Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 406 of 500
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མཆོག་གི་ས་བོན།
བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་དྷེ་བ་དྷཱ་ཀི་ནི་སརྦ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་། ཡིད་ཀྱི་རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མཆོག་གི་ས་བོན།
འཕྲོ༔ སྣང་སྲིད་དཔལ་ལྡན་བླ་མའི་ངོ་བོར་གྱུར༔ ཅེས་གསལ་བཏབ་ལ། དེ་ནས་བྱིན་རླབས་འཇུག་པའི་ཕྱིར་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་བར་ཆད་ལམ་སེལ་དང་། ཁྱད་པར། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ …
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མཆོག་གི་ས་བོན།
ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ ཅེས་བརྗོད། གསུམ་པ་གསང་བ་ལས་སྦྱོར་གྱི་ཚུལ་དུ་སྤྲོས་མེད་དོན་གྱི་བླ་མའི་རྣལ་འབྱོར་ནི། བླ་མ་ཨོ་རྒྱན་ཆེན་པོ་ཉིད༔ དགྱེས་པ་ཆེན་པོ་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མཆོག་གི་ས་བོན།
ཤིས་ཤོག༔ ཅེས་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པ་དང་། ཐུན་མཚམས་ཐམས་ཅད་དུ་ཆོས་དང་མཐུན་པའི་སྤྱོད་པས་དུས་འདའ་བ་ལ་བསླབ་པར་བྱའོ། །ཞེས་པའང་དཔལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཐུགས་བསྐྱེད་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་བ་ལ་བརྟེན་ནས་གནས་དུས་ཀྱི་རྟེན…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྔ་འགྱུར་སྡོམ་པ་གསུམ་གྱི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ།
སྔ་འགྱུར་སྡོམ་པ་གསུམ་གྱི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བཞུགས་སོ།། །།
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྔ་འགྱུར་སྡོམ་པ་གསུམ་གྱི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ།
ཨོཾ་སྭསྟི། འདིར་སྔ་འགྱུར་གཙོ་བོར་གྱུར་པའི་སྡོམ་པ་གསུམ་གྱི་བླ་མ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པའི་རིམ་པ་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་ལ། ཐོག་མར་སོ་ཐར་སྡོམ་རྒྱུད་ཀྱི་བརྒྱུད་འདེབས་ནི། མཚན་དཔེའི་གཟུགས་སྐུ་མཐོང་དང་ཚངས་དབྱངས་གསུང་། །ལན་ཅིག་ཐོས་པའི་མོད་ལ་སྲིད་ཞིའི་གདུང་། །རབ་བསལ་ཁྱོད་ཐུགས་རྣམ་མཁྱེན་ལ་སྦྱོར་བ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྔ་འགྱུར་སྡོམ་པ་གསུམ་གྱི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ།
ཤཱཀྱ་མུ་ནེ་གཡོར་པོ་དགེ་བ་འབྱུང་། །དགོངས་པ་རབ་གསལ་ཞབས་ལ༔ ཀླུ་མེས་ཚུལ་ཤེ་རྡོ་རྗེ་རྒྱལ་མཚན་དང་། །སྣེ་པོ་གྲགས་རྒྱལ་འབྲེ་ཆེན་ཤེས་རབ་འབར། །བརྩོན་འགྲུས་འབར་དང་གཞོན་ནུ་སེང་གེའི་ཞབས། །གྲོ་སྟོན་བདུད་རྩི་གྲགས་ལཌ མཆིམས་ཆེན་ནམ་མཁའ་གྲགས་དང་གྲགས་ཤེ་བ། །མཆིམས་སྟོན་བློ་བཟང་གྲགས་པ་ཀུན་རྒྱལ་རྗེ། །གྲུབ་པ་ཤེས་རབ་པཎ་ཆེན་…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྔ་འགྱུར་སྡོམ་པ་གསུམ་གྱི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ།
པ་ཏཱི་ཨོ་ཌི་ཡཱ་ན་དང་། །པདྨའི་མཚན་ཅན་རྡོར་འཛིན་གསང་སྔགས་ཞབས། །བཀའ་དྲིན་མཉམ་མེད་རིག་འཛིན་བཟང་པོ་སྟེ། །མཁན་བརྒྱུད་དམ་པ་རྣམས་ལ༴ ཞེས་སོ། །ངན་སོང་གནས་གསུམ་སྡུག་བསྔལ་དྲག་པོས་མནར། །མི་དང་འདོད་ལྷ་འགྱུར་བའི་དུ་ཁས་གཟིར། །གཟུགས་དང་གཟུགས་མེད་འདུ་བྱེད་འཆིང་བས་བཅིངས། །འཁོར་བའི་རང་མཚང་མངོན་སུམ་མཐོང་བར་ཤོག །ཚུལ་དེས་…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྔ་འགྱུར་སྡོམ་པ་གསུམ་གྱི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ།
སློབ་དགེ་བའི་བཤེས་ལ་མཆོག་ཏུ་དད། །ཚངས་པ་མཚུངས་པར་སྤྱོད་ལ་གཅིག་ཏུ་གུས། །སྡེ་སྣོད་ལུང་ལ་རབ་སྦྱངས་བསླབ་པ་གསུམ། །མངོན་པར་རྟོགས་པས་བདག་རྒྱུད་ཕྱུག་པར་ཤོག །བག་ཡོད་མཐུན་པའི་རླུང་གིས་ཚུལ་ཁྲིམས་གཟིངས། །མངོན་མཐོའི་རིན་ཆེན་གླིང་བགྲོད་ཐར་པའི་ནོར། །ལྷག་བསམ་རྒྱལ་མཚན་རྩེ་མོར་ཡོངས་བཀོད་ནས། །འགྲོ་རྣམས་ཕན་བདེའི་འདོད་དག…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།
༈ སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས་ལ། ཐོག་མར་འཕགས་པ་འཇམ་དཔལ་ནས་ཀླུ་སྒྲུབ་ལ་སྩལ་བའི་དབུ་མ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་ནི། རྣམ་འདྲེན་སྟོབས་བཅུའི་མངའ་བདག་ཟས་གཙང་སྲས། །རྒྱལ་སྲས་འཇམ་དཔལ་ཀླུ་སྒྲུབ་ཟླ་བ་གྲགས། །རིག་པའི་ཁུ་བྱུག་ཀུ་སཱ་ལ་ཆེ་ཆུང་། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །ཇོ་བོ་ཐར…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།
ལྷུན་གྲུབ་དཔལ། །འགྱུར་མེད་རྡོ་རྗེ་ངག་དབང་ཆོས་དཔལ་ལ། །གསོལ་བ༴ ཁ་སྐོང་ནི། ཡིད་བཞིན་ལེགས་གྲུབ་རིན་ཆེན་རྣམ་པར་རྒྱལ། །ཨོཾ་ཌཱི་ཡཱ་ན་གསང་སྔགས་བསྟན་འཛིན་དང་། །པདྨ་དབང་རྒྱལ་འགྱུར་མེད་ཀུན་དགའི་ཞབས། །གསོལ་བ་འདེབས་སོ་གཞན་ཕན༴ ཞེས་སོ། །ཡོན་ཏན་གཞིར་གྱུར་བཤེས་གཉེན་གུས་བརྟེན་ནས། །རྙེད་དཀའི་རྟེན་ལ་སྙིང་པོ་ལེན་སྤྲོ་ཞི…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།
བཟང་སངས་རྒྱས་ཡེ་ཤེས་ཞབས། །གུ་ཎ་མི་ཏྲ་རིན་ཆེན་ཟླ་བ་དང་། །བསྟན་སྐྱོང་རྔོག་ལོ་འབྲེ་ཆེན་ཤེས་རབ་འབར། །གསོལ་བ༴ བྱང་ཆུབ་ཡེ་ཤེས་གཞོན་ཚུལ་ཞང་གཡེ་བ། །གཉལ་ཞིག་འཆིང་རུ་ཆུ་མིག་སེང་གེ་དཔལ། །ལྷོ་བྲག་པ་དང་བཙན་དགོན་དབེན་དགེ་བ། །གསོལ་བ༴ ཆོས་དཔལ་རྒྱ་མཚོ་ཀུན་མཁྱེན་ཆོས་ཀྱི་རྗེ། །ཁྱབ་བརྡལ་ལྷུན་གྲུབ་མན་འདྲའོ། །།རིག་འཛིན་ས…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།
གྲུབ་མཚན། །སེང་གེ་དཔལ་བཟང་རིགས་རྒྱལ་ལྷུན་གྲུབ་གྲགས། །སངས་རྒྱས་རྡོ་རྗེ་ཚེ་དབང་མགོན་པོ་དང་། །རྡོ་རྗེ་ཚེ་དཔལ་རྣམས་ལ༔ ཤཱཀྱ་དཔལ་འབྱོར་སིདྡྷི་ཕ་ལ་དང་། །འཕགས་པ་རིན་ཆེན་ཤཱཀྱ་རཏྣའི་ཞབས། །ཟུར་སྟོན་རྒྱལ་སྲས་པདྨ་བདུད་འདུལ་དང་། །ཆོས་རྒྱལ་རྡོ་རྗེ་རྣམས་ལ༔ རྒྱ་སྟོན་འོད་གསལ་རང་གྲོལ་གཏེར་བདག་གླིང་། །ཆོས་དཔལ་རྒྱ་མཚོ་ར…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།
ལུང་ཨ་ནུ་ཡོ་ག་འདུས་པ་མདོའི་དབང་གི་བརྒྱུད་འདེབས་ནི། ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རྒྱལ་ཚབ་རིགས་ལྔ་རྒྱལ་སྲས་རིགས་གསུམ་མགོན། དམ་པའི་རིགས་ཅན་རྣམ་ལྔ་རྒྱལ་པོ་ཛ། །ཨུ་པ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཨིནྡྲ་བྷུ་ཏི་ནཱ་ག་པུ་ཏྲ་དང་། །ག་ཡ་པུ་ཏྲི་ཀུ་ཀུ་རཱ་ཛའི་ཞབས། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་དང་། །པྲ་བྷ་ཧ་སྟ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།
དང་། །གང་ཤར་རང་གྲོལ་རྣམས་ལ༴ ཨོ་རྒྱན་ཆེ་མཆོག་རྒྱལ་བའི་མྱུ་གུ་དང་། །ཐམས་ཅད་མཁྱེན་པ་རིག་པའི་རྡོ་རྗེ་སོགས། །བརྒྱུད་པའི་ཁྱད་པར་ཀུན་འདུས་འཁོར་ལོའི་མགོན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སོ། །སེམས་ཀྱི་ཆོས་ཉིད་དབྱིངས་ཡེ་གཉིས་མེད་པར། །ཡེ་ནས་མ་འདྲེས་ཡོངས་རྫོགས་དཀྱིལ་འཁོར་གསུམ། །ཇི་བཞིན་བྱེད་པ་རྐྱེན་དང་བ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན།
༈ མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་ནི། ན་མོ་གུ་རུ་བྷྱ༔ ཡེ་ཤེས་རིག་པ་གཞན་དུ་མ་འཁྲུལ་བས། །ཐོག་མའི་གཞི་ལ་མངོན་པར་བྱང་ཆུབ་པ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དག་པའི་དབྱིངས་ལས་ཐུགས་རྗེ་རོལ་པའི་སྐུར། །མངོན་པར་སྣང་བ་བདེ་ཆ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན།
འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ༴ ཤེས་བྱ་ཀུན་མཁྱེན་ཀུན་མཁྱེན་གཉིས་པར་གྲགས། །རྫོགས་ཆེན་དགོངས་པ་རིས་མེད་མངོན་དུ་གྱུར། །པཎ་ཆེན་གྲུབ་པའི་དབང་ཕྱུག་ཤྲཱི་སི། །གསོལ་བ་འདེབས་སོ༴ ཡང་དག་བཅུད་གཅིག་དོན་ལྡན་ལོ་ཙཱ་བ། །ལྟ་དགོངས་མཐར་ཕྱིན་སྣང་སྲིད་ཟིལ་གྱིས་མནན། །མཁས་པ་པ་གོར་བེ་རོ་ཙ་ན་ལ། །གསོལ་བ་སྦྱངས་པའི་འཕྲོ་སད…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན།
ཤོངས་ཀྱི་གཙུག་ལག་ཁང་ཆེན་པོར། །བསྐྱེད་རྫོགས་གསུམ་སྟོན་སྙིང་པོའི་བསྟན་པ་སྤེལ། །ཉང་སྟོན་ཆེན་པོ་ཤེས་རབ་མཆོག་ལྡན་ལ། །གསོལ་བ༴ བླ་མའི་ཐུགས་ཟིན་ཏིང་འཛིན་ལས་སུ་རུང་། །བསྐྱེད་རྫོགས་གསུམ་ལ་མཁས་པའི་གྲགས་པས་ཁྱབ། །ཆོས་ལུང་མྱང་སྟོན་ཡེ་ཤེས་འབྱུང་གནས་ལ། །གསོལ་བ༴ འུག་བྱ་ལུང་གི་དབེན་རྩ་དམ་པ་རུ། བཤད་སྒྲུབ་ཆུ་བོས་སྙིང་པ…
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན།
གཟར་རྦབ་ཀྱང་གྱེན་ལ་ཟློག་པར་མཛད། །མཚུངས་མེད་གྲུབ་ཆེན་དབུས་པ་ཞིག་པོ་ལ། །གསོལ་བ་འདེབས་སོ༴ བསམ་བཞིན་འགྲོ་བའི་དོན་ལ་བྱོན་པའི་མཐུས། །ཕྲིན་ལས་རྒྱ་མཚོ་འབད་མེད་ལྷུན་གྱིས་གྲུབ། །ཞིག་པོ་བདུད་རྩི་སེམས་ཕྱོགས་བསྟན་པའི་བདག །གསོལ་བ་འདེབས༔ གསར་རྙིང་ཆོས་ལ་མཁས་ཤིང་གྲུབ་པའི་མཆོག །གཡུ་རུ་སྟོད་དུ་བསྟན་པའི་སྲོལ་བཟང་བཏོད། …
JKT014
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན།
རང་བཞིན་རྣལ་འབྱོར་མ། །མ་གཅིག་ཟུར་མོ་མཁས་བཙུན་སངས་རྒྱས་ལ། །གསོལ་བ༴ མཁས་གྲུབ་རིག་འཛིན་རྒྱ་མཚོའི་གཙུག་གི་རྒྱན། །རིམ་གཉིས་བསྟན་པའི་རྒྱལ་མཚན་སྲིད་མཐར་སྒྲེང་། །འཇམ་དབྱངས་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ་ལ། །གསོལ་བ༴ ཡོངས་རྫོགས་བསྟན་པའི་མངའ་བདག་དགེ་བའི་བཤེས། །འཆད་རྩོད་རྩོམ་པས་བསྟན་པ་ཕྱོགས་བཅུར་སྤེལ། །སྒྲོལ་ཆེན་ཆོ…