Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 444 of 500
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      མ ཧཱ སུ ཁ པ ནུ བྷ དྲ ནཱ མ བ ཛ ས ཏཱ ཡུ པཱ ས ནཾ སྱ གུ ར བེ པཱུ ཛ བི དྷི པ ར ཧི ཏ སྱ ཀ རྨ ཉྩ སཱ ཀ བི ཧ ར ཏི སྨ །། རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      བླ་མ་མཆོག་དང་དབྱེར་མེད་པའི། །བདེ་སྟོང་ཟུང་འཇུག་རྡོ་རྗེ་སེམས། །སྙིང་དབུས་ཐིག་ལེར་མཆོད་བྱས་ནས། །དེ་མཉེས་བྱེད་པའི་ཆོ་ག་དབྱེ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཡོ་བྱད་འདུ་བྱ་བ་དང་། ཆོ་གའི་སྦྱོར་བའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་གོང་དུ་དཀོན་མཆོག་གི་རྟེན་བཀྲམ་པའི་སྤྱན་སྔར་ད…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      ལས། དང་པོ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྐྱབས་ཡུལ་བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། འཁོར་བའི་འཇིགས་པ་སྐྱོབ་པའི་དམ་ཆོས་དང་། །རིག་གྲོལ་སྤོབས་པའི་འབྱུང་གནས་རྫོགས་སངས་རྒྱས། །གསུམ་ཀའི་བདག་ཉིད་རྩ་བ་གསུ…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      བཅའོ། །ལན་གསུམ། གསུམ་པ་ནི། ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་རྒྱ་མཚོ་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །ལན་གསུམ་གྱི་རྗེས། ཛཧཱུྃ་བཾ་ཧོ༔ སྐྱབས་ཡུལ་རྣམས་རང་ལ་ཐིམ། བཞི་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་སྤྱོད…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      རཀྵ་རཀྵ་ཧཱུྃ་ཞེས་མཚམས་གཅད། ལྔ་པ་ནི། ཨོཾ་ཨཱཧཱུཾ། མཆོད་པའི་དམ་རྫས་བརྟན་གཡོའི་དངོས་པོ་ཀུན། །ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ཡིས། །ནམ་མཁའ་མཛོད་ཀྱི་འཁོར་། ལོར་བྱིན་གྱིས་རློབས། །མཆོད་པའི་ཕྱག་རྒྱ་ཆེན་པོར་ལྷུན་རྫོགས་ཤོག །ཨོཾ་བཛྲ་ཨབྷཾ་ནས། ཤབྡ་ཨཱཿཧཱུྃ་དང་། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ། ལན་གསུམ་བརྗོད…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      ཁྲིར་། །རྩ་བའི་བླ་མ་རྡོ་རྗེ་མི་བསྐྱོད་པ། །སྐུ་མདོག་དཀར་གསལ་རྡོར་དྲིལ་ཡུམ་དང་འཁྲིལ། །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །རང་འོད་སྙེམས་མ་གྲི་ཐོད་འཛིན་པས་འཁྱུད། །ཞབས་གཉིས་རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །སྣང་སྟོང་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས། །ཐུགས་ཀར་རང་བཞིན་གཞི་ཡི་ཀུན་བཟང་ལ། །རིགས་ལྔ་ཡབ་ཡུམ་སེམས་དཔའ་…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      བཏབ་ལ་འདུན་པ་རྩེ་གཅིག་པས། ཨོ། སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གནས། །བདེ་མཆོག་བདེ་བར་གཤེགས་པ་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཛཧཱུྃ་བཾ་ཧོ༔ ཨེ་ཧེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧཱུཾ་ཞེས་སྤྱན་དྲང་། སྟོབས་ཀྱི་གླང་པོའི་ཁྲི་ལ་ཡང་དག་ངེས་…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      ཉྩ་ཧོཞེས་རྡོ་རྗེ་ཐལ་མོས་མཉེས་པར་བྱའོ། །གཉིས་པ་ཉེ་བར་བསྙེན་པ་ནི། བྱིན་རླབས་ཆར་འབེབས་དངོས་བརྒྱུད་བླ་མ་དང་། །གྲུབ་གཉིས་མཆོག་སྩོལ་ཡི་དམ་དཀྱིལ་འཁོར་ལྷ། །ཕྲིན་ལས་མངའ་བདག་མཁའ་འགྲོ་ཆོས་སྐྱོང་སོགས། །སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་ཡེ་ཤེས་སྐུ། །རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་སེམས། །རིགས་ཀུན་འདུས་པའི་བདག་ཉིད་ཆེན་པ…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      རྣམ་གསུམ་མངོན་བྱས་ཏེ། །རླུང་ཡིད་ཤེས་བྱའི་སྒྲིབ་པ་དྷཱུ་ཏིའི་དབྱིངས། །གཅིག་ཅར་བཅོམ་ནས་དགའ་མཆོག་ཁྱད་པར་གྱི། །དཔེ་དོན་ལྷན་སྐྱེས་ཡེ་ཤེས་མཐོང་སྒོམ་ལམ། །སློབ་པ་མིན་པ་ཡེ་ཤེས་བླ་མའི་དབྱིངས། །བདེ་གཤེགས་ཁམས་ཀྱི་ཡོན་ཏན་མཐར་ཕྱིན་སྩོལ། །ཨོཾ་ཨཱནྟགུ་རུ་བཛྲ་ས་ཏྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་མོས་གུས་གདུང་བའི་ངང་ནས…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      བར་འགྱུར་ལ། ཐུན་གྱི་གཤམ་དུ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའང་ཅི་ནུས་སུ་བཟླའོ།། །།གསུམ་པ་བསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ་ནི། ཐོག་མར་རང་དང་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་སོགས་ལས་རིམ་ལ་འཇུག་པར་གྱུར་པའི་མོས་པས་ཕྱག་འཚལ་བ་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀ…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །མཛེས་མའི་སྐུ་མཆོག་འགྲོ་བ་སྒྲོལ་ལ་མཁས། །ངོ་མཚར་ཕོ་བྲང་བདེ་བར་གཤེག…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      གི་སྐུར་སྟོན་པ། །ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །བཅོམ་ལྡན་ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོས་པས་ལོངས་སྤྱོད་མཛད་ལ་ ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །སྲིད་གསུམ་དབྱིངས་སུ་སྒྲོལ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དང་ཤེས་རབ་འབ…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      གཉིས་པ་ནི། རང་གི་སྙིང་ག་ནས་རྡོ་རྗེའི་རིག་མ་བཅུ་དྲུག་ནམ་མཁའ་གང་བར་སྤྲོས་ཏེ་བདེ་བ་ཆེན་པོའི་ལོངས་སྤྱོད་རྣམ་པ་ཐམས་ཅད་པས་མཆོད་པར་གྱུར་པའི་མོས་པས། སྟོང་པའི་ཡེ་ཤེས་དགའ་བར་རྗེས་ཆགས་གཟུགས། །རྡོ་རྗེ་པི་ཝཾ་གླིང་བུ་རྔ་ཐབས་བཟུང་། །རིག་གདངས་ཆོས་ཉིད་མངོན་སུམ་མཆོད་སྤྲིན་གྱིས། །སྣ་ཚོགས་སྒྱུ་འཕྲུལ་སྤྲུལ་པའི་དཀྱིལ་འཁོ…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      གྱི་མཆོད་སྤྲིན་གྱིས། །དབྱེར་མེད་ངོ་བོ་ཉིད་སྐུའི་དཀྱིལ་འཁོར་མཆོད། །ཨོཾ་ཨཱབཛྲ་རཱུ་པ་ཧཱུཾ། ཨོཾ་ཨཱཋབཛྲ་རཱ་ས་ཏྭཾ། ཨོ་ཨཱབཛྲ་སྤུནེ་ཧི༔ ཨོཾ་ཨཱབཛྲ་དྷརྨཱ་དྷ་ཏུ་ཨཱཿ ཞེས་མཆོད། གསུམ་པ་ནི། །ཨོཾ། ཕུང་ཁམས་དྭངས་མ་དྲ་བར་སྡོམ་པའི་དབྱིངས། །བདེ་ཆེན་མཆོག་གིས་དགྱེས་པའི་དམ་ཚིག་ནི། །བྱང་ཆུབ་སེམས་མཆོག་པཉྩ་ཨ་མྲྀ་ཏས། །བླ་མ་དཀྱ…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཛྙཱ་ན་དྷ་ཏུ་བོ་དྷི་ཙིཏྟ་ཨ༔ གསུམ་པ་བཤགས་པ་ནི། ཐལ་མོ་སྦྱར་བས་བཏུད་དེ། སྤྲོ་ན་རུ་དྲའི་སྨེ་བཤགས་སོགས་ཇི་ལྟར་རིགས་པ་དང་། གང་ལྟར་ཡང་། དྲན་པས་སྲིད་ཞིའི་གདུང་བ་ཀུན་སེལ་བའི།། ཕ…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་། །སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་། །དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ། །བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ། །བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས། །སྙན་ཁུངས་བརྒྱུད་ནས་སེམས་ཀྱི་ད…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། བྱང་ཆ…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      ན་བཤགས་པའི་རྒྱལ། །ཞེས་བརྗོད་ཅིང་འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་གཞག །བཞི་པ་རྗེས་སུ་ཡི་རང་བ་སོགས་ཡན་ལག་ལྷག་མ་རྣམས་ནི། རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས་དཔའ་དང་། །འཕགས་གཉིས་སོ་སོ་སྐྱེ་བོ་མ་ལུས་པའི། །དུས་གསུམ་དགེ་བ་བགྱིས་དང་བགྱིད་སྩལ་དང་། །བགྱིད་པར་འགྱུར་བ་ཀུན་ལ་རྗེས་ཡི་རང་། །གློ་བུར་ཉོན་མོངས་དང་ལྡན་…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་བཅས་ལྷག་པའི་བསམ་པ་བརྟན་པོས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱ…
      JKT015 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
      ཨོ་གུ་རུ་བཛྲ་ས་ཏྭ་སྭ་ཨ་བྷི་ཥིཉྩམི། ཞེས་གསུང་ཞིང་དབང་བསྐུར་བས་བདེ་བ་ཆེན་པོའི་བདུད་རྩིས་ལུས་ཀྱི་ནང་ཐམས་ཅད་གང་། ཐ་མལ་སྣང་ཞེན་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོར་སྨིན་པར་བྱས། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱ…