Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      402 results — page 20 of 21
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ཡུལ་འདིའི་གཞི་བདག་སྐོར་བསང་།
      བསང་། །དབུས་ཀྱི་ཐང་ལྷ་ཡར་བཞུད་བསང་། །ཤར་གྱི་རྨ་གཉན་སྤོམ་ར་བསང་། །རྡོ་ཐི་གངས་དཀར་མཆེད་བརྒྱད་བསང་། །གཟི་རྒྱལ་ཇོ་བོ་མཆེད་གསུམ་བསང་། །རྟ་ཤོད་ཟེ་མའི་རི་རྒྱུད་བསང་། །བོད་ཀྱི་སྤེན་ནེ་རི་བཀྲ་བསང་། །རོང་བཙན་ཁ་བ་དཀར་པོ་བསང་། །དམག་དཔོན་དགྲ་འདུལ་དབང་ཕྱུག་བསང་།ལྕི་ཡི་བྲག་ལ་མདའ་ཟུག་བསང་། །སྤམ་རྒྱལ་གསལ་བ་འོད་ལྡན་བ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ཡུལ་འདིའི་གཞི་བདག་སྐོར་བསང་།
      ལྷ་རྩེ་མཁར་བཤམ་ལྷ་རྩེ་བསང་། །རིས་ནོ་འབོམ་བྲག་གདོང་བརྒྱའི་མཚལ་བྲག་བསང་། །རྫ་རྒན་འབར་བ་ཨ་མྱེ་དབུ་དཀར་བསང་། །ལྕོག་རྩེ་མོ་མ་སྟོན་པ་ཟོ་ཟེ་བསང་།ས་ཆེན་སྒོ་བ་རྨ་རི་སྤུན་གསུམ་བསང་། །ཤ་ནེ་སྤྱན་གསུམ་ཤང་དཀར་སྤུན་གསུམ་བསང་། །དམར་ཡག་སྤུན་གསུམ་རག་སྡོང་སྤུན་གསུམ་བསང་། །ཨག་གི་སྟོང་དཔོན་དཔའ།རྔམ་སེ་བོ་བསང་། །ཨག་གི་ཚྭ་…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ཡུལ་འདིའི་གཞི་བདག་སྐོར་བསང་།
      རྫ་དཀར་ཨ་མྱེ་བསམ་ཐིས་བསང་། །ཡོ་ཁྱིམ་ངང་པའི་འབྲོང་དཀར་བསང་། །སྒེས་ལུང་ངང་པའི་སྤེས་ཁེབ་བསང་། །ཐོབ་རྒྱལ་ངང་པའི་སྟག་རྩེ་བསང་།རི་ཡི་འབྱོར་པོ་ཤིང་ཞོན་བསང་། །ཨ་མྱེ་ར་འདྲེ་རྒྱུང་རྒན་བསང་། །ར་འདྲེ་མགར་བ་མཆེ་བརྒྱད་བསང་། །ག་ཉའི་ཡེང་ཤོས་དཀར་ནག་བསང་། །སྒམ་ཁྱི་དཀར་པོ་མཆེད་བརྒྱད་བསང་། །གངས་ནེ་མཚོ་སྨན་ཕྱུག་མོ་བསང་།…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ཡུལ་འདིའི་གཞི་བདག་སྐོར་བསང་།
      གི་ཇོ་མོ་ངང་རིག་བསང་། །འགོ་བའི་ལྷ་སྲུང་གཉན་པོ་བསང་། །སྐྱོབ་པའི་ལྷ་སྲུང་གཉན་པོ་བསང་། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་གཉན་རི་གཉན་ཆུ་གཉན་དང་། །བྲག་གཉན་རྡོ་གཉན་ཤིང་གཉན་དང་། །ས་གཉན་གྲོགས་གཉན་ལ་གནས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །ཕྱེ་མར་འབྲུ་སྣ་ཟས་ཕུད་དང་།ཇ་ཆང་འོ་མའི་ཕུད་ཀྱིས་མཆོད། །ཐམས་ཅད་མཉེས་ཤིང…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ནོར་བདག་བསང་སྣེ་གཉིས།
      ནོར་བདག་ནི། ཨོཾ་ཨ་ཀཱ་རོས་བརླབས། ཧཱུྃ། རྡོ་རྗེའི་བྲག་རི་རིན་ཆེན་ཤེལ་གྱི་མདོག །དམག་དཔོན་ཆས་འདྲ་གཡུ་མཚོའི་བརྒྱན་པ་ནས། །གཉན་པོ་བཱ་སུ་པ་ཏི་གསེར་གྱི་མདོག །མི་བོ་ཆེ་ཡི་ཆ་ལུགས་གཟི་བརྗིད་འབར། །ཕྱག་ན་ཡིད་བཞིན་རིན་ཆེན་རྒྱལ་མཚན་འཛིན། །འཁོར་བཅས་འདིར་གཤེགས་ཡིད་སྤྲུལ་གདན་ལ་བཞུགས། གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      ནོར་བདག་བསང་སྣེ་གཉིས།
      ཀྱཻ། རིན་ཆེན་རི་བོ་ལྷུན་ཆགས་པ། །སྐྱེས་བུ་ཤེལ་ཁྲབ་གྱོན་ནས་ཀྱང་། །བར་སྣང་ཁམས་སུ་འཕྱོང་འདྲ་ནི། །གཉན་པོ་ནོར་བདག་ཅེས་བྱ་བ། །འདོད་དགུ་བསྒྱུར་བའི་ལུས་ལྡན་ཕྱིར། །ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་། །ནོར་ལྷའི་ཆ་ལུགས་མཛད་པའི་ཕྱིར། །མི་སེར་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་ཡིད་བཞིན་ནོར་བུ་ཡི། །མཚན་པའི་རྒྱལ་མཚན་ནམ་མཁར་ཕྱར། …
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      བཙན་བསང་བདུད་རྩིའི་རྒྱ་མཚོ།
      བཙན་བསང་བདུད་རྩིའི་རྒྱ་མཚོ་བཞུགས། རང་ཉིད་ཧྲིལས་པདྨ་འབྱུང་གནས་སྐུ། །སྤྲུལ་སྐུའི་ཆས་རྫོགས་རྡོ་རྗེ་བྷན་འཛིན། །སྣང་སྲིད་ཟིལ་གནོན་ཁྲོ་འཛུམ་མདངས་དང་ལྡན། །གནས་གསུམ་འོད་འཕྲོས་བསང་རྫས་མ་དག་སྦྱངས། །ཤིང་སྣ་ཕྱེ་མར་སྤོས་སྤྲིན་སྟོང་གསུམ་ཁྱབ། །འདི་འདྲའི་བསང་མཆོད་ངོ་མཚར་ཁྱད་འཕགས་འདིས། །ཤར་ཕྱོགས་ཞི་བར་བྱེད་པའི་ཤིང་བ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      བཙན་བསང་བདུད་རྩིའི་རྒྱ་མཚོ།
      བདག་གིས་བསང་མཆོད་ཕུལ་བའི་མཐུ་སྟོབས་ཀྱིས། །རོ་ནལ་ནང་དམེ་དམེ་རྨུགས་རྟ་བཤས་སོགས། །བཙན་རིགས་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །རྨུགས་པ་དྭངས་ལ་འཐིབས་པ་སངས་གྱུར་ཅིག །བཙའ་སད་སེར་གསུམ་མི་ནད་ཕྱུགས་ནད་ཁོག །གློ་རྐུན་སྲི་རྐུན་རྟ་ཡི་བདུད་མ་བྱེད། །བཙན་རིགས་རང་རང་མཐུ་དང་རྫུ་འཕྲུལ་གྱིས་། །བདག་ལ་ཆོས་དང་མཐུན་པའི་སྡོང་གྲོགས…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ་བཞུགས་སོ།།
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ། །ལྷ་སྲུང་གཉན་པོ་བསང་བའི་ཕྱིར། །བསང་ཁང་ཡིད་འོང་ཟླུམ་པོའི་ནང་། །ཕྱེ་མར་ཇ་ཆང་འབྲུ་སྣ་དང་། །ཕུད་རྒོད་ལ་སོགས་མཆོད་བཤམས་ནས། །བདེ་བའི་སྟན་ལ་འདུག་ནས་ནི། །ཁྲོས་འཁྲུག་ལོག་པའི་སེམས་སྤངས་ནས། །རོལ་མོ་དབྱངས་དང་བཅས་པ་ཡིས། ན་མོ། དཀོན་མཆོག་ཀུན་འདུས་པའི། །གུ་རུ་པདྨ་འབྱུང་གནས་ལ། །བདག་དང་འགྲོ་ད…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      ནག་སྤྱན་གསུམ་ཨོཾ་གཙིགས་བསྡམ། །རྡོ་རྗེ་ཕྱར་ཞིང་ཕུར་བུ་གཟིར། །ཕོད་ཁ་ཆོས་གོས་མགོ་ཕྲེང་བརྒྱན། །སྟག་མོའི་སྟེང་ན་འདོར་སྟབས་བཞུགས། །དམ་ཡེ་དབྱེར་མེད་རྫོགས་པར་གསལ། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ཐམས་ཅད་སྤྱན་དྲངས་ནས། །ནམ་མཁའི་བར་སྣང་གང་བར་གྱུར། ཀྱཻ། སྐུ་གསུམ་དག་པའི་ཞིང་ཁམས་ནས། །བླ་མ་ཡི་དམ་མཁའ་འགྲ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས། །མ་ཧཱ་ཀཱ་ལ་སྟག་ཞོན་པ། །དེ་ཉིད་སྒྲུབ་པའི་བན་ཐུང་མ། །གཉན་པའི་རྨ་གཉན་སྤོམ་ར་དང་། །མགོན་སྐྱབས་སྡོང་གྲོགས་བྱེད། པ་ཡི། །དགྲ་ལྷ་ཡུལ་ལྷ་ཕོ་ལྷ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཡིད་སྤྲུལ་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡིས། ཉེར་སྤྱོད་བདུན་དང་འདོད་ཡོ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      བསང་། །ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བསང་། །པདྨ་འབྱུང་གནས་རིགས་གསུམ་མགོན། །རྒྱལ་སྲས་བྱང་སེམས་ཐམས་ཅད་བསང་། །རྗེ་འབངས་ཉི་ཤུ་རྩ་ལྔ་སོགས། །རྒྱུད་སྡེ་དྲུག་ལྡན་བླ་མ་བསང་། །བཀའ་དགོངས་ཕུར་གསུམ་ལ་སོགས་པ། །རྒྱུད་སྡེ་དྲུག་གི་ལྷ་ཚོགས་བསང་། །བེར་ནག་ཅན་དང་མ་ནིང་སོགས། །མགོན་ཆེན་བཞི་བ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      གཉིས་ཚོགས་པའི་སྲས། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །མགོན་པོ་མ་ཧཱ་ཀཱ་ལ་འཁྲུངས། །སྐུ་ལ་དར་ནག་བེར་ཆེན་གསོལ། །ཕྱག་གཡས་ཙནྡན་བེང་ཆེན་བསྣམས།ཙནྡན་བེང་གི་བེང་ནང་ནས། །ལྷ་དམག་བྱེ་བ་འབུམ་ཁྲི་འགྱེད། །གཡོན་པས་ལྕགས་ཀྱི་པར་བུ་བསྣམས། །དམ་ཉམས་དགྲ་བོའི་སྙིང་ཁྲག་འཐུང་། །ཆིབས་སུ་དཔའ་རྔམས་སྟག་ལ་ཆིབས། །ནག་པོ་སྟོང་གི་འཁོར་…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      སྲིད་པའི་ལུགས་ཡིན་ཕྱིར། །མིས་ཀྱང་ལྷ་ལ་མཆོད་པ་འབུལ། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །ནད་གདོན་བར་ཆད་ཐམས་ཅད་སོལ། །ཚེ་དང་དབང་ཐང་ལོངས་སྤྱོད་སྤེལ། །བྱད་ཁ་དགྲ་འདྲེའི་གནོད་པ་ཟློག །ཨོཾ་མ་ཧཱ་ཀཱ་ལ་རཱུ་པ་ཏྲི་ཡཾ་ཛ་ཛསརྦ་པཱུ་ཛ་པྲ་ཏིཙྪ་སྭཱ་ཧཱ། ཞེས་དང་། དེ་ནས་རིག་འཛིན་འབྲོང་པ་བན་ཐུང་གི་གསོལ་མཆོད་ནི། ཀྱཻ། འབྲོང་པའི་རིགས་འ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      ཞབས་གཡས་སག་ཏའི་ལྷམ་ཆེན་གསོལ། །ཆུ་དང་རབ་ལ་ཐོགས་མེད་ཕྱིར། །ཞབས་གཡོན་ས་ནི་རྗེན་པར་བཞུགས། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །དྲག་གཏུམ་དཔའ་བརྗིད་མེ་ལྟར་འབར། །དགྲ་བླ་ཆེན་པོ་བན་ཐུང་མ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བདག་ཅག་བུ་དང་ཚ་བོ་ལ།ཕ་རྒན་ཁྱོད་ཀྱིས་སྡོང་གྲོགས་མཛོད། །བུ་སྲིང་ཤག…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      ཧཱ། ཞེས་ལན་གསུམ་བརྗོད། ཨ་མྱེ་སྤོམ་རའི་བསང་མཆོད་བྱ་བ་ནི། ཀྱཻ། ཤར་ཕྱོགས་གངས་རི་ཤེལ་བྲག་ནས། །མགུར་ལྷ་རྣམ་རྒྱལ་སྤོམ་ར་ནི། །མི་དཀར་དུང་རྨོག་དུང་ཁྲབ་ཅན། །དར་འཕྲུ་ཉི་མ་ཕོད་ཁས་བརྒྱན། །ཕྱག་གཡས་སྦ་ལྕག་མདུང་དར་ཕྱར། །སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར། །དུང་རྟ་གཡུ་རྔོག་འཕུར་ཤེས་ཆིབས་། །རྨ་སྲས་དུང་གི་སྐྱ་མི་དགུ། །རྨ་…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      ཀུན་གྱི་སྤྱན་ལམ་དུ། །ཁྱོད་ལ་སྨ་ཕབ་མི་ཆེའམ། །མཆོད་དོ་ཨ་མྱེ་སྤོམ་ར་མཆོད། །བསང་ངོ་ཨ་མྱེ་སྤོམ་ར་བསང་། །ཚ་བོ་ང་ལ་དངོས་གྲུབ་སྩོལ། །མི་འཕེན་རྟ་ཧྲག་བཙན་དང་ལྡན། །ཟས་དང་ནོར་ལ་གཡང་ཆགས་པའི། །ཨ་མྱེ་སྤོམ་རའི་དངོས་གྲུབ་དེ། །ཚ་བོ་ང་ལ་མྱུར་དུ་བྱིན། །ཨོ་བཛྲ་ཀུ་ལི་མུ་ཡེ་ཡེ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཀྱཻ། གཞན་ཡང་ཡུལ་ཕྱ…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      གཅིག་ཀྱང་ཤི་བ་མེད། །ཁུ་ཡེ་ལུག་གཡང་ལུག་ལ་ཕོབ། །རྨ་ཡི་ནོར་ཁྱུ་བརྒྱ་སྟོང་ཡང་། །བེའུ་གཅིག་ཀྱང་ཤི་བ་མེད། །ཁུ་ཡེ་ནོར་གཡང་ནོར་ལ་ཕོབ། ཨོཾ། ཁུ་ཡེ་ཁུ་ཡེ་གཡང་ཕོབ་ཅིག །མུ་ཡེ་མུ་ཡེ་གཡང་ཕོབ་ཅིག །ཏིང་ལམ་ཏིང་ལམ་གཡང་ཕོབ་ཅིག །སུ་ཡུ་སུ་ཡུ་གཡང་ཕོབ་ཅིག །ཧུ་ཡ་ཧུ་ཡ་གཡང་ཕོབ་ཅིག །ཕྱྭཉི་མ་ཙམ་ཞིག་ཀྱི་ལི་ལི། །ཕྲུ་ཁུག་ནང་དུ་ཀྱི…
      CMR036 · མཁས་གྲུབ་ཀརྨ་ཆགས་མེད།
      འབྲོང་རིགས་ཀུན་གྱི་ཕ་མཚུན་གཉེན་པོ་སྟག་ཞོན་སྤོམ་ར་བན་ཐུང་བཅས་ཀྱི་བསང་མཆོད་འདོད་དོན་ཀུན་འགྲུབ།
      ཕུལ་བའི་དགེ་བ་ཡིས། །ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །ཚེ་དཔག་མེད་དང་དབྱེར་མེད་ཤོག །ཅེས་པ་འདི་ནི་བསྟན་པ་སྤྱི་ཁྱབ་ཀྱི་དགེ་བས་རགས་པ་ཙམ། ཁྱད་པར་འབྲོང་པའི་དགྲ་བླའི་བསང་མཆོད་ཅུང་ཞིག་རྒྱས་པར་སྨོས་པ་ཚང་མ་འདི་ནི་འབྲོང་པ་རྡོར་ཤུལ་དཔོན་གྱིས་བསྐུལ་ངོར། དགེ་སློང་རཱ་ག་ཨ་སྱས་བཀོད་པའོ། །དག…