Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 394 of 500
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཕྱག་བཤགས་སྐོང་ཆོག་མདོར་བསྡུས་འཁོར་འདས་རང་གྲོལ།
ཉོན་མོངས་གནས་གྱུར་པའི། །དཔལ་ཆེན་ཆེ་མཆོག་ཡབ་ཡུམ་ཐུགས་དམ་བསྐང་། །ཕུང་པོ་དུག་ལྔའི་རྟོག་པ་གནས་གྱུར་པའི། །ཁྲག་འཐུང་གཙོ་བོ་དགུ་ཡི་ཐུགས་དམ་བསྐང་། །འབྱུང་ཆེན་སྐྱེ་གནས་རྣམ་བཞི་གནས་གྱུར་པའི། །ཁྲོ་མོ་དབྱིངས་ཕྱུག་དགུ་ཡི= །ཚོགས་བརྒྱད་ཡུལ་བརྒྱད་རྟོག་པ་གནས་གྱུར་པའི། །མ་མོ་ཕྲ་མེན་ཚོགས་ཀྱི= །སྟོང་ཁམས་རིགས་དྲུག་གནས་ན…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཕྱག་བཤགས་སྐོང་ཆོག་མདོར་བསྡུས་འཁོར་འདས་རང་གྲོལ།
འགལ་འཁྲུལ་ཉེས་ལྟུང་ཀུན། །ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བསྐང་། །བདེ་ཆེན་ཆོས་ཉིད་དབྱིངས་སུ་དག་གྱུར་ཅིག །ས་མ་ཡ་ཨ་ཨ་ཨ༔ ཞེས་པའང་མཉྫགྷོཥས་སོ། །མངྒ་ལཾ།། །།
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་སྙན་བརྒྱུད་ཡི་གེ་མེད་པའི་ཆོས་སྡེ་སྐུ་གསུམ་རིགས་འདུས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་སྙན་བརྒྱུད་ཡི་གེ་མེད་པའི་ཆོས་སྡེ་སྐུ་གསུམ་རིགས་འདུས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཨེ་མ་ཧོ༔ འོག་མིན་རྣམ་དག་གདོད་མའི་ཞིང་ཁམས་ནས། །ཆོས་སྐུའི་བླ་མ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་འཇའ་ལུས་འགྲུབ་པར་ཤོག །ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ནས། །ལོངས་སྐུའི…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་སྙན་བརྒྱུད་ཡི་གེ་མེད་པའི་ཆོས་སྡེ་སྐུ་གསུམ་རིགས་འདུས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས།
གྲོལ་བར་ཤོག །ཁྱད་པར་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་བཞིའི། །རྒྱུད་ཀྱི་བཅུད་ཐིག་པདྨའི་ཐུགས་ཀྱི་མཐིལ། །སྙན་བརྒྱུད་ཡི་གེ་མེད་པའི་རྫོགས་རིམ་གྱིས། །རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས། །རླུང་སེམས་དབུ་མའི་གནས་སུ་ཆུད་པར་ཤོག །ཡས་བབས་མས་བརྟན་དགའ་བཞིའི་འགྲོས་བཟང་པོས། །ཀུན་རྫོབ་བྱང་སེམས་དབབ་ཟློག་རྩལ་འབྱོངས་…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
༄༅། །པ དྨ སྱ བ ཀྱཱ མ བ བཱ ད ཏྲི མཱུ ལད རྣ སྭ མོ ཙ ནཱ ཏྲ། མ ཧཱ སུ ཁ ག གྷ ནཱ མ ཏྲི ཀཱ ཡ ཀུ ལཾ པི ཎྜ པ དྨ གུ རོ༔ ཀ རྨ ལེ ཁཱ སཾ ཡོ ཛི ཏ བི ཧ ར ཏི སྨ།། པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ་ཞེས་བྱ་བ། བླ་མ་དང་དབྱེར་མེད་པའི་སྐུ་གསུམ་རིགས་བསྡུས་མ་ཧཱ་གུ་རུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །གཟོད་ནས་རྣམ་དག་འོད་གསལ་འདུས་མ་བྱས། །སྐུ་གསུམ་དབྱེར་མེད་བདེ་ཆེན་བླ་མ་ལ། །བཏུད་ནས་མྱུར་ལམ་བྱེ་བའི་སྙིང་པོའི་ཕུལ། །རིག་པ་འཛིན་རྣམས་དགའ་བའི…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
གཞན་ཡང་སྲུང་མའི་གཏོར་བསྔོ་ཚོགས་མཆོད་སོགས་འོག་ཏུ་མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །དེ་ནས་ཆོ་གའི་སྦྱོར་བ་དངོས་ལ། ཚོགས་བསག་བགེགས་བསྐྲད་སྲུང་འཁོར་བསྒོམ། །བྱིན་དབབ་མཆོད་པ་བྱིན་བརླབ་བོ། །ཞེས་པ་ལྟར་ལྔ་ལས་དང་པོ་སྐྱབས་སེམས་སྔོན་དུ་འགྲོ་བའི་ཚོགས་བསག་པ་ནི། རང་གི་མདུན་གྱི་ནམ་མཁར་རིག་འཛིན་བླ་མ་བདེ་གཤེགས་ཀུན་འདུས་…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
དང་ཉོན་མོངས་ལས་གྲོལ་ཞིང་༔ རིག་འཛིན་བླ་མའི་ས་ཐོབ་ཤོག༔ ཧོ༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་ཡི་དམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ ཡང་དག་སྐུ་གསུམ་མཆོག་ཐོབ་ཤོག༔ ཅེས་སྐྱབས་སེམས་ཡན་ལག་བདུན་པ་རྣམས་ལན་གསུམ་རེའི…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
ཡེ་ཤེས་རོལ་པ་དཔལ་གྱི་སྐུར་གསལ་བའི༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་བགྱི༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྣ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བཛྲ་བིད་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཅེས་ནག་ཕྱོགས་རྣམས་བསྐྲད། གསུམ་པ་སྲུང་འཁོར་བསྒོམ་པ་ནི། ཧཱུྃ། ཡེ་ཤེས…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
ཞེས་ལན་གསུམ་བརྗོད་པས་ཉེར་སྤྱོད་དང་སྨན་རག་གཏོར་མ། མ་ཧཱ་བཛྲ་ཧཱུྃ། བཛྲ་གཎྜེ་ཨཿ ཞེས་པས་དམ་ཚིག་གི་རྡོ་རྗེ་དང་དྲིལ་བུ་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་དྲང་དབྱེར་མེད་བསྟིམ། །མཆོད་ཅིང་བཟླས་པས་དངོས་གྲུབ་བསྒྲུབ། །ཅེས་པ་ལྟར་ལྔ་ལས། དང་པོ་ལྷ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
འཇའ་འོད་འཁྱིལ་བའི་གུར་ཁང་གི་དབུས་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཧཱུྃ་གསུམ་གྱིས༔ མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཀུན་བཟང་རྒྱལ་བ་རིགས་ལྔ༔ དགའ་རབ་འཇམ་དཔལཿ ཤྲི་སོ་ཧ༔ ཛྷཱ་ན་སཱུ་ཏྲཿ བི་མ་ལ་མི་ཏྲཿ ཡི་དམ་བདེ་གཤེགས་ཀུན་འདུས༔ མཁའ་འགྲོ་ཆོས་སྐྱོང་སྐྱབས་གྱུར་རེ་ལྟོས་ཀྱི་ཚོགས་དང་བཅས་པ་རྣམས༔ དྭངས་མ་འོད་ཀྱི་ཕུ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
ཤེས་སེམསཿ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ དུ་མར་སྣང་ཡང་རོ་གཅིག་བརྟན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ལྷན༔ བཞི་པ་མཆོད་པ་ལ། ཐོག་མར་ཕྱག་གིས་བསྙེན་བཀུར་བ་ནི། ཧཱུྃ། བླ་མ་སྐུ་གསུམ་རིགས་འདུས་ལྷ་ཡི་ཚོགས༔ རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག༔ རྣམ་དག་ཡེ་ཤེས་ཆེན་པོ་རྟོགས་བྱའི་ཕྱིར༔ སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
བ་མཐའ་ཡས། དེའི་ཐུགས་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་གེ་སར་ཟིལ་ཕོད་དང་བཅས་པའི་ཟེའུ་འབྲུར་ཧཱུྃཡིག་དཀར་ལ་དམར་བའི་མདངས་ཆགས་པའི་མཐར་སྔགས་ཀྱི་ཕྲེང་བ་མགལ་མེ་འཁོར་ཞིང་འཁྱིལ་བ་ལྟར་གནས་པར་གྱུར་པའི་མོས་པས། ཨོཾ་ཨཱཧཱུཾ་པདྨ་གུ་རུ་བཛྲ་ས་མ་ཡ༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
སུ་མིག་ལྟ་སྟངས་དང་རྟོག་བྲལ་གྱི་རིག་པ་གཉིས་ལྷན་ཅིག་ཏུ་ཁྱབ་པར་བཀོད་ནས་རྒྱུན་བསྲིངས་ཏེ་ཉམས་སུ་བླངས་པས། སྐྱེ་འཆི་མེད་པའི་པདྨ་ཐོད་ཕྲེང་རྩལ་དུ་འགྱུར་རོ་ཞེས་གསུངས་པ་ལྟར་ཉམས་སུ་བླང་། ཐུན་ལས་ལྡང་བ་ན་མཆོད་ཅིང་བསྟོད་ལ། ཧཱུྃ། ཆོས་དབྱིངས་མ་བཅོས་སྐྱེ་བ་མེད་པའི་ངང་༔ འགག་མེད་རང་རྩལ་ལོངས་སྤྱོད་རྫོགས་སྐུར་གསལ༔ ཐུགས་ར…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
མཚོར་གྱུར༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམསཿ ཚོགས་གཏོར་མགྲོན་དུ་སྤྱན་འདྲེན་ནོ༔ གནས་མཆོག་དམ་པ་ཉམས་རེ་དགའ༔ བདེ་ལྡན་པདྨ་འོད་ཀྱི་ཞིང་ཚོགས་དང་གཏོར་མ་མདངས་དང་ལྡན༔ དཔལ་ལྡན་མཛེས་པའི་ཕོ་བྲང་ཡིན༔ འདིར་ཚོགས་རྣལ་འབྱོར་དམ་རེ་གཙང་༔ འདོད་ཡོན་རེ་སྐོང་ལྷུན…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
གཉན་པོ་དེས་བསྐང་ལ༔ ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ལྔ་པ་བཤགས་པ་ནི། ཧོ༔ ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཚོགས༔ ཡུད་ཙམ་བདག་ལ་ཉེར་དགོངས་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ ཁ་ན་མ་ཐོ་སྡིག་པའི་ལས༔ གནོང་འགྱོད་དབང་གིས་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་པ་བརྗོད། དྲུག་པ་ཚོགས་ཐ་མ་ལ། སྣང་སྲ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་བདུད་རྩིའི་ཁ་ཕྲུ་དང་རོ་གཅིག་པ་ཧེ་རུ་ཀའི་དམ་རྒྱས་དབབ་པའམ། གོ་འཕང་དམན་ན་གཡོན་པའི་མཐེབ་སྲིན་སྦྱར་བ་རེག་ཅིང་ནང་མཆོད་བྲན་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧི༔ ཧཱུྃ། ཡེ་ཤེས་རོལ་པ་ལྷ་ཡི་ཚོགས་རྣམས་དང་༔ ལས་ལས་གྲུབ་པའི་མཁའ་འགྲོ་དབང་ཕྱུག་གིང་༔ མ་བདུན་སྲིང་བཞི་འདིར་གཤེགས་མཆ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
ཚལ་དང་ནགས་འདབས་དང་༔ ཕྱོགས་མཚམས་སྟེང་འོག་གང་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་ཕོ་བྲང་གནས་ནས་འདིར་བྱོན་ལ༔ ཕུད་ལྷག་བཤལ་བའི་གཏོར་མ་འདི་བཞེས་ལཿ བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད༔ ཅེས་གཏོར་མ་གཉིས་མཁར་གྱི་ཡང་སྟེངས་སུ་ཞལ་ནང་བསྟན་གྱིས་འབུལ། བཅ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
གཤེགས་རིགས་འདུས་ཚོགས༔ དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང་༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས༔ ད་ལྟ་ཉིད་དུ་གསལ་ཞིང་བརྟན་པར་མཛོད༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པ་དང་༔ དགོས་འདོད་རེ་སྐོང་ཡིད་བཞིན་གཏེར་གྱི་མཛོད༔ མཐོང་ཆོས་དབང་དང་ཐུན་མོང་ཡོན་ཏན་བརྒྱད༔ མངོན་ཤེས་དྲུག་ལྡན་དངོས་གྲུབ་བདག་ལ་སྩོལ༔ སྔགས་མཐར།…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ།
མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་པས་རྩ་གསུམ་དཀྱིལ་འཁོར་གྱི༔ གོ་འཕང་མཆོག་ལ་འགྲོ་ཀུན་སྦྱོར་གྱུར་ཅིག༔ ལྔ་པ་ཤིས་བརྗོད་བྱ་བ་ནི། རང་བཞིན་ཆོས་དབྱིངས་ངང་ཉིད་ལས༔ གཟུགས་སྐུའི་རྣམ་རོལ་དཔག་ཡས་ཀྱིས༔ རླབས་ཆེན་ཕྲིན་ལས་སྐྱོང་མཛད་པའི༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ མ་འགགས་རང་གསལ་འོད་ལྔའི་ཀློང་༔ …