Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 390 of 500
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      སེམས། །དགའ་རབ་ཤྲཱི་སིདྷ་པདྨ་འབྱུང་། ཀརྨ་གླིང་པ་ཐུགས་སྲས་ཆོས་རྗེ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །སཱུརྱ་ཙནྡྲ་རྒྱ་བཙུན་ནམ་མཁའི་མཚན། །བསོད་ནམས་འོད་ཟེར་པུཎྱ་ཤྲཱིའི་ཞབས། །བསོད་ནམས་ཆོས་སྐྱོང་སྣ་ཚོགས་རང་གྲོལ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཀུན་དགའ་གྲགས་པ་མདོ་སྔགས་བསྟན་འཛིན་དང་། ཕྲིན་ལས…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ མ་རིག་དུག་ལྔ་འཇོམས་མཛད་ཧེ་རུ་ཀ༔ དཔལ་ཆེན་ཆེ་མཆོག་རིགས་ཀྱི་ཁྲག་འཐུང་ལྔ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་དྷིའི་ཚོགས་བཅས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ གོ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སེདྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལཿ སྣང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱབཛྲ་པུཥྤེ་ཧཱུྃ༔ སྲིད་པར་གཏོགས་པའི་བདུག་སྤོས་སྣ་ཚོགས་རིགསཿ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ གསལ་སྟོང་འགྲོ་བ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      གསོལ༔ ཨོཾ་ཨཱབཛྲ་ཤཔྟ་ཧཱུྃ༔ ནང་མཆོད་ནི། ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ ལྷ་རྫས་ནང་མཆོད་འབུལ་བ་ནི༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག༔ རྡོ་རྗེ་ཆོས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ གུས་པའི་སེམས་ཀྱིས…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      བདུད་རྩི་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཐུགས་རྗེས་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཞེས་དང་། བརྒྱུད་མཆོད་ནི། ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སེངྷ་པདྨ་འབྱུང་། །ཀརྨ་གླིང་པ་ཐུགས་སྲས་ཆོས་རྗེ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ལྟར་བྱམས་ཤིང་སྲིད་ལྟར་རབ་གདུང་མ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །ཞིང་སྐྱོང་གཞི་བདག་རིགས་དྲ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཟང་ཐལ་སྐུ༔ གསུང་ནི་མི་འགག་རང་བྱུང་ཡེ་ཤེས་གསུང་༔ ཐུགས་ནི་མི་གཡོ་བསམ་བརྗོད་བྲལ་བའི་ཐུགས༔ ཀུན་བཟང་སྐྱེ་འགག་མེད་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལསཿ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུས་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འོད་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཐུགས་སྲོག་ཨ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ལྷ་སོ་སོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་བ་ལས་བྱུང་བའི་འོད་ཟེར་ནམ་མཁའ་གང་བར་སྤྲོས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ཡི་ཆ་ཐམས་ཅད་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། ཞི་ཁྲོའི་སྤྱི་སྔགས་སྔར་ལྟར་བཟླ། ཨོཾ་ཨཱཿཧཱུྃ། ཞེས་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་བར་མོས་པ་བྱའོ། །སྐབས་འདིར་གཞན་དོན་ལས་སྦྱོར་གྱ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      བར་འགྱུར་རོ། །ཚེ་འདི་ལའང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་གྱུར། བཞི་པ་བྱེ་བྲག་ཏུ་བསྐང་ཞིང་བཤགས་པ་བྱ་བ་ལ་གཉིས་ཀྱི། དང་པོ་བསྐང་བ་བྱ་བ་ལ་དྲུག་ལས། རྟོག་བསྐང་ནི། ཆོས་ཉིད་མཉམ་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཐིག་ལེ་འབར་བའི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཁྱབ་བརྡལ་པགས་པའི་གཏོར་གཞོང་དུ། །རུས་པ་རང་སྣང་དཔལ་གཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་སྩལ། །ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཁ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྙིང་ག་ཆོས་ཀྱི་བྷཉྫ་རུ། །བསམ་པ་བློ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ལྟེ་བ་སྤྲུལ་པའི་བྷཉྫརུ། །ཉོན་མོངས་སྲིད་རྩའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། …
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      གཏམས། །གསལ་བྱེད་རྩ་ལྔའི་སྡོང་བུ་ལ། །དབང་པོ་སྒོ་ལྔའི་ཞུན་མར་སྤར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་ཞུན་མར་སྤར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། …
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་ཞུན་མར་སྤར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི་ཐུགས་དམ་བསྐང་། །རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང་། །ལུས་ཀྱི་ཆོས་བཞི་གནས་དག་པ། །ཁྲོ་བོ་བཞི་ཡི་ཐུགས་དམ་བསྐང་། །རྟགས་ཆད་མུ་བཞི་གནས་དག་པ། །ཁྲོ་མོ་བཞི་ཡི་ཐུགས་དམ་བསྐང་། །ཉོན་མོངས་དྲུག་པོ་གནས་དག་པ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །ཧཱ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཡོན་ཏན་མི་ཟད་ཐུགས་དམ་བསྐང་། །ཕྲིན་ལས་རྒྱན་གྱི་ཐུགས་དམ་བསྐང་། །ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་བསྐང་ངོ་། །གཉིས་པ་ནི། སྤྲོ་ཞིང་ནུས་ན་ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་ལྟར་བཤགས་པ་དྲུག་ཀའམ། བརྗོད་མེད་ཀྱི…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱ་ན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨ། ལྔ་པ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་ལ་གཉིས། བདག་ཉིད་འཇུག་པ་དངོས་དང་། ཞར་བྱུང་དུ་གཞན་རྗེས་སུ་འཛིན་པའོ། །དང་པོ་ལ་གཉིས། རང་གཞུང་ལྟར་རྒྱས་པར་འཇུག་པ་དང་། རིག་པའི་མེ་ཏོག་དོར་བས་མདོར་བསྡུས་ཏེ་འཇུག་པའོ།…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བྱ༔ རྒྱུད་སྦྱང་བ་ནི། ཨེ་མཿ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ཉིད་གུས་པས་སྐྱབས་སུ་མཆི༔ ཀུན་བཟང་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ།
      བའི་དོན་ལ་བརྩོན་པར་བྱ༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་གཟུང་༔ ཞེས་ལན་གསུམ་གྱིས་སྔགས་སྡོམ་བླངས་ལ། ཛཿཧཱུྃ་བྃ་ཧོཿ པྲ་བེ་ཤ་ཡ་ཕཊ༔ཅེས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་གྱུར། ཧཱུྃ་ཛཿཞེས་རྒྱལ་ཐེབས་ཀྱིས་རྡོ་རྗེས་དཀྱིལ་འཁོར་གྱི་ནང་དུ་ཁྲིད། དེ་ནས་དཀྱིལ་འཁོར་གྱི་ཁྱམས་ལ་གནས་པས་ཕྱག་དང་བཅས་ཏེ་མེ་ཏོག་འབུལ་…