སྭཱ་མཱྃ། ཨཱཿཔྃ། ཧ་ཏཱྃ་རྣམས་འཕྲོས་པ་ལས། གཙོ་བོའི་གཡས་སུ་བཅོམ་ལ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      རཏྣ། པདྨ། ཀརྨ་ཧེ་རུ་ཀ་རྣམས་སོ་སོའི་ཡུམ་དང་འཁྲིལ་བ། རྩིབས་བརྒྱད་ལ་གནས་ཀྱི་མ་མོ་བརྒྱད། ལྷ་སྣམ་ནང་མར་ཕྲ་མེན་ཡུལ་མ་བརྒྱད། ཕྱི་མའི་ཕྱོགས་རེར་ལས་བཞིའི་དབང་མོ་དྲུག་དྲུག ། སྒོ་ཕུབ་ཀྱི་མཐར་བྱེད་བཞིའི་ཕྱི་རོལ་དུ་སྒོ་སྐྱོང་གདོང་མོ་བཞི། སྒོ་གཡབས་བཞིར་སྒོ་སྐྱོང་དབང་མོ་བཞི་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་མ་འ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ རིན་འབྱུང་མཱ་ཀི་སྐུ་མདོག་སེར༔ རིན་ཆེན་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་ཀུན་བཟང་སྙེ་མ་སེར༔ གཡོན་དུ་ནམ་སྙིང་རལ་གྲི་སེར༔ མདུན་དུ་མཱ་ལྱེ་ཕྲེང་འཛིན་སེར༔ རྒྱབ་ཏུ་དྷཱུ་པེ་སྤོས་ཕོར་སེར༔ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ མཐའ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      པར་སེར༔ ནུབ་བྱང་སེང་གེ་པུསྟི་མཐིང་༔ བྱང་ཤར་ཁ་འབར་སྒྲོམ་བུ་དམརཿ འགྲོ་དོན་མཛད་པའི་ཐུབ་པ་དྲུག པད་རྐྱང་སྟེང་ན་བཞེངས་སྟབས་གསལ༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྷོ་སྒོར་གཤིན་རྗེ་ཞགས་པ་སེར༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར༔ བྱང་སྒོར་བདུད་རྩི་དྲིལ་བུ་ལྗང་༔ ཚད་མེད་བཞི་ལྡན་ཡབ་ཡུམ་བརྒྱད༔ ཁྲོ་བོའི་ཚུལ་རྫོགས་དོར་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རྡོ་རྗེ་བྷཉྫ་དགྲ་སྟ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ བཛྲ་ཀྲོ་དྷི་གཉིས་མེད་འཁྲིལ༔ ལྷོ་རུ་རཏྣ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ནག༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡས༔ དྲིལ་བུ་བྷན་དམར་རྩེ་གསུམ་གཡོན༔ རཏྣ་ཀྲོ་དྷཱི་གཉིས་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      མཐིང་༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང་༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ སེང་ཧ་སེང་གདོང་རོ་ཟ་སྨུག༔ བྱུ་གྷོ་སྟག་གདོང་ལག་བསྣོལ་དམརཿ སྲི་ལ་ཝ་གདོང་བྱིས་ལྡག་ནག༔ ཤྭ་ན་སྤྱང་གདོང་རོ་ཐོགས་མཐིང་༔ གྲྀ་ཌྷ་བྱ་རྒོད་རྒྱུ་འདྲེན་སེརཿ ཀངྐ་དུར་བྱ་ཞིང་ཕྲག་དམརཿ ཀཱ་ཀ་བྱ་རོག་བྷན་གྲི་ནག ཨུ་ལུ་འུག་གདོང་ལྕགས་ཀྱུ་མཐིང་༔ ཞིང་ཆེན་གདན་ལ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      དམར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ནུབ་ཏུ་དབང་གི་ལས་མཛད་དྲུག ཟ་བ་བྱ་རྒོད་བེ་ཅོན་ལྗང་༔ དགའ་བ་རྟ་གདོང་ཁོག་ཆེན་དམརཿ སྟོབས་ཆེན་དོམ་མགོ་ཐོང་གཤོལ་དམརཿ སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔ འདོད་པ་པུ་ཤུད་མདའ་འགེངས་དམརཿ ནོར་སྲུང་ཤ་མགོ་བུམ་པ་དམར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ བྱང་དུ་དྲག་པོའི་ལས་མཛད་དྲུག རླུང་ལྷ་ཤ་མག…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཀྱང་ལས་བྱང་ཆེ་ཆུང་དུ་སྟེང་འོག་གི་བགྲོས་མེད་པས་ཁྲོམ་དཀྲུགས་ཀྱི་ལུགས་འདི་གཞུང་དང་འབྱོར་བར་སྣང་བས་བཀོད་པ་སྟེ། འདི་ལའང་རྣམ་སྣང་དབུས་སུ་བཀོད་པའི་སྟེང་བར་སྣང་ལ་ཀུན་བཟང་འགོད་པའི་ལུགས་ཀྱང་དཔེལ་བའི་མཆན་དུ་བཤད་སྣང་ཞིང་།གཞན་དུ་དཀྱིལ་འཁོར་ནང་ནས་པད་འདབ་བཞི། འཁོར་ལོ་རྩིབས་བཞི། པད་འདབ་བཅུ་དྲུག་དང་། བཅུ་དང་། འཁོར་ལ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ། བཞུགས་སུ་གསོལ་བ། ཕྱག་འཚལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཛཔྲ་བཟླ་བ་དང་དྲུག་ལས། དང་པོ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་སྤྱན་དྲངས་པར་བསམས་ལ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      འཁྲིལ༔ ཉོན་མོངས་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་སྤྱོན༔ ཧཱུྃ༔ གོ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སེང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ བཀའ་སྲུང་གཏེར་བདག་དམ་ཅན་ཆོས་སྐྱོང་ཚོགས༔ ཞི་ཁྲོ་དམ་པ་རིགས་བརྒྱའ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      བཞུགས་སུ་གསོལ༔ ཞི་བ་ལོངས་སྐུའི་རིགས་རྩལ་ཆོ་འཕྲུལ་ལས༔ དུག་ལྔ་འཇོམས་པའི་ལྷ་ཚོགས་དཔག་མེད་འཕྲོ༔ དཔལ་ཆེན་ཆེ་མཆོག་རིགས་ལྔའི་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཕྱུག་ཀྲོ་དྷིའི་ཚོགས་དང་འཁྲིལ༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ གོ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སེང་ཧ་ལ་སོགས་ཡུལ་གྱ…