Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 415 of 500
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      གསལ་སྟོང་ཟུང་འཇུག་འཇའ་ཚོན་ལྟ་བུར་ཤར༔ དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། །ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་ག་རྣམས་གསལ་བཏབ་ནས། སློབ་དཔོན་ལ་སྐུ་གསུམ་རིགས་འདུས་སེམས་དཔའ་པདྨའི་མྱུ་གུ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      ལེ་སེམས་ཀྱི་དྲི་མ་སྦྱོངས༔ སྣང་གྲག་རྟོག་གསུམ་ལྷ་སྔགས་ཆོས་སྐུར་ཤར༔ སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས༔ རྩ་སྔགས་དང་། ཀཱ་ཡ་ཝཱ་ཀྲ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་བཞག །སླར་ཡང་གཏོར་མའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      མཆོད་པ་ཕུལ། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་རང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་སྣང་ཞེན་ཐམས་ཅད་སྦྱངས་ཏེ་རིགས་འདུས་བླ་མའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པའི་མོས་པ་དང་བཅས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་པའམ། སྤྲོ་ན་ལས་གཞུང་གི་བཟླས་དམིགས་ལྟར་རྒྱས་པར་བརྡ་སྤྲད། སྔགས་ཀྱི་རྗེས་ཟློས་ལན་གསུམ་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      བཅས་གསུང་སྐུལ་གནང་བ་ལྟར། པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་སྟན་ཐོག་གཅིག་ཏུ་ཤར་མར་སྤེལ་བ་འགྲོ་ཀུན་རིགས་འདུས་བླ་མའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      ས ཁ ཝ ཏྭཾ ན ཡ ཏི ར། ནཱ མ བྷ ག ཝཱ སྣ། མི ཏཱ བྷ སྱ བུ དྡྷ པ རི ཀ རྨ སྱ བི དྷི བི ཧ ར ཏི སྨ། ། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། གང་མཚན་དྲི་མེད་ནོར་བུའི་དོ་ཤལ་ནི། །རྣ་ལུང་དཔྱངས་པའི་མོད་ནས་ཡིད་ཅན་ཀུན། །བྱང་ཆུབ་སྤྱོད་པའི་གྲོང་དུ་དབུགས་འབྱིན་པ། །བླ་མ་འོད་དཔག་མེད་པས་དགེ་ལེགས་མཛོད། །རིན་ཆེན་ཐེམ་སྐས་ལ་བརྟེན་ནས། །གཞལ་མེད་ཁང་བཟང་འཇུག་པ་ལྟར། །སངས་རྒྱས་ཞིང་ཁམས་ཡོངས་སྦྱོང་བའི། །ཆོ་ག་བདེ་ཅན་ཤིང་རྟ་དབྱེ། །འདི་ལ་གས…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      བཤམ༔ ཞེས་གསུངས་པ་ལྟར། གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱག་དར་དང་རྐྱང་ནུལ་ལེགས་པར་བསྟར། གནས་ཁང་གིས་སྟབས་བདེ་ན་ནུབ་ཕྱོགས་སམ། དེ་མིན་གུང་གི་ཆར་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་འོད་དཔག་མེད་པའི་ཞིང་བཀོད་མཚན་ཉིད་དང་ལྡན་པ་བཀྲམ་པའི་སྤྱན་སྔར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། བྱེ་བྲག་ཏུ་མེ་ཏོག་ལ་སོགས་པའི་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      ཕྱོགས་ཏེ་གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་། གང་ལྟར་ཡང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་ངེས་འབྱུང་གི་བློ་བཅོས་པ་དང་། སྙིང་རྗེ་ཆེན་པོའི་ཡིད་ཀྱིས་མཚམས་སྦྱར་ཏེ། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་འོད་དཔག་ཏུ་མེད་པ་དཀོན་མཆོག་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅི…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      ཚོགས་བསག་པ། སྨོན་ལམ་གདབ་པའོ། །དང་པོ་ནི། སྦྱོར་བ་སྐྱབས་སེམས་བྱས་པས་བསོད་ནམས་ཀྱི་ཚོགས་དང་། འོག་ཏུ་འབྱུང་བ་བཞིན་སྭ་བྷཱ་བའི་སྔགས་ཀྱིས་གཟུང་འཛིན་ལྟར་སྣང་བའི་ཆོས་ཀུན་འོད་གསལ་དུ་སྦྱངས་པས་ཡེ་ཤེས་ཀྱི་ཚོགས་བསགས་ནས། ཚོགས་གཉིས་ཀྱི་རང་འབྲས་སྒྱུ་མ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དང་བདག་མདུན་ལྷའི་སྐུར་ལྡང་བའི་ཕྱིར་གཏེར་ག…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      རྒྱས་པའི་སྡོང་བུ་བསྣམས། །གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ མཐིང་མདོག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་ནི། །སྐྱབས་སྦྱིན་ཕྱག་རྒྱས་དྲིལ་བུ་འཛིན། །མདུན་དུ་འཕགས་ཚོགས་འདུས་པ་དང་༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ སངས་རྒྱས་དང་ནི་བྱང་ཆུབ་སེམས༔ འཇིག་རྟེན་སྐྱོང་བ་བསམ་མི་ཁྱབ༔ ཀུན་ཀྱང་ཆོས་ཀྱི་སྒྲ་སྒྲོགས་ཤིང…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱི…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      ཁང་བསྐྱེད་ཅིང་སྙན་བརྣན་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      བ། བཟླས་པས་ཐུགས་དམ་བསྐུལ་བ། ཞིང་སྦྱོང་གི་དམིགས་པ་ལ་བསླབ་པའོ། །དང་པོ་ནི་གཞུང་ལས། ཡན་ལག་བདུན་དང་མཎྜལ་འབུལ༔ ཞེས་པ་ལྟར། ཐོག་མར་ཕྱག་འཚལ་བ་ནི། མདུན་གྱི་ཚོགས་ཞིང་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་སོགས་མཆོད་པའི་ལས་རིམ་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འོད་འོད་མདོ་ལས་སོ། །ནི་དཔ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      ཡེ་ཤེས་དཔག་མེད་ཤིན་ཏུ་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་རྣམ འཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བན་ནཾ་ཀ་རོ་མི། ཞེས་ཕྱག་བྱ། གཉིས་པ་མཆོད་པ་འབུལ་བ་ལ། སྤྱིར་འབུལ་བ་ནི། མེ་ཏོག་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      པར་སྤྲུལ་པ་ཡི༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང་༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལཿ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱི་ཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།
      སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱ༔ འདོད་ཡོན་འབུལ་བ་ནི། ཕྱོགས་དུས་ཀུན་ན་གཟུག།ས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་…