Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      402 results — page 13 of 21
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ལྷ་མོའི་བཟང་།
      ལྷ་མོའི་བསང་ནི། བྷྱོ༔ བྱང་ཤར་ཆོས་དབྱིངས་ཕོ་བྲང་དམ་པ་ནས། །མ་གཅིག་དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་མཐིང་ནག་རྔམས་པའི་ཆ་ལུགས་ཅན། །རྫུ་འཕྲུལ་མྱུར་མགྱོགས་བོང་བུ་དམར་ག་ཆིབས། །རྒྱལ་བའི་བསྟན་སྲུང་ཆོས་མཛད་བུ་བཞིན་སྐྱོངས། །ཕས་རྒོལ་དགྲ་བོ་དཔུང་འཇོམས་བགེགས་དཔུང་འདུལ། རྣལ་འབྱོར་གདུང་བའི་འབོད་ཀྱིས་ཐོགས་མེད་གཤེགས…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      དུར་ཁྲོད་བདག་པོའི་བསང་མཆོད།
      དུར་ཁྲོད་བདག་པོའི་བསང་མཆོད་བཞུགས་སོ།། ཧཱུྃ།་ཨོ་རྒྱན་མཁའ་འགྲོ་དུར་ཁྲོད་གནས་ཡུལ་ནས། །དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་ཚོགས་བཅས། །དམ་བཅའ་བཞིན་དུ་གནས་འདིར་གཤེགས་སུ་གསོལ། །ཕྱེ་མར་འོ་ཞོ་དར་ཚོན་འབྲུ་སྣ་དང་། །དྲི་ཞིམ་སྤོས་སྣ་གཡུ་ཤུག་གསུར་གྱིས་བསང་། །གསེར་སྐྱེམས་བདུད་རྩི་ཇ་ཆང་གཏོར་མ་འབུལ། །དགྲ་ཇག་ཆོམ་རྐུན་གཅན་གཟན…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      བསྟན་སྲུང་རྡོ་རྗེ་ངེ་ནེ་མའི་བསང་མཆོད།
      བསྟན་སྲུང་རྡོ་རྗེ་ངེ་ནེ་མའི་བསང་མཆོད་ནི། བྷྱོ༔ མ་མོ་ནག་མོ་མཐུ་རྩལ་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་བདག །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱིར་འབྲང་མ། །དཀོར་བདག་ཆེན་མོ་དེ་ནི་མ། །ཉེ་བའི་ཚནྡྷོ་ཧ་ནས་བྱོན། །འདིར་གཤེགས་བསང་གི་མཆོད་པ་བཞེས། །ཤིང་སྨན་ཟས་སྣ་ར་ཚིལ་བསྲེགས། །ཇ་ཆང་ཕུད་བྲན་སྤོས་སྤྲིན་འཁྲིགས…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      བསྟན་སྲུང་རྡོ་རྗེ་ངེ་ནེ་མའི་བསང་མཆོད།
      སྙན་གྲགས་འགྲོ་དོན་འཕེལ་རྒྱས་ཤིང་། །རྟ་ནོར་གསེར་དངུལ་ཇ་དར་གོས། །ཟས་ནོར་མཁོ་དགུ་དབང་དུ་བསྡུས། །སྡང་དགྲ་གནོད་བྱེད་དགྲ་དང་བགེགས། །ཕྱི་ནང་འགལ་རྐྱེན་རྡུལ་དུ་རློགས། །ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད། །ཀརྨ་ཨ་རཱ་གས་སོ། །མངྒ་ལཾ། ༈ གཡུ་མཚོ་ཉེ་བའི་ཚནྡྷོ་ཧ། །དཔལ་ལྡན་རྡོ་རྗེ་ངས་ནུས་མ། །དཀོར་སྲུང་ཆེན་མོ་འཁོར་བཅས་བསང་།…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ཀུན་འཁྱིལ་ལྷ་མོའི་བསང་བསྡུས།
      ཀུན་འཁྱིལ་ལྷ་མོའི་བསང་བསྡུས་བཞུགས། ཧྲི༔ འཇིག་རྟེན་འདྲེན་པའི་ཕྱག་གི་ལྷུང་བཟེད་དབུས། །མཉྫ་ཤི་ཀའི་མཚོ་སྐྱེས་ལས་ཐོན་པའི། །མཐིང་ལྗང་དམར་བའི། ཡིད་འོང་ལྷ་མོ་གསུམ། །བསང་ངོ་མཆོད་དོ་གང་འདོད་དངོས་གྲུབ་སྩོལ། །ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཱ་ག་ཨ་སྱས་བྲིས་པའོ།།
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ཛམ་ལྷའི་བསང་མཆོད།
      ཧཱུྃ༔ ཛཾ་ལྷ་རིགས་ལྔ་རིགས་དགུ་ཐམས་ཅད་དང་༔ ཛཾ་དཀར་ཛ་ནག་ཛ་དམར་ཁྲ༔ ཛཾ་ལྷ་ཉེར་གཅིག་འཁོར་བཅས་ལ༔ བསང་མཆོད་འབུལ་ལོ་དངོས་གྲུབ་ཐོགས་མེད་སྩོལ༔ ཧཱུྃ༔ དཔལ་ཆེན་མ་དང་ནོར་རྒྱུན་མ༔ ཟླ་ཤེལ་མ་དང་སྦྱིན་བྱེད་མ༔ ལྷ་མོ་རབ་སྦྱིན་འཕགས་མ་ལ༔ བསང་མཆོད་འབུལ་ལོ་དངོས་གྲུབ་ཐོགས་མེད་སྩོལ༔ ལྷ་མོ་སྦས་མ་རབ་བཟང་མ༔ དབྱངས་ཅན་མ་དང་ནོར་ལྷ་…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ཛམ་ལྷའི་བསང་མཆོད།
      འབྲས་དྲུག་ལོ་ཐོག་འབྲུ་སྣ་ཚོགས༔ མི་ཟད་གཏེར་དང་ཟས་གོས་རྣམས༔ ན་བུན་བཞིན་དུ་འཐིབས་པར་མཛོད༔ དེ་བས་ཐུགས་རྗེས་དགོངས་མཛོད་ལ༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ མི་དཔའ་རྟ་ཧྲག་དངོས་གྲུབ་སྩོལ༔་སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ༔ གང་བཅོལ་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་ཛམ་ལྷ་རིགས་ལྔ་རི…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འཛམ་ལྷ་རིགས་ལྔའི་བསང་མཆོད།
      འཛམ་ལྷ་རིགས་ལྔའི་བསང་མཆོད་བཞུགས་སོ།། ཀྱཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་སྣ་བདུན་བརྩེགས་པའི་གཞལ་ཡས་ནས། །འཛམ་ལྷ་རིགས་ལྔ་ལྷ་མོ་ནོར་རྒྱུན་མ། །འཁོར་བཅས་འདིར་གཤེགས་བསང་དང་མཆོད་པ་བཞེས། །སྐུ་ཡི་འཛམ་ལྷ་དཀར་པོ་འབྲུག་ལ་ཆིབས། །མཁའ་འགྲོ་སྡེ་བཞི་འཁོར་དང་བཅས་པ་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འཛམ་ལྷ་རིགས་ལྔའི་བསང་མཆོད།
      འབྲས་ཀྱི་སྙེ་མ་འཛིན། །མཆེད་ལྔ་འཁོར་དང་བཅས་ལ་བསང་མཆོད་འབུལ། །ནོར་ལྷ་ཁྱེད་རྣམས་མཆོད་པའི་བྱིན་རླབས་ཀྱིས། །ཚེ་བསོད་དཔལ་འབྱོར་རྒྱས་པའི་ཁ་འཛིན་མཛོད། །ལོ་ལེགས་ཕྱུགས་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །གོད་འདྲེ་གནོད་བྱེད་ཟློག་པའི་ཕྲིན་ལས་མཛོད། །ཅེས་ཉམས་ལེན་བདེ་ཕྱིར་ཨ་རཱ་གས་བྲིས་སོ།།
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་གི་བསང་།
      བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་གི་བསང་བཞུགས་སོ།། ཀྱཻ། པདྨ་འབྱུང་གནས་ཐུགས་རྗེའི་རོལ་པ་ལས། །སྐུ་ཡི་དངོས་གྲུབ་ཀུན་གྱི་བདག །བཅོམ་ལྡན་ཛཾ་བྷ་དཀར་པོ་བསང་།གསུང་གི་དངོས་གྲུབ་ཀུན་གྱི་བདག །ཨརྱ་ཛཾ་བྷ་དམར་པོ་བསང་། །ཐུགས་ཀྱི་དངོས་གྲུབ་ཀུན་གྱི་བདག །འཕགས་པ་ཛམ་བྷ་སྔོན་པོ་བསང་། །ཡོན་ཏན་དངོས་གྲུབ་ཀུན་གྱི་བདག །འཕགས་པ་ཛཾ་ལྷ་སེ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་གི་བསང་།
      བྱང་གི་ཛཾ་ལྷ་འཁོར་བཅས་བསང་། །དམ་ཚིག་རིགས་ཀྱི་དངོས་གྲུབ་བདག །ཤར་ལྷོའི་ཛཾ་ལྷ་འཁོར་བཅས་བསང་། །སྣ་ཚོགས་རིགས་ཀྱི་དངོས་གྲུབ་བདག །ལྷོ་ནུབ་ཛཾ་ལྷ་འཁོར་བཅས་བསང་། །ཐམས་ཅད་རིགས་ཀྱི་དངོས་གྲུབ་བདག །ནུབ་བྱང་ཛ་ལྷ་འཁོར་བཅས་བསང་། །འཇིག་རྟེན་རིགས་ཀྱི་དངོས་གྲུབ་བདག །བྱང་ཤར་ཛཾ་ལྷ་འཁོར་བཅས་བསང་། འཛད་མེད་གཏེར་གྱི་དངོས་གྲུ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ནོར་ལྷ་རྒྱ་མཚོའི་བསང་ཉུང་འདུས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།
      ནོར་ལྷ་རྒྱ་མཚོའི་བསང་ཉུང་འདུས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །གནོད་གནས་དབང་པོ་ཨརྱ་ཛམ་བྷ་ལ། །དཀར་སེར་དམར་ལྗང་སྔོ་དང་ཁྲ་བའི་མདོག །ཤིན་ཏུ་ཁྲོས་ཚེ་མགོ་དགུ་སྤྱང་ཞོན་མ། །བརྟན་མ་ཀུན་གྱི་གཙོ་མོ་གཡུ་སྒྲོན་མ། །འཁོར་དང་བཅས་ལ་བདག་གིས་བསྟོད་པར་བགྱི། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །བདག་ཅ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་།
      ནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་བཞུགས་སོ།། ཀྱཻ། རི་རབ་ཆེན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །སྤོས་ངད་ལྡན་པའི་རི་བོའི་སྟེང་། །རིན་ཆེན་གཏེར་གྱི་ཁང་བཟང་ན། །བཀྲ་ཤིས་བུམ་བཟང་གཏེར་མཛོད་དབུས། །ལྗོན་ཤིང་ཆེན་པོའི་ནགས་ཚལ་ནས། །པདྨ་འདབ་མ་བརྒྱད་ཀྱི་སྟེང་། །སེངྒེ་དཀར་མོའི་ཁྲི་སྟེ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་།
      སྲུང་འཁོར་བཅས་བསང་། །ལྷོ་ཕྱོགས་ནོར་སྲུང་གང་བ་བཟང་། །ཕྱག་ན་རིན་ཆེན་ནེའུ་ལེ་བསྣམས། །གང་བ་བཟང་པོ་ལ་སོགས་པའི། །ལྷོ་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །ནུབ་ཕྱོགས་ནོར་སྲུང་ནོར་བུ་བཟང་། །ཕྱག་ན་ནོར་བུ་ནེའུ་ལེ་བསྣམས། །ནོར་བུ་བཟང་པོ་ལ་སོགས་པའི། །ནུབ་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །བྱང་ཕྱོགས་ནོར་སྲུང་ཀུ་བེ་ར། །ཕྱག་ན…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་།
      ཀུ་དྷ་ལ་སོགས་པའི། །བྱང་ཤར་ནོར་སྲུང་འཁོར་བཅས་བསང་། །དབུས་ན་ཕྱུགས་ལྷ་ལྗང་ཁུ་ནི། །ཕྱག་ན་རིན་ཆེན་གཞོང་པ་བསྣམས། །སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས། །དབུས་ཕྱོགས་ནོར་སྲུང་འཁོར་བཅས་བསང་། །ནོར་རྒྱུན་མ་ལ་སོགས་པ་ཡི། །ནོར་ལྷ་ཡུམ་ཆེན་བརྒྱད་པོ་ནི། །ཕྱག་ན་རིན་ཆེན་ཕྲེང་བ་བསྣམས།ནོར་བུ་པདྨ་སྐུ་ལ་གསོལ། །ནོར་ལྷ་ཡུམ་ཆེན་བརྒྱ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་།
      དགྲ་ལྷ་མཛད། །དགྲ་ལྷ་རྣམ་སྲས་འཁོར་བཅས་བསང་། །འབྲོག་པ་རྣམས་ཀྱི་ནོར་ལྷ་མཛད། །ནོར་ལྷ་རྣམ་སྲས་འཁོར་བཅས་བསང་། །ཡུལ་པ་རྣམས་ཀྱི་ཞིང་ལྷ་མཛད། །ཞིང་ལྷ་རྣམ་སྲས་འཁོར་བཅས་བསང་། །འདོད་དོན་དངོས་གྲུབ་ཕུན་སུམ་ཚོགས། །ནོར་བུ་རྣམ་སྲས་འཁོར་བཅས་བསང་། །དགྲ་བགེགས་ཆམ་ལ་ཕབ་མཛད་པའི། །རྩལ་ཆེན་རྣམ་སྲས་འཁོར་བཅས་བསང་། །ལྷ་ཆེན་ནོར་…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ནོར་ལྷ་རྣམ་སྲས་ཀྱི་གཡང་གི་བསང་མཆོད་རིན་ཆེན་ཀུན་འབྱུང་།
      རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ཆོས་ཀྱི་ཡོན་བདག་མཛོད། །ཅི་བསམ་ལྷུན་གྱིས་གྲུབ་པར་མཛོད། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །བསྭ་བས་ལྷ་རྒྱལ་ལོ། །ཞེས་པ་འདི་ཡང་ནོར་ལྷའི་བསང་མཆོད་འདི་ལྟར་དགོས་ཞེས་གཞན་གྱིས་བསྐུལ་ངོར་ཨ་རཱ་གས་སོ། །མངྒ་ལཾ།