Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 414 of 500
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      རླབས་ཐོད་བརྒལ་དུ་ཐོབ་པར་འགྱུར་བ་ལགས། དེ་ནས་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། སློབ་དཔོན་དང་དཀྱིལ་འཁོར་པ་ཐ་མི་དད་པའི་སོ་སོའི་ཐུགས་ཀ་ནས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ལྷ་སོ་སོའི་ཡ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      སྦྱོར་བཅས་སོ་སོར་རྗེས་ཟློས་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱི་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་གྱིས་མི་ཁྱབ་པ་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོག་པ་བསྐྱེད། དེ་ལྟར་ན་དེ་རྣམ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      ཤེས་བར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེ་འབར་བའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ནང་ལྟར་བླ་མ་སྐུ་གསུམ་ཐོ་བརྩེགས་སུ་བཞུགས་ཤིང་། རྩ་གསུམ་གྱི་ལྷ་ཚོགས་སྤྲིན་ལྟར་གཏིབས་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལས་མཛད་པའི་རི…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      བའི་རྣམ་འཕྲུལ་པདྨ་འབྱུང་གནས་ཀྱིས༔ བོད་འབངས་རྣམས་ལ་ཐུགས་རྗེས་བརྩེར་དགོངས་ཏེ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ སྡུག་བསྔལ་སྐྱོབ་ཕྱིར་གུ་རུས་དབང་བསྐུར་ན༔ སྐལ་ལྡན་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གུ་རུའི་ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་བརྩེ་བས་འདི་ཡི་ལམ་སྣ་དྲོང…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      གཏོར་ཟན་དངོས་སམ། མཐའ་སྐོར་གྱི་ཐེབ་ཀྱུ་ལྟ་བུ་དང་བདུད་རྩི་སྦྱར་ནས་སྦྱིན། མཐའ་རྟེན་འགྲོ་འདུལ་བཀྲ་ཤིས་ཚེའི་དབང་བསྐུར་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། འགྲོ་བའི་མགོན་པོ་པདྨ་ཚེ་དཔག་མེད༔ དུས་གསུམ་སངས་རྒྱས་ཚེ་བདག་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་བར་ཆད་སོལ༔ འཆི་མེད་རྡོ་རྗེའི་ཚེ་དབང་སྩལ་ད…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྤྲོད་ལ་མདའ་དར་གཡོབ་ཅིང་། ཧཱུྃ་ཧྲཱིཿ རྣམ་སྣང་ཡབ་ཡུམ་སོགས་ཚེ་འགུགས་བྱ། དངོས་གཞིའི་དབང་བསྐུར་བ་ལ། ཚེའི་འབྲང་རྒྱས་འདི་ཉིད་རྩ་གསུམ་ཚེའི་ལྷ་ཚོགས་རྣམས་མགོན་པོ་ཚེ་དཔག་ཏུ་མེད་པའི་རྣམ་པས་ཐོ་བརྩེགས་སུ་བཞུགས་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      འདུས་རྩ་བའི་བླ་མ་སོགས༔ རིག་འཛིན་ཚེ་ཡི་རྩ་བརྒྱུད་བླ་མ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་བརྩེར་དགོངས་ལ༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ བཛྲ་ཛྷཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཕྱག་གཡས་སུ་ཐབས་ཀྱི་རྫས་ཚེའི་རིལ་བུ་བྱིན་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      འོད་ཟེར་ཁ་དོག་ལྔ་ལྡན་དུ་འབར། ཉི་ཟླའི་གའུ་སྲུབ་མེད་པའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེའི་རྭ་རྣམས་སྟེང་དུ་མདུད་པ་ལ་གཟུངས་སྔགས་དམར་པོའི་ཐག་པས་ལན་གསུམ་དུ་བསྡམས་པས་རྡོ་རྗེའི་སྲོག་ལ་དབང་འབྱོར་ཞིང་། རྡོ་རྗེའི་རྭ་རྩེར་ཧཱི༔དམར་པོ་ལས་སྐྱེས་པའི་དབང་ཆེན་རྟ་མགྲིན་གྲི་ཐོད་འཛིན་པས་ཚེའི་གེགས་དང་བར་དུ་གཅོད་པ་ཐམས་ཅད་བསྲུང…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      མི་ཁྱབ༔ པདྨ་ཚེ་དཔག་མེད་མགོན་མྱུར་ཐོབ་ཤོག༔ ཅེས་དང་། གཞན་ཡང་ལས་བྱང་རྒྱས་འབྲིང་གང་རུང་གི་བཀྲ་ཤིས་སོགས་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་ཅིང་རྒྱུན་རིང་བར་བྱའོ། །དེ་ལྟར་དེ་རྣམས་ཀྱི་སྒོ་ནས་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      བསྔོ། དམ་ཅན་སྤྱི་གཏོར་ལྟར་སྲུང་མའི་གཏོར་འབུལ་དང་། དཀྱིལ་འཁོར་པ་ལ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་སོགས་ཀྱིས་མཆོད། ཧཱུྃཿཧྲཱིཿ ངོ་བོ་འོད་གསལ་སོགས་ཀྱིས་བསྟོད། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ཀྱི་མཐར། ཐོད་ཕྲེང་རྩལ་གྱི་ཛཔྲ་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྷཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་དངོས་གྲུབ་བླང་། …
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      བརྗོད་ཀྱིས་མཐའ་བརྒྱན་པས་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་བྱའོ། །ཞར་བྱུང་འཕྲོས་དོན་ཅུང་ཟད་བཤད་དེ་ལྟ་བུའི་དབང་འབྲིང་པོ་འདི་གཞུང་གཞན་དུ་བསྙེན་སྒྲུབ་རྣམ་གསུམ་གྱི་རྩ་བའི་དབང་ཞེས་ཀྱང་གསུངས་པས་འདི་ཙམ་ཐོབ་པས་བསྙེན་སྒྲུབ་ལས་སྦྱོར་ལ་དབང་བ་ཡིན་མོད། འགའ་ཞིག་འདི་རིགས་ཀྱི་དབང་འབྲིང་པོ་ཙམ་ཐོབ་པའམ་བསྐུར་བས་རྒྱས་བ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      བར་མ་གསུངས་པས་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་མོད། སྤྲུལ་པའི་གཏེར་སྟོན་ཆེན་པོས་དབང་འབྲིང་བསྡུས་གང་ལའང་སྐུ་གསུང་ཐུགས་དབང་བསྐུར་བ་ཕྱག་གཞེས་མཛད་པས་དེ་ལྟར་ན། དེ་ནས་དབང་དོན་གྱི་ཡེ་ཤེས་བརྟན་ཅིང་ནུས་ལྡན་དུ་བྱ་བའི་སླད་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ་སོགས་ནས། སྐལ་བ་དང་ལྡན་པར་བྱས་པ་ཡིན་ནོ། །ཞེས་པའི་བར་ག…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ།
      བའི་སྐྱེས་ཆེན་དམ་པ་དུ་མས་ཡང་དང་ཡང་དུ་གསུང་གིས་བསྐུལ་བའི་བཞེད་པ་བསྐང་ཕྱིར་ཉེར་མཁོ་མདོར་བསྡུས་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་འཇིག་རྟེན་གསུམ་དུ་ཁྱབ་ཅིང་རྟག་པའི་རྒྱུར་གྱུར་ཅིག། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། འདི་ནི་དབང་འབྲི…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ་བཞུགས་སོ། །
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      ན་མོ་གུ་རུ་པདྨ་ས་ཏཱ་ཡ། སྐུ་གསུམ་རིགས་འདུས་སྙིང་པོ་དོན་གྱི་གཏོར་དབང་བསྐུར་བའི་ཚུལ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་དབང་གི་ཆོ་ག །རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། གནས་དབེན་པར་དུས་ཁྱད་པར་ཅན་གྱི་ཚེ་སྟེགས་བུའི་དབུས་སུ་བླ་མའི་གཏོར་ཆེན་རྒྱན་སྤྲོས་གང་མཛེས། མདུན་དུ་སྨན་རག་གཏོར་གསུམ། མཐའ་སྐོར་དུ་མཆོ…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      འཛིན་གྱི་དབང་བླང་བའམ། རིག་པའི་མེ་ཏོག་དོར་བ་རྣམས་བྱ། དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་གཏང་། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་གྲུབ་རྗེས། ཆོས་བཤད་རྒྱས་བསྡུས་གང་རིགས་ཀྱིས་མཚམས་སྦྱར་ནས། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་ཞི…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      པོ་དོན་གྱི་གཏོར་དབང་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། །པདྨ་སེམས་གཙོ་ཁྱེད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། མགོན་པོ་དཔའ་བོར་སྐྱབས་གསོལ་ནས། ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ནས༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱ་ནྱཏཱ་སོགས་ཀྱིས་སྣོད་བཅུད་སྟོང་པར་སྦྱངས་ཏེ་ལྷ་བསྐྱེད་ཚིག་ལྷུག་པའི་སྒོ་ནས་བརྡ་རྒྱས་པར་སྤྲད་པའམ། ཡང་ན་གཞུང་རྩ་བ་ལྟར།…
      JKT014 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      སྐུ་གསུམ་རིགས་འདུས་ཟང་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ།
      ཀྱི་གནས་གསུམ་དུ་ཞུགས་ཤིང་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར་ཞིང་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཌ་དྲིལ་དང་བཅས་སྙན་པའི་དབྱངས་ཀྱིས། ཧྲཱིཿ ནུབ་ཕྱོགས་པདྨས་ཁེབས་པའི་སོགས་ལས་གཞུང་གི་སྤྱན་འདྲེན་དང་། རྩ་སྔགས་ཀྱི་མཐར། ཛྷཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ཡང་ཡང་བརྗོད་ཅིང་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན…