Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      161 results — page 3 of 9
      CMR018 · ཀརྨ་ཆགས་མེད།
      ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།
      སྤྲུལ་པ་མི་ཡི་ལུས་སུ་གྱུར་པ་དང་། བདུད་མ་ཡིན་ཀྱང་བདུད་སྙིང་ལ་ཞུགས་པའི་མི་སྟོབས་མངའ་ཐང་ཆེ་བ་དག་གིས་སྤྱིར་བསྟན་པ་དང་སེམས་ཅན་ཁྱད་པར་ཆོས་སྒྲུབ་པ་དང་རྣལ་འབྱོར་པ་རང་ཉིད་ལའང་གནོད་འཚེ་དང་བར་ཆད་བྱེད་ཉེན་ཆེ་བས། དེའི་གནོད་པ་ཞི་ཞིང་མི་འབྱུང་བའི་ཐབས་ནི་འཛོམ་ན་མཆོད་པ་སྤྱི་ལྟར་ལེགས་པར་བཤམ། དམར་གཏོར་གཅིག་ཀྱང་བཤམ། མ་…
      CMR018 · ཀརྨ་ཆགས་མེད།
      ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།
      པར་བྱའོ༔ སྐད་ཅིག་དྲན་རྫོགས་སུ་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་རང་ཉིད་ཁྲོས་མ་ནག་མོ་གཡས་གྲི་གུག་གཡོན་ཐོད་ཁྲག་གྲུ་མོ་ན་ཁ་ཊཾ་ག་བཅུག་པ༔ སྤྱི་བོ་ན་ཕག་ཞལ་ངུར་པ༔ གར་སྟབས་འཁྱུག་པ༔ ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ༔ ལྷོར་རིན་ཆེན་མཁའ་འགྲོ༔ ནུབ་ཏུ་པདྨ་མཁའ་འགྲོ༔ བྱང་དུ་ལས་ཀྱི་མ…
      CMR018 · ཀརྨ་ཆགས་མེད།
      ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།
      ཨཱཿཨོཾ་གསུམ་བརྩེགས་པ་རིམ་བཞིན་ཞུ་བས་བདུད་རྩི་མཐིང་དམར་དཀར་པོས་ཁེངས་པར་གྱུར༔ ཨོཾ་ཨཱཙྪཧཱུྃ་ཧ་ཧོ་ཧི༔ ཐོད་པའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་སྟེང་དུ་པདྨ་འདབ་བཞི་ཉི་ཟླའི་སྟེང་དུ་ཨཱཧ་རི་ནི་ས་ལས་འོད་འཕྲོས་བདུད་ཐམས་ཅད་བཅོམ༔ ཁྲོ་བོ་ཁྲོ་མོའི་ནུས་པ་བསྡུས་ཡོངས་སུ་གྱུར་པ་ལས༔ དབུས་སུ་ཁྲོས་མ་ནག་མོ༔ ཤ…
      CMR018 · ཀརྨ་ཆགས་མེད།
      ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།
      སྒྱུར༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་སོགས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རང་གི་ཐུགས་ཀར་ཐིམ༔ དམ་ཚིག་པ་འོད་དུ་ཞུ་བ་བདུད་རྩི་ལ་ཐིམ༔ ཡེ་ཤེས་ཀྱི་བདུད་རྩི་དེ་གང་གིས་མྱོང་བ་ཐམས་ཅད་བླ་མེད་བདེ་ཆེན་སངས་རྒྱས་ཀྱི་སར་འགོད་ནུས་པའི་རང་བཞིན་ཅན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་…
      CMR018 · ཀརྨ་ཆགས་མེད།
      ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།
      ཀྱིས་མཁའ་འགྲོ་མ་རྣམས་ཁོའི་ལྕེའི་དབང་པོ་ལ་ཐིམ་པས༔ རོ་མྱང་བས་ཤེས་པ་བསྒྱུར༔ གནོད་བྱེད་གདུག་པའི་བསམ་པ་ཞི་ནས་ཕན་བདེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས༔ བདག་གི་མངའ་རིས་སུ་གྱུར་ནས་བཀའ་ཉན་པར་བསྒོམ་ཏེ༔ དམིགས་པ་གསལ་བར་ནན་ཏན་དུ་བྱའོ༔ དེ་ལྟར་དུ་འགྱུར་རོ་གསུངས་སོ༔ གཏོར་མ་ལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃ༔ ཨོཾ་བཛྲ་བྷ་ར་ཧི་…
      CMR018 · ཀརྨ་ཆགས་མེད།
      ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།
      ཀྱང་དོན་འགྲུབ་ངེས་པས༔ སྤྲུལ་སྐུའི་ཐུགས་དམ་བྱ་ཕྱིར་རཱ་ག་ཨ་སྱས་བསྒྲིགས་པ་སྟེ། འདི་ནི་དགྲ་མནན་སོགས་དང་མི་འདྲ་བར་ཕ་རོལ་པོ་ལ་མི་གནོད་ཅིང་རང་ལའང་ཕན་པ་ཁུངས་བཙུན་ཕུགས་ཆེའོ། སློབ་མ་དམ་ལྡན་མ་གཏོགས་མ་སྤེལ་བཀའ་རྒྱའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁ…
      CMR018 · ཀརྨ་ཆགས་མེད།
      གཏོར་བསྔོས།
      ཕུད་གཏོར་ལ་ཚོགས་ཀྱི་ཕུད་གཏོར་མའི་ནང་དུ་བླུགས་ནས། དཀྱིལ་འཁོར་གྱི་ལྷ་ལ་འབུལ་བ་ནི། གཏོར་མ་ལྔ་པོ། ཨོཾ་ཨཱབིགྷན་ཏ་ཀྲྀ་ཏ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་། གྱུར༔ སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སོགས། ཨོཾ་ཨཱཿཧཱུྃ་གི་བར་སྔགས་ལྟ་བུས་བྱིན་གྱིས་བརླབས་ལ། ཝེ་ཕེ་ཕོ། ཞེས་པས་གཏོར་མགྲོན་དུ་རྡོ་རྗེ་རྣལ…
      CMR018 · ཀརྨ་ཆགས་མེད།
      གཏོར་བསྔོས།
      ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་པ་ལས་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་མ་ལུས་སྐེམ་ཞིང་ཕམ་མཛད་མ། །སྐྱེ་གནས་འབྱུང་བ་ཀུན་གྱི་རང་བཞིན་གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད༔ ཅེ…
      CMR018 · ཀརྨ་ཆགས་མེད།
      གཏོར་བསྔོས།
      ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི་། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། …
      CMR018 · ཀརྨ་ཆགས་མེད།
      ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།
      ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད་བཞུགས་སོ། །
      CMR018 · ཀརྨ་ཆགས་མེད།
      ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།
      ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཧཱུྃ། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །མ་གཅིག་ཁྲོས་མའི་ལྷ་ཚོགས་དབྱིངས་ནས་བཞེངས། །གནོད་བྱེད་གདོན་བགེགས་ཐལ་བ་རྡུལ་དུ་རློགས། །ལན་གསུམ་རྡོ་བཀྲབ་ཅིང་། ཧཱུྃ། ཡུམ་ཆེན་ཁྲོས་མའི་རྡོ་བྱུང་གང་ནས་བྱུང་། གང་དགོས་ཁ་བསྒྱུར་མཆན། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་པ་ཆགས་པའི…
      CMR018 · ཀརྨ་ཆགས་མེད།
      ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།
      རྡོ། །ཟ་འདྲེ་ཤི་གཤེད་འདུལ་བྱེད་དབང་གི་རྡོ། །དྲེགས་པ་དགྲ་བགེགས་ཚར་གཅོད་དྲག་པོའི་རྡོ། །དུག་ལྔ་དུག་གསུམ་འཇོམས་བྱེད་སྣ་ཚོགས་རྡོ། །ཧཱུྃ། དང་པོ་རྡོ་བྱུང་གང་ནས་བྱུང་། །ཕྱོགས་བཞི་སྟེང་གི་འཇིག་རྟེན་ན། །ཤར་ཕྱོགས་བདེ་ཆེན་དཀར་མོ་ནི། །ཁྲོས་པའི་ཆ་བྱད་དཀར་ནག་འབུམ་གྱིས་བསྐོར། །ལྷོ་ཕྱོགས་སེར་མོ་དོན་འགྲུབ་མ། །ཁྲོས་པའ…
      CMR018 · ཀརྨ་ཆགས་མེད།
      ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།
      བྱད་ལྗང་ནག་འབུམ་གྱིས་བསྐོར། །ཐམས་ཅད་ཞལ་གདངས་མཆེ་གཙིགས་རྐན་སྒྲ་རྡེབས། །འཇིགས་པའི་འཆམ་རྔམ་མེ་དཔུང་ཀློང་ན་འགྱིངས། །ཞི་རྒྱས་དབང་དྲག་ལས་རྣམས་འགྲུབ་པའི་རྡོ། །བདག་དང་ཡོན་བདག་འདི་དག་ལ། །སྟེང་གི་ལྷ་གདོན་འདུལ་བའི་དུས་ལ་བབ། །འོག་གི་ཀླུ་གདོན་འདུལ་བའི་དུས་ལ་བབ། །བར་གྱི་སྡེ་བརྒྱད་འདུལ་བའི་དུས་ལ་བབ། །སྡང་བྱེད་དགྲ་…
      CMR018 · ཀརྨ་ཆགས་མེད།
      ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།
      འབྱུང་པོའི་སྟེང་དུ་ཤ་ར་ར། །མོ་གདོན་སྲིན་མོའི་སྟེང་དུ་ཤ་ར་ར། །དྲི་ཟ་གཤེད་འཁྱམ་སྟེང་དུ་ཤ་ར་ར། །ཚེ་ལེན་སྲོག་གཅོད་སྟེང་དུ་ཤ་ར་ར། །ཟ་འདྲེ་ཤི་། བདུད་སྟེང་དུ་ཤ་ར་ར། །གོད་འདྲེ་བླ་འཁྱམས་སྟེང་དུ་ཤ་ར་ར། །དབུལ་འདྲེ་བསེ་རག་སྟེང་དུ་ཤ་ར་ར། །ཤི་འདྲེ་ཤི་བདུད་སྟེང་དུ་ཤ་ར་ར། །ནད་འདྲེ་གདོན་བགེགས་སྟེང་དུ་ཤ་ར་ར། །གོད་འདྲ…
      CMR018 · ཀརྨ་ཆགས་མེད།
      ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།
      མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་ཡི་དམ་ཁྲོས་མ་ལྷ་ལྔ་འཁོར་དང་བཅས་པའི་བདེན་པའི་མཐུས།། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི། སྟེང་གི་མི་ལ་གནོད་པ། སྒོ་ཡི་ཞིང་ལ་གནོད་པ། ཕོ་ཤི་གྲི་བོའི་གནོད་པ། མོ་ཤི་གྲི་མོའི་གནོད་པ། བན་ཤི་རྒྱལ་འགོང་གནོད་པ། ཁྱད་པར…
      CMR018 · ཀརྨ་ཆགས་མེད།
      ཁྲོས་མ་ལྷ་ལྔའི་སྒོ་ནས་རྡོ་བསྐུལ་གནམ་ལྕགས་ཐོག་མདའ་ཟ་འདྲེ་ཚར་གཅོད།
      ཟོར་དེད། །ཁྱི་འབྲུག་གླང་ལུག་ཤི་བའི་གཤེད། །སྟག་ཡོས་ལོ་པས་ཚེར་ལྕག་དེད། །བྱི་ཕག་ལོ་པ་ཤི་བའི་གཤེད། །མཚམས་བཞི་ལོ་པས་ས་གཏོར་དེད།། །།དེ་དག་རྟ་མགྲིན་དང་འབྲེལ་གཏོ་བཅོས་རཱ་གའི་ལུགས་དགེའོ།། །། ༄༅། །ཧཱུྃ། ང་ནི་ཁྲོས་མ་ནག་མོ་སྟེ། །དྲག་པོ་འཕྲུལ་གྱི་མེ་ཟོར་འདི། །སྟེང་གི་ལྷ་ལ་ཟོར་མི་འཕེན། །འོག་གི་ཀླུ་ལ་ཟོར་མི་འཕེན། …
      CMR018 · ཀརྨ་ཆགས་མེད།
      ཉང་གཏེར་ཁྲོས་མ་ནག་མོའི་སྒོ་ནས་བགེགས་བསྐྲད།
      ཉང་གཏེར་ཁྲོས་མ་ནག་མོའི་སྒོ་ནས་བགེགས་བསྐྲད། ཨ་རཱ་གའི་གསུང་བཞུགས་སོ། །
      CMR018 · ཀརྨ་ཆགས་མེད།
      ཉང་གཏེར་ཁྲོས་མ་ནག་མོའི་སྒོ་ནས་བགེགས་བསྐྲད།
      ཕཊ༔ རང་ཉིད་སྐད་ཅིག་གིས་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་འཛིན་པ། ཁ་ཊཾ་ག་ཐུགས་ཀར་གཏད་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། རལ་པ་དམར་ནག་སྤྲིན་ལྟར་གཏིབས་པ། ཐོད་སྐམ་ལྔས་དབུ་ལ་བརྒྱན་པ། སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་གྱེན་དུ་ངུར་བ། རོའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་ཚུལ…