Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      107 results — page 4 of 6
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      གྲོལ་དུ་འགྲོ་འདུག་པ་ཡིད་ཆེས་པ་ཞིག་བྱུང་ཡང་། གོང་དུ་གང་ཤར་གྱི་ངོ་བོ་ལ་བལྟ་བ་དེ་ཅུང་ཞིག་བཅོས་མར་སོང་འདུག་སྙམ་པ་བྱུང་། ཡང་མ་ཡེངས་ངང་ནས་རྣམ་རྟོག་གང་སྐྱེས་ཀྱང་སྐྱེས་པ་ཉིད་ནས་ངོ་བོ་རང་སྟོང་དུ་འདུག་པས་གནོད་མི་ནུས་པར་གདའ་ཞུས་པས། ཐ་མལ་གྱི་ཤེས་པ་ལ་ངེས་ཤེས་སྐྱེས་པ་དེ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན། གང་ཤར་ལ་ངོ་ལྟ་…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      སྨྱོ་རྒྱུའི་སྲོག་རླུང་དེ་ཡིན། འདི་དད་པ་ཅན་ཆོས་ལ་སེམས་འདུས་པ་ཟེར། ཧ་ཀྱང་བརྩོན་འགྲུས་ཆེ་དྲག་པའི་སྐྱོན་ཡིན། དེ་རེ་ཞིག་ལུས་ངག་ཡིད་གསུམ་ངལ་བསོ་བ་ལྟ་བུ་ཞིག་གྱིས། སེམས་ཡང་རྒྱ་ཡན་དུ་ཐོངས་ལ་རྒྱང་སྲུང་འདྲ་བ་ཞིག་གྱིས། འོན་ཀྱང་སྙིང་གཟེར་མཁན་དེ་དང་པོ་གང་ནས་བྱུང་། བར་དུ་གར་གནས། ཐ་མ་གང་དུ་འགྲོ་ལན་གཅིག་གཉིས་རྩད་ཆོད…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      བསལ་བར་བསྒོམ། དམིགས་པ་འདི་དག་གི་ཚེ་རང་ལྷར་མི་བསྒོམ་པ་མ་གཏོགས་སེམས་ངོ་དང་བསྙེན་པ་སྔར་མོས་ལྟར་ཆོག་གསུངས། ༈ ཡང་ཡེངས་སོགས་སྐབས་དྲན་པས་ཟིན་ཙམ་ནས་ངོ་བོ་ལྷང་ངེར་འདུག་པ་ལས་ཐ་མལ་དུ་འཁྲུལ་མ་སོང་བས་ཡེངས་བའི་སྐྱོན་དུ་མི་འགྱུར་རམ། ཡུལ་སྣང་ལ་སྟོང་འཛིན་དང་ཨ་འཐས་ཀྱི་བློ་མི་འཇུག་པ་ནི་གོང་དང་འདྲ་འདུག་ཞུས་པས། ཡེངས་སོག…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      གི་སེམས་དང་བར་དུ་རྣལ་འབྱོར་གྱི་ཉམས་སྣང་ལ་བཟང་ངན་དང་བར་མའི་འདུ་ཤེས་མེད་པར་འཁོར་འདས། རང་གི་ཉམས་ལེན་གྱི་སྟེང་དུ་ཕྱལ་གྱིས་སོང་འདུག །ཡུལ་སྣང་འདི་དག་ཀྱང་རང་ག་རྨི་ལམ་དུ་གཟུགས་ཀྱི་རྣམ་པ་མ་འགགས་པ་ཤར་ཀྱང་དོན་ལ་དངོས་པོར་མ་གྲུབ་པ་སྟོང་ནས་ཐག་ཆོད་པས་རིག་པ་ནང་དུ་མ་ལུས་པ་ཕྱི་ནང་དབྱེར་མེད་འདྲ་བ་ཞིག་བྱུང་། སྐབས་སུ་དེ…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      བ་འཁོར་འདས་དབྱེར་མེད་ཀྱང་ཡིན་ནོ། །འདིའི་ངང་ནས་བསྔོ་བ་བྱས་ན་འཁོར་གསུམ་ཡང་དག་ཏུ་འགྱུར་བ་ཡིན། ཤུགས་འབྱུང་གི་སྣང་བ་ཆུ་ཟླ་ལྟར་མཐོང་བ་དེ་ཉམས་ཀྱི་རོ་གཅིག་ཡིན་ཡང་། འབྲུག་པ་རྣམས་ཀྱིས་འདི་ལ་རོ་གཅིག་ཏུ་ངོ་སྤྱོད་པ་རེད། དེ་དག་སྐྱོན་སེལ་རྒྱུ་དང་བོགས་འདོན་རྒྱུ་རང་ཆེར་མེད་དེ། ཉམས་ལ་མཐོ་དམན་མང་པོ་འོང་བས། མཐོ་དུས་དེ་…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      གཅིག་མ་ཡིན་པར་ནན་ཏན་དུ་བསྒོམ་དང་རྡོ་རུས་འཕྲོད་པར་འོང་བ་ཡིན་གསུངས། ༈ སྤྱོད་ལམ་རྣམ་བཞིའི་སྐབས་སུ་ཡེངས་སོང་ཡང་། ངོ་བོ་ལ་ཡེངས་མ་ཡེངས་བཟང་ངན་ཁྱད་མི་འདུག་སྙམ་ནས་ཞུས་པས། དོན་ལ་དེ་ཀ་ལྟར་རེད་པས་ཡེངས་བྱ་བ་མེད་གསུངས་པ་ལྟར་རོ། །ཡེངས་པ་དང་མ་ཡེངས་གཉིས་ངོ་བོ་ལ་བཟང་ངན་མེད་པར་རྟོགས་པ་མཉམ་རྗེས་འདྲེས་པར་རྩི། ལར་ལོ་གཅི…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      ཡང་ཆོས་དབྱིངས་ཟེར་བ་འདི་འཁོར་འདས་ཐམས་ཅད་ལགས་སམ། འོག་མིན་ལ་རིགས་མང་དུ་འདུག་ན་དོན་དམ་པར་གང་ལ་ངོས་འཛིན་ཞུས་པས། ཆོས་དབྱིངས་འཁོར་འདས་ཐམས་ཅད་ལ་ཟེར། འོག་མིན་ལ་རིགས་གསུམ་ཡོད་དེ། དོན་དམ་པའི་འོག་མིན་ནི་རྣལ་འབྱོར་པ་ལྟ་སྒོམ་མཆོག་ཏུ་གྱུར་པ་དེ་གར་བཞུགས་ཀྱང་འོག་མིན་ཡིན། འཇིག་རྟེན་གྱི་འོག་མིན་ནི། འཇིག་རྟེན་འདིའི་སྟ…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      ཞུས་པས། རླུང་བཟུང་བས་སེམས་ཟིན་པ་ནཱ་རོ་པའི་ལུགས་ཆོས་དྲུག་ཡིན། དེ་ལ་གེགས་མང་བས་ལམ་དུ་འགྲོ་དཀའ། དེས་སེམས་བཟུང་བས་རླུང་ཟིན་པ་ས་ར་ཧའི་ལུགས་ཕྱག་ཆེན་ཡིན་པས་དེ་ལ་གེགས་མེད། ངོ་བོ་བསྐྱངས་བས་རླུང་དབུ་མར་རང་བཞིན་གྱིས་ཚུད་འགྲོ་བས་ལུས་གནད་མི་འཛིན་ལྷུག་པར་བཞག་པ་ཟབ་གསུངས། སྔར་དྲུང་པ་གོང་མ་ལ་ཐུགས་རླུང་ཐུ་མོ་བྱུང་ནས་…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      དམིགས་པ་བྱེད་ཅིང་ཡོད་པས་འགལ་ལམ་ད་ནི་དེ་དག་བཞག་ནས་ཐུ་དྲག་གང་བྱུང་དཀོན་མཆོག་ཐུགས་རྗེར་བལྟ་བར་བྱའམ་ཞུས་པས། ད་དུང་དྲུངཔ་སོགས་གྲུབ་ཐོབ་གོང་མ་རྣམས་ཀྱི་སྟངས་ནི་མི་འོང་། ལྷུན་གྲུབ་རབ་འབྱམས་སོགས་འབྲུག་པའི་རྟོགས་ལྡན་འགའ་རེས་དང་པོ་རོ་སྙོམས་བྱས་པ་མ་འཁྱོང་ནས་ཕྱིས་སྨན་དང་གཏོ་སོགས་བྱེད་དགོས་བྱུང་ཐལ། ལར་ཡང་འུ་བུ་རོ…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      པས། དེ་འཆི་བ་ཆོས་སྐུར་འཚང་རྒྱ་བ་ཡིན་པར་བཤད། དོན་གྱི་མཁའ་སྤྱོད་ཀྱང་ཡིན་གསུངས། ༈ དེ་ལ་མཚན་དཔེ་ཅན་གྱི་གཟུགས་སྐུའི་རྣམ་པ་ཡོད་དམ་མེད་ལགས་ཞུས་པས། གཞན་ལས་དང་སྐལ་པར་ལྡན་པས་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུར་མཐོང་བ་ཡིན་གྱི། མཚན་དཔེ་ནི་ཀུན་རྫོབ་ཡིན་པས་འཁོར་ལོས་སྒྱུར་རྒྱལ་ལའང་ཡོད་དེ། སངས་རྒྱས་མིན་པའི་ཕྱིར་རོ…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      ལུགས་སྨྲ་རྒྱུ་མེད། འོན་ཀྱང་རྒྱལ་བའི་དབང་པོའི་ཁྲིད་ཀྱི་རྩ་ཚིག་ནས་གསུངས་པ་འདི་ངའི་སྙིང་ལ་འཆང་བ་ཡིན་པས། རྩེ་གཅིག་ཆུང་འབྲིང་ཆེ་གསུམ་ཚོགས་ལམ་དང་སྦྱོར་ལམ་གྱི་སྐབས་སྤྲོས་བྲལ་གསུང་མཐོང་ལམ་གྱི་སྐབས། རོ་གཅིག་གསུམ་དང་སྒོམ་མེད་འབྲིང་གི་བར་སྒོམ་ལམ་གྱི་སྐབས། སྒོམ་མེད་ཆེན་པོ་ནི་རྫོགས་པའི་སངས་རྒྱས་ཀྱི་ས་ཡིན་པར་གསུང…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      པའམ་བསྐྱེད་རིམ་གསལ་ངོས་ནས་ཡིད་བཟླས་བྱས་པ་གྲངས་སུ་རྩི་ཆོག་སྟེ། ལྕེ་འགུལ་ཙམ་ཡང་མི་དགོས། ཡིད་བཟླས་འདི་བཟླས་པའི་མཆོག་ཡིན། ཉམས་ལེན་བསྐྱེད་རིམ་གང་རུང་དང་མ་ལྡན་ན་འབྲུ་མི་གསལ་བའི་ཡིད་འདོན་དེས་གོ་མི་ཆོད་དེ། རྟའི་མ་ཎི་ཟེར་བ་ལྟར་རོ།། ༈ ཡང་བཀའ་བརྒྱུད་གོང་མ་རྣམས་ཀྱིས་གཉུག་མ་རབ་རིབ་ཙམ་རྟོགས་ཀྱང་ལྟ་བའི་གོ་ཆ་དང་མི་…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
      གསུངས། ཞེས་པ་འདི་དག་སཾ་ཊར་ཕུལ་བའི་ལན་གསུངས་པ་རྣམས་བརྗེད་པར་འཕང་ནས་ཐེ་ཚོམ་མེད་པར་བཀོད་ཡོད་པ་འདི་དག་དཔེ་ཆར་བཀོད་ན་རུང་ངམ་ཞུས་པས། ད་དཔེ་ཆར་བཀོད་ཐུབ་ན་རུང་ལེགས་གསུངས་པས། རང་གི་བརྗེད་ཐོ་དང་རང་འདྲ་རྨོངས་པ་གཞན་ལའང་ཕན་པའི་སེམས་བསྐྱེད་ཀྱིས་བྲིས་པས། འདི་ཉིད་མཐོང་ཐོས་ཀྱིས་ཐོག་དྲངས་འགྲོ་བ་མཐའ་དག་ཟུང་འཇུག་རྡོ་རྗ…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      དབུ་མཛད་གུ་ཎེ་ཤྭ་ར་སོགས་དོན་གཉེར་འགའ་ཡི་དྲིས་ལེན་ཐོར་བུ།
      དབུ་མཛད་གུ་ཎེ་ཤྭ་ར་སོགས་དོན་གཉེར་འགའ་ཡི་དྲིས་ལེན་ཐོར་བུ་བཞུགས་སོ། །
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      དབུ་མཛད་གུ་ཎེ་ཤྭ་ར་སོགས་དོན་གཉེར་འགའ་ཡི་དྲིས་ལེན་ཐོར་བུ།
      དགོངས་འདུས་ཀྱི་ཆོས་སྐབས་ཀྱི་དྲི་བའི་དོགས་གཅོད་དུ་སྨྲས་པ། བདག་བསྐྱེད་བསྒོམས་ཚར་ནས་བསྡུ་ཆོག་མ་བྱས་བར་དུ་ལྷ་གཞན་བསྒོམ་པའམ་དམིགས་པ་གཞན་བྱ་མི་རུང་ཟེར་བ་དག་ནི་ཆོ་གའི་གོ་དོན་གཏན་ནས་མ་ལོན་པར་ཟད་དེ། ཇི་སྐད་དུ། འཕྲོ་འདུའི་དམིགས་པ་མ་ཤེས་ན། །ཕྱོགས་གཅིག་ཀྱང་གིས་ཀུན་མི་འགྲུབ། །འདབ་གཤོག་ཚག་པའི་བྱ་དང་འདྲ། །ཞེས་པ་ལྟ…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      དབུ་མཛད་གུ་ཎེ་ཤྭ་ར་སོགས་དོན་གཉེར་འགའ་ཡི་དྲིས་ལེན་ཐོར་བུ།
      ལྟ་བུ་ལ་གསུངས་པ་ཡིན་པས། དེས་ན། དགོངས་འདུས་ཀྱི་བསྐང་བཤགས་ལྟ་བུའི་སྐབས་སུ། ཐོག་མར་སྔོན་འགྲོ་དཀར་ཕྱོགས་གཞི་བདག་གནས་བདག་ཡུལ་བདག་ལ་གསེར་སྐྱེམས་ཕུལ་ཞིང་བཀའ་བསྒོ་བའི་དུས་སུ། རང་ཉིད་སྤྱན་རས་གཟིགས་སུ་བསྐྱེད་དེ་ཞི་བ་བྱང་ཆུབ་སེམས་ཀྱིས་བཏུལ། ཞི་བས་མི་ཐུལ་བའི་བགེགས་དང་འབྱུང་པོ་བསྐྲད་པའི་ཚེ་སྤྱན་རས་གཟིགས་ཁྲོས་པའི…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      དབུ་མཛད་གུ་ཎེ་ཤྭ་ར་སོགས་དོན་གཉེར་འགའ་ཡི་དྲིས་ལེན་ཐོར་བུ།
      སེམས་སྐུ་མདོག་དམར་པོ་ནམ་མཁས་གར་ཁྱབ་སྐུ་ཡིས་ཁྱབ་ཅིང་ཨ་འཐས་ཀྱི་མཚན་མར་མ་གྲུབ་པ་ཆོས་ཀྱི་དབྱིངས་ཁྱབ་པ་གཅིག་ཏུ་མོས་ཏེ། དམིགས་པའི་སྤྲོ་བསྡུ་གང་བྱེད་ཐམས་ཅད་དེའི་རྫུ་འཕྲུལ་གྱི་རོལ་པས་བྱ་སྟེ། མཆོད་གཏོར་བསང་སྦྱང་བྱིན་རླབས་ཏིང་ངེ་འཛིན་རྣམ་གསུམ་རང་ལུས་གཞལ་ཡས་ཁང་དང་ལྷ་ཚོགས་སེམས་ཉིད་དུ་བསྐྱེད་པ་ཐམས་ཅད་དེའི་ངང་ནས་…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      དབུ་མཛད་གུ་ཎེ་ཤྭ་ར་སོགས་དོན་གཉེར་འགའ་ཡི་དྲིས་ལེན་ཐོར་བུ།
      ལྟ་བུ་ནམ་མཁའ་ཁྱབ་པའི་ཁོངས་ནས་སྣོད་བཅུད་ཐམས་ཅད་སྤྲོ་བསྡུ་བྱེད་པ་ཡིན་ནོ། །བདག་མདུན་བུམ་གསུམ་དཀྱིལ་ཆོག་དངོས་གཞི་ཡིན་པ་གྲུབ་ནས། བཤགས་སྐོང་སོགས་ཡན་ལག་གི་ཆོ་ག་བྱེད་པའི་སྐབས་སུ། སྡིག་སྒྲིབ་ཉམས་ཆག་སོགས་སྦྱོང་བའི་ཕྱིར་རེ་ཞིག་ལ་རང་ལུས་ཐ་མལ་པའི་འདུ་ཤེས་དང་། དེ་ལ་ཡང་། ལུས་ཀྱི་སྒོ་ནས་མོས་གུས་ཕྱག་གི་བཤགས་པའི་ཚེ། …
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      དབུ་མཛད་གུ་ཎེ་ཤྭ་ར་སོགས་དོན་གཉེར་འགའ་ཡི་དྲིས་ལེན་ཐོར་བུ།
      ནི། དོན་དམ་པར་འཁོར་གསུམ་ཡོངས་དག་ལས་མ་འདས་ཀྱང་། གནས་སྐབས་ཀུན་རྫོབ་སྒྱུ་མ་ལྟ་བུའི་རོལ་པར་བདག་དང་དམིགས་ཡུལ་མཁའ་ཁྱབ་སེམས་ཅན་ཀུན་གྱི་སྡིག་སྦྱང་ཕྱིར་དད་མོས་གདུང་ཤུགས་ཀྱི་སྒོ་ནས་བཤགས་པ་སྨོན་ལམ་སོགས་བྱའོ། །དེ་ནས་སྔར་བཞིན་བདག་བསྐྱེད་དྲན་པའི་ངང་ནས་ཚོགས་བྱིན་རླབས་སོགས་བྱ་བའམ། ཆོས་སྐྱོང་བསྐང་གསོལ་སོགས་བྱས་ལ། སྐ…
      CMR033 · མཁས་གྲུབ་ཀརྨ་ཆགས་མེད།
      དབུ་མཛད་གུ་ཎེ་ཤྭ་ར་སོགས་དོན་གཉེར་འགའ་ཡི་དྲིས་ལེན་ཐོར་བུ།
      ཆད་དཀྱིལ་འཁོར་ཡིན་པར་མི་བསམ་མོ། །བསྡུ་ཆོག་གི་སྐབས་རྣམས་ལ་ཡང་། མདུན་བསྐྱེད་དཀྱིལ་འཁོར་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཤིང་དམ་ཚིག་པ་བདག་བསྐྱེད་ཀྱི་ཐུགས་སྲོག་ས་བོན་ལ་བསྡུ། བདག་བསྐྱེད་ལ་ནི་ཡེ་ཤེས་པ་ནམ་ཡང་གཤེགས་མི་རུང་ཞིང་། ནམ་རྣལ་འབྱོར་པ་རང་ཉིད་འཆི་བའི་དུས་ལ་བབས་ཚེ་འཕོ་བ་སྤར་བ་དེ་བདག་བསྐྱེད་ཀྱི་ཡེ…