Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 331 of 500
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
དཔལ་སམྦུ་ཊའི་རྒྱུད་ལས་གསུངས་པའི་ཤེར་ཕྱིན་དཀར་མོའི་འཁོར་ལོའི་མན་ངག་ཤེས་རབ་སྣང་བ།
བཅས་དང་། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་རྣམ་བཤད་གནད་ཀྱི་གསལ་བྱེད། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་རྒྱ་ཆེར་བཤད་པ་སྙིང་པོའི་དེ་ཁོ་ན་ཉིད་གསལ་བ་རྣམས་དང་། ལོ་ཙཱ་བ་མ་ཎི་ག་ཤྲིའི་ཟིན་བྲིས་སོགས་ལ་བརྟེན་ནས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་སཏྟཱ་ནཾ་པྲཛྙཱ་ལ་ཀྵྨཱིཾ་སྥུ་ཊཾ་…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཤེར་ཕྱིན་དཀར་མོའི་བསྒོམ་བཟླས་སྙིང་པོའི་སྣང་བ།
༈ ཤེར་ཕྱིན་དཀར་མོའི་བསྒོམ་བཟླས་སྙིང་པོའི་སྣང་བ་བཞུགས་སོ། །ན་མོ་གུ་རུ་པྲཛྙཱ་པཱ་ར་མི་ཏཱ་ཡེ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ནས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་བསྒོམ་བཟླས་ལ་བརྟེན་ནས་བློ་དང་ངག་གི་དཔལ་ཡོན་བསྒྲུབ་པར་འདོད་པས། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །བླ་མ་དཀོན་མཆོག་རྣམ་གསུམ་ལ། །…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཤེར་ཕྱིན་དཀར་མོའི་བསྒོམ་བཟླས་སྙིང་པོའི་སྣང་བ།
དམར་སྡོང་བུ་འཛིན། །འདབ་མ་སྙན་ཐད་ཁ་བྱེ་བར། །ཤེར་ཕྱིན་གླེགས་བམ་ཟུང་གིས་མཚན། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཐུགས་དབུས་པད་དཀར་འདབ་བརྒྱད་པའི། །ལྟེ་བར་ཨོ་ལས་ཡེ་ཤེས་སེམས། །རང་འདྲའི་ཐུགས་ཀར་པད་ཟླའི་སྟེང་། །ཏིང་འཛིན་སེམས་དཔའ་ཨོཾ་དཀར་པོ། །དེ་ལས་མུ་ཏིག་ལྟར་དཀར་བའི། །སྔགས་…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ།
༈ ཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པྲཛྙཱ་པཱ་ར་མི་ཏཱ་ཡཻ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཡང་སྙིང་ཡི་གེ་གཅིག་མ་ཉམས་སུ་ལེན་པར་འདོད་པས། ཁྲུས་བྱས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བྱང་ཆུབ་སེམས་ཀྱི་དྲན་པ་མངོན་དུ་བཞག་ལ། སངས་རྒྱས་ཆོས་ཚོགས་ལན་གསུམ་སྔོན་དུ་འགྲོ་བས། ཨོཾ…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ།
པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་འདི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཟུངས་ཤིག །འདི་ལྟ་སྟེ། ཞེས་ག…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
ཤེར་ཕྱིན་ཡི་གེ་གཅིག་མའི་གདམས་ངག་ཟབ་དོན་སྙིང་པོ།
པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སོགས་བསྔོ་སྨོན་བྱའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླངས་པས་ཡུམ་རྒྱས་པར་ཚར་རེ་བཏོན་པའི་བསོད་ནམས་དང་མཉམ་པས་མཚོན་ཕན་ཡོན་དཔག་ཏུ་མེད་པ་དང་། བདུད་དང་བདུད་ཀྱི་རིས་ཀྱི་བར་དུ…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཕགས་མ་སོ་སོར་འབྲང་མའི་རྗེས་གནང་གི་ཆོ་ག་བདུད་རྩིའི་རྒྱུན་བཟང་།
༈ འཕགས་མ་སོ་སོར་འབྲང་མའི་རྗེས་གནང་གི་ཆོ་ག་བདུད་རྩིའི་རྒྱུན་བཟང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། དགེ་ལེགས་ཕན་བདེའི་མཆོག་སྦྱིན་པ། །བླ་མ་སོ་སོར་འབྲང་མ་ལ། །བཏུད་ནས་དེ་ཡི་རྗེས་གནང་ཚུལ། །བདུད་རྩིའི་རྒྱུན་བཟང་དབབ་པར་བྱ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཕགས་མ་སོ་སོར་འབྲང་མའི་རྗེས་གནང་གི་ཆོ་ག་བདུད་རྩིའི་རྒྱུན་བཟང་།
ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། ཉེ་ལོགས་སུ་སློབ་མ་ལ་དགོས་པའི་མཎྜལ་མེ་ཏོག་སོགས་དང་། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་འབྲུའི་སྣོད་སོགས་འདུ་བྱའོ། །གཉིས་པ་ལ་གསུམ། བདག་གི་རྣལ་འབྱོར། །མདུན་བསྐྱེད་བསྒྲུབ་པ། སློབ་མ་རྗེས་སུ་གཟུང་བའོ། །དང་པོ་ནི། མཆོད་པ་རྣམས་བསང་སྦྱངས་བྱིན་རླབས་དྷརྨཱ་ར་ཎི་ཏའི་སྔགས་ཀྱིས་བྱིན་…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཕགས་མ་སོ་སོར་འབྲང་མའི་རྗེས་གནང་གི་ཆོ་ག་བདུད་རྩིའི་རྒྱུན་བཟང་།
པས། །འཇིགས་དང་སྡུག་བསྔལ་ཀུན་སེལ་ཞིང་། །དངོས་གྲུབ་འདོད་རྒུའི་མཆོག་སྩོལ་བའི། །སོ་སོར་འབྲང་མར་ཕྱག་འཚལ་ལོ། །ཞེས་བསྟོད། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཕགས་མ་སོ་སོར་འབྲང་མའི་རྗེས་གནང་གི་ཆོ་ག་བདུད་རྩིའི་རྒྱུན་བཟང་།
དཔལ་ཀྱེ་རྡོ་རྗེའི་ཐུན་མོངས་མ་ཡིན་པའི་བཤད་རྒྱུད་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ལས། པྲྃ་གི་ཡི་གེ་ལས་སྐྱེས་པ། །ལུས་ནི་དཀར་ཞིང་ཡིད་འོང་མ། །ལྷ་མོ་རལ་གྲི་འཁོར་ལོ་འཛིན། །སྤྱི་བོར་ཕན་པས་མནན་པའོ། །རང་གི་མང་པོའི་དུས་ལྟ་བུར། །དཀྱིལ་འཁོར་དབུས་སུ་ཡང་དག་གནས། །ནམ་མཁའི་གནས་ནས་འཇམ་པའི་དབྱངས། །འབྱུང་…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཕགས་མ་སོ་སོར་འབྲང་མའི་རྗེས་གནང་གི་ཆོ་ག་བདུད་རྩིའི་རྒྱུན་བཟང་།
ཤགས། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང་། དགེ་བ་བསྔོ་བ་དང་བཀྲ་ཤིས་རྣམས་སྤྱི་ལྟར་བྱའོ། །འཕགས་མ་སོ་སོར་འབྲང་མ་ཡི། །བྱིན་རླབས་བདུད་རྩིའི་རྒྱུན་བཟང་པོས། །འགྲོ་ཀུན་སྡེ་བཞིའི་ཕུན་ཚོགས་ཀྱི། །བཅུད་ལེན་མཆོག་ཏུ་གྲུབ་གྱུར་ཅིག །ཅེས་ཐར་རྩེ་མ་ཧཱ་པཎྜིཏ་ནམ་མཁའ་དཔལ་བཟང་པོས་མཛད་པར་གྲགས་པའི་ཐ…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར།
༈ འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཐུགས་རྗེའི་བདུད་རྩིས་ཁམས་གསུམ་ཀུན། །དབུགས་འབྱིན་འཕགས་པའི་ཟླ་བ་ནི། །དད་པའི་ཡིད་མཚོར་རྟག་བསྙེན་ནས། །གདམས་ཟབ་ཟིལ་དངར་ཅུང་ཟད་ད་སྤེལ། །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྣལ་འབྱོར་ལ་བརྟ…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར།
ཚོགས་གཉིས་བསགས་པ་དང་། དངོས་གཞི་ལྷ་བསྒོམ་པའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཁྲུས་དང་གཙང་སྦྲ་ལ་གནས་པས། མདུན་ཏུ་བྲིས་སྐུ་ཡོད་ན་དགྲམ་པའི་སྤྱན་སྔར་མཆོད་གཏོར་བཤམ། སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་འགྲོ་བས་རང་སྐད་ཅིག་གིས་སེང་གེ་སྒྲར་གསལ་བའི་སྙིང་གའི་འོད་ཀྱིས་ཚོགས་ཞིང་སྤྱན་དྲང་། ཕྱག་འཚལ་ཞིང་མཆོད་པ་འབུ…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར།
བཟླ། ཐུན་ལས་ལྡང་བར་འདོད་ན། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་མཁར་བྱོན་པ་ལ་མཆོད་ཅིང་བཟོད་པར་གསོལ། རང་བཞིན་གྱི་གནས་སུ་གཤེགས་ལ་གནས་གསུམ་བསྲུང་། བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །མདོར་ན་འདི་ཡན་གྱི་ཉམས་ལེན་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ལྟར་ཉམས་སུ་བླངས་པས་དོན་གྲུབ་པ་…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར།
གནས་མཛོད་ལ། །བྱང་ཆུབ་ཐོབ་པའི་གྲོགས་ཀྱང་མཛོད། ཅེས་པའི་མཐར་བཟོད་པར་གསོལ་ལ་གཤེགས་སུ་གསོལ་བས་ཀྱང་རུང་ངོ་། །གསུམ་པ་ནི། ཁ་ཟས་ཀྱི་དུས་སུ་ཁ་ཟས་བདུད་རྩིར་བསམས་ལ་ལྷ་མཆོད་པའི་བསམ་པས་ལོངས་སྤྱད་དོ། །བཞི་པ་དང་ལྔ་པ། ནུབ་མོ་ཉལ་བའི་ཚེ་སྟོང་པའི་ངང་ལ་ཉལ། ནངས་པར་སྟོང་པའི་ངང་ནས་ལྷའི་སྐུར་ལངས་ལ། ཁྲུས་དང་གཙང་སྦྲ་སྔོན་ཏུ་འ…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར།
སུ་མེ་ཏོག་དཀར་པོ་དང་། གཏོར་མ་དང་། བ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུངས་པ་རས་ཀྱི་ཚགས་མས་བཙགས་པ་དྲི་ཞིམ་པོ་དང་སྦྱར་ལ་བཞག །གཡོན་ཏུ་ཆུ་གཉིས་སྔོན་ཏུ་འགྲོ་བའི་མཆོད་པ་ལྔ་བཤམ། རང་ཉིད་ཁྲུས་བྱས་གོས་གཙང་མ་གྱོན། སྟན་བདེ་བ་ལ་འདུག་ལ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བདག་བསྐྱེད་བཟླས་པ་དང་བཅས་པ་གྲུབ་རྗེས། ཡེ་ཤེས་པ་གཤེགས། …
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར།
གུ་ཞལ་གཅིག་ཕྱག་གཉིས་པ་གཡས་སྐྱབས་སྦྱིན། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་སོགས་ནས། ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྗེ་བཙུན་སེང་…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར།
མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱར་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊེ། བིདྱེ་སྭཱ་ཧཱ། ཞེས་བཟླས་ཏེ་རང་གི་གཡོན་ནས་ཚར་དུ་དངར་བའི་མཎྜལ་བརྒྱད་པ་ཞིང་། མཎྜལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུམ་བཟླས་ཤིང་མེ་ཏོག་བསལ་ལ་ལན་…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར།
མཇུག་ཕྱིར་མི་ལྡོག་པའི་ཕྱིར་འཁོར་ལོ་གདགས་པའོ། །དང་པོ་ལ་གསུམ། རྨི་ལམ་བརྟག་པ། དུག་ངོས་བཟུང་ཞིང་གཞོམ་པ། ཀླུ་དང་རྒྱལ་པོ་དབྱེ་བའོ། །དང་པོ་ནི། གནས་ཁང་གཙང་མར་སེང་གེ་སྒྲའི་རྟེན་བྲིས་འབུར་གང་ཡང་རུང་བའི་སྤྱན་སྔར་བ་བྱུང་གིས་བྱུགས་པའི་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དྲུག་དགོད། དེའི་མདུན་དུ་མཆོད་གཏོར་བཤམ། རང་གི་མདུན་དུ་བ…
JKT012
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་གདམས་པ་ཟབ་མོའི་གསལ་བྱེད་གཞན་ཕན་བདུད་རྩིའི་ཟིལ་དངར།
དོན་ལ་གསོལ་བ་བཏབ། གཟུངས་ཐག་ནས་བཟུང་སྟེ་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་། བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། སེང་གེ་སྒྲའི་སྙིང་པོ་བརྒྱ་བརྒྱད་དང་། ཨོཾ་མུ་ཙི་ལི་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དནྟི་ལི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒ…