Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 463 of 500
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་བྱ་ཚུལ་འཆི་མེད་རྟག་པའི་བཅུད་ལེན།
      ཧཱུྃ་ཡིག་གིས་མཚན་པར་བསམས་ལ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ནས་ལྕེ་ཐོག་ཏུ་གཞག །སྤྲོ་ན། ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱིས་ཧཱུྃ་བསྒོམས་ཏེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱངས་ན་དངོས་གྲུབ་མཆོག་ཐོབ་འགྱུར། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་སིདྡྷི་ཨོ། ཝཱ་ཀ་སིདྡྷི་ཨཱ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      ན་མཤྲཱི་གུ་ར་བེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །བརྟན་གཡོ་ཀུན་ལ་ཁྱབ་པའི་ཧེ་རུ་ཀ །དཔལ་ལྡན་རྡོ་རྗེ་སེམས་དཔས་དགེ་ལེགས་མཛོད། །དེ་ལ་འདིར་སུ་པྲ་ཏིཥྛའི་སྒྲ་ལས་དྲངས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཚད་མེད་པའི་ཕྲིན་ལས་ཀྱིས་སྤྲུལ་པའི་གཟུགས་བརྙན་སྐུ་གསུང་ཐུགས་ཀྱི་རྟེན་དམ་ཚིག་པ…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      གྲུབ་པའི་སློབ་དཔོན་རྣམས་ཀྱིས་ལེགས་པར་བཀྲལ་བའི་ཚུལ་ལས་མདོར་བསྡུས་པ་ཙམ་ཇི་ལྟར་བྱ་བ་ལའང་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་རྟེན་གྱི་མདུན་སོགས་སྐབས་ཕྱེད་པར། གང་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཡོ་བྱད་དང་། བུམ་པ་གཉིས། བྱེ་བྲག་ཏུ་རབ་གནས་ལ་དགོས་པའི་མངའ་དབུལ་གྱི་མཎྜལ། ཙཱ་རུའི་བཟའ་…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      སྤྲོ་བསྡུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། རྩ་སྔགས་ཀྱི་ཤམ་བུར་དབྱངས་གསལ་རྟེན་སྙིང་སུ་པྲ་ཏིཥྛ་རྣམས་སྦྲེལ་བ་ཅི་ནུས་བཟླ། དེ་བཞིན་དུ། །ལས་ཐམས་ཅད་ཀྱི་བུམ་པར་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐད་ཅིག་གིས་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱ…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      སྤྱན་དྲང་། ཨོཾ་བཛྲ་ཀྲོ་དྷ་ར་ཛ་ས་པ་རི་ཝཱ་ར་ཨརྒྱུ་སོགས་ནས། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིང་། །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨོཾ་སུམྦྷ་སོགས་བརྗོད་ཅིང་། ཡུངས་དཀར་གྱིས་བྲབ།…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དང་། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོ་བཛྲ་གྷནྡྷེ་སྭཱ་ཧཱ། ན་བཟའ་འབུལ་ལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་འབུལ་བར་བགྱི། །ཨོཾ་བཛྲ་ཝས་ཡེ་པྲ…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྱག་མཚན་རྣམས་གླང་པོས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་ད…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱལ་ཚབས་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་དཀར་སྟབས་གཤེགས་ལྷུམ་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། ཨཱདཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷ་ཝ་ཨཱ་ཏཱ་ཀོཉ་ཧཾ། ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེང་ཞིང་རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་པར་བསམ། བཀྲ་…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྱུ་སོགས་ནས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བརྒྱད་པ་སྤྱན་དབྱེ་བ་ནི། གསང་ཐུར་གྱིས་དབྱེ་བའི་ཚུལ་དང་བཅས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྤྱན། །སེམས་ཅན་དོན་དུ་…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      ཞལ་ཟས་རོལ་མོ་སོགས། །ཀུན་བཟང་རྣམ་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ན་ས་མ་ཡེ་ཧཱུྃ། དེ་བཞིན་ཏུ་ཤསྔའི་བར་སྦྱར་བས་ཉེར་སྤྱོད། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གྷནྡྷེ་སྭཱ་ཧཱ། ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པ…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      སྤྱོད་པར་ཤོག །ཅེས་པས་འབུལ། བཞི་པ་སྔགས་ཀྱིས་མངའ་འབུལ་བ་ནི། རྟེན་རྣམས་ལ་གཟུངས་ཐག་སེར་པོ་བཏགས་པའི་སྣེ་མོ་ནས་སློབ་དཔོན་གྱིས་བཟུང་ཞིང་། གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར། ཅེས་བརྗོད་ཅ…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་པ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོ…
      JKT016 · འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
      རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།
      འཆད་པར་འབྱུང་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། གསུམ་པ་དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི་ལས་གཞུང་ལྟར་བྱའོ། །བཞི་པ་ཡོན་བདག་བསྒོ་པ་ནི། བཀྲ་ཤིས་པའི་རྫས་དང་མཆོད་པའི་ཡོ་བྱད་རྣམས་འདུ་བྱས་ནས་ཡོན་བདག་ཉེ་ལོགས་སུ་སྟན་བཟང་པོ་ལ་འཁོད་པར། བདེར་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་ཅི…