Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      881 results — page 31 of 45
      CMR025 · ཀརྨ་ཆགས་མེད།
      ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས།
      བདག་བསྐྱེད་ཚར་གཅིག་བཏང་། ཡུད་ཙམ་ཁ་ནུབ་ཏུ་གྱུ་ལ་སྔགས་རིང་ཧཱུྃ་ཕཊ་ཅན་དེ་བཟླ་སྟེ་ལྔ་བརྒྱའམ་སུམ་བརྒྱ་སོགས་ཅི་ཐོན་ཡིན་ངེས་པ་མེད་དོ། །དམིགས་པ་ནི་རང་གི་ཐུགས་ཀའི་ཧྲཱི༔ སྔགས་ཕྲེང་ལས་འོད་ཟེར་དམར་པོ་བྱི་རུ་ལྟ་བུ་འཕྲོས་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ནས་ལྟག་ཁུང་ངོས་ནས་སོགས་རང་གི་རྒྱབ་ཏུ་བཞུགས་པའི་པདྨ་རིགས་ཀྱི་སྤྱན་…
      CMR025 · ཀརྨ་ཆགས་མེད།
      ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས།
      དངོས་གྲུབ་ཐོབ་པར་བསྒོམ། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། ཞལ་ནས་ཐོན་ཞལ་དུ་ཞུགས་གཡོན་དུ་སོང་རང་གི་རྒྱབ་ཟུར་གཡོན་དུ་བཞུགས་པའི་པདྨ་མཁའ་འགྲོའི་ཐུགས་ཀར་ཐིམ། ནིའི་མཐར་སྔགས་མགྱོགས་པར་འཁོར་བས་ཐུགས་རྒྱུད་བསྐུལ་ནས་དབང་གི་ཕྲིན་ལས་ལ་ཐུགས་གཏད་པས། སྔགས་ཕྲེང་ལས་འོད་དམར་པོ་བྱོན་ཞལ་ནས་ཐོན། དེའི་འོད་ཟེར་གྱི…
      CMR025 · ཀརྨ་ཆགས་མེད།
      ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས།
      སྦྱོར་གྱི་ཐུགས་ཀར་ཕོག་པས་མཆོད་པར་གྱུར་ནས་མཉེས། སྔགས་ཕྲེང་ཅི་མགྱོགས་སུ་འཁོར་བས་ཐུགས་རྒྱུད་བསྐུལ་ནས། དྲག་པོའི་ལས་ལ་དགོངས་པ་གཏད། ཐུགས་སྲོག་ཧཱུྃ༔སྔགས་ཕྲེང་དང་བཅས་པ་ལས། འོད་ཟེར་ལྗང་གུ་བྱུང་། དྲག་པོའི་དངོས་གྲུབ་ཀྱི་ཚུལ་དུ་ཞལ་ནས་ཐོན། འོད་དེ་ལས་འོད་ཟེར་ཆེན་པོ་འཕྲོས་པས། གནོད་བྱེད་དགྲ་བགེགས་ཐམས་ཅད་འོད་དེ་ཚ་བའ…
      CMR025 · ཀརྨ་ཆགས་མེད།
      ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས།
      དགྲ་བགེགས་ཐམས་ཅད་གཞོབ་ཐུལ་གྱིས་ཚར་བཅད། འཇིག་རྟེན་དྲེགས་པའི་མཐུ་སྟོབས་བསྡུས་འོད་ལ་ཐིམ་ཞིང་ཚུར་བྱུང་རང་གི་ཐུགས་ཀར་ཐིམ་པས། དྲག་པོའི་ཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་པར་བསྒོམས་ལ་སྔགས་རིང་མཇུག་ཧ་རི་ནི་ས་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སུམ་བརྒྱའམ་ཅི་ལྕོགས་བཟླ། གཏོར་བསྔོས་བྱ། ཐུན་བསྡུས་ལ་ཉལ་ལོ། །ཐུན་བསྡུ…
      CMR025 · ཀརྨ་ཆགས་མེད།
      ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས།
      དུ་ཁ་གྱུའི། རྒྱུན་དུ་ནི་མི་དགོས་སོ། །གོང་དུ་བསྙེན་པ་ཐེམ་ནས་རྒྱུན་དུའམ། ཐུགས་དམ་ཆག་མེད་མཁན་མཚམས་མ་ཐོན་ཀྱང་དམིགས་པ་འདི་དག་ཅི་ལྕོགས་སུ་བསྒོམ། བསྐྱེད་རིམ་འབྱོངས་ནས་ཕྲིན་ལས་བཞི་ཁའི་དམིགས་པ་དུས་གཅིག་ལ་བསྒོམ་པར་གསུངས་སོ། །ཞེས་པདྨ་ཡེ་ཤེས་ཀྱི་བསྒྲུབ་པ་བྱ་ཕྱིར་དང་མ་ཕམ་གྱི་དགེ་རྩ་ལ་དམིགས་ནས་ཨ་རཱ་གས་བྲིས་པ་སྟེ་…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས་བཞུགས་སོ། །
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འཇིག་རྟེན་འདྲེན་པའི་འཕགས་མཆོག་སྤྱན་རས་གཟིགས། །ལྷ་དགུའི་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི། །དགོངས་པ་གྲོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །རྒྱུད་ལ་བསྟན་པའི་རྒྱ་གཞུང་ཆེན་པོ་དང་། །རང་བྱུང་རྡོ་རྗེའི་ཚིགས་བཅད་ཚིག་ལྷུག་གཉིས། །ཡབ་སྲས་སོ་སོས་མཛད་དང་ཞལ་གདམས་བཅས། །ཆོ་ག་འདི་ཡི་གཞུང་བསྲང་ཉམས་ལེན་ཅི…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      མཆོད་མཆོད་པ་རྣམ་ལྔ་དང་། །སྔོན་འགྲོ་གཏོར་མ་ཌ་དྲིལ་འཛོམ་པར་བྱ། །ཉིན་རེར་སྔ་མོ་སྔོན་འགྲོ་རེ་རེ་བཏང་། །དེ་མིན་ཐུན་གཞན་སྔོན་འགྲོ་མི་དགོས་སོ། །གསར་བུ་ཡིན་ན་ཐུན་དྲུག་བྱ་བར་བཤད། །ཞོགས་པ་སྔ་དྲོ་ཉིན་གུང་དགོང་ཀ་བཞི། །སྲོད་དང་ཐོ་རངས་ཐུན་དྲུག་བྱ་བའམ། །སྔ་དྲོ་ཉིན་གུང་དགོང་ཀ་སྲོད་དང་བཞི། །ཐུན་མཇུག་གཏོར་བསྔོས་བྱེད་…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      པའི་སྐབས་དེ་རུ། །བདག་དང་རིགས་བཞིའི་སྤྱན་རས་གཟིགས་བཞི་ཡི། །ཐུགས་ཀར་པདྨ་དམར་པོ་འདབ་བརྒྱད་པའི། །ཟེའུ་འབྲུར་ཧཱུྃཡིག་དམར་པོ་བྱེ་རུའི་མདོག །འགྲེངས་ཏེ་གནས་པའི་ཡིག་མགོའི་ཕྱོགས་དེ་ནི། །ཡི་གེའི་མདུན་ཡིན་རང་གི་མདུན་ངོས་བལྟ། །དེ་མཐར་མདུན་ནས་བརྩམས་ཏེ་གཡོན་བསྐོར་དུ། །ཡིག་བཅུ་ཡིག་ངོ་ཕྱི་ལ་བསྟན་ཏེ་བཀོད། །ཡུམ་ལྔའི་ཐ…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      ནས་ཐུགས་ཀའི་སྔགས་ཕྲེང་རིག་པ་གཏད། །ཀློག་པའི་ཚུལ་དུ་བཟླ་བ་བསྙེན་པའོ། །དེ་ནས་ཡིག་ཕྲེང་རྣམས་ལས་འོད་ཟེར་ནི། །ཁ་དོག་ལྔ་ལྡན་དམར་པོ་ཤས་ཆེ་བ། །ཡིག་འབྲུ་མི་འཁོར་འོད་ཟེར་འཁོར་བར་བསྒོམ། །དེ་ནས་དང་པོ་ཡིག་འབྲུ་དལ་བུས་འཁོར། །ཡབ་རྣམས་གཡས་འཁོར་ཡུམ་རྣམས་གཡོན་དུ་འཁོར། །དེ་ནས་ཇེ་མགྱོགས་ཤིན་ཏུ་མགྱོགས་པར་འཁོར། །དེ་ལྟར་བས…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      ཐོབ་རྣམས་དང་བསྲེ་བ་སྟེ། ་་བླ་མ་རྒྱ་མཚོ། །ཕྱག་ཆེན་འདོད་ན་དྭགས་པོ་ས་ར་ཧ། །རྫོགས་ཆེན་འདོད་ན་དགའ་རབ་བི་མ་ལ། །ནུས་པ་ཆེ་འདོད་ཨོ་རྒྱན་པཀི་སོགས། །བསྒོམས་པས་བླ་སྒྲུབ་མཆོག་ཏུ་གྱུར་པ་ཡིན། །ཡང་ནི་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡི། །ཞིང་ཁམས་ཀུན་ན་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དེས་མཆོད། །ཐམས་ཅད…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      གསང་སོགས་གསར་མའི་ལྷ། །བཀའ་དགོངས་ཕུར་གསུམ་ལ་སོགས་རྙིང་མའི་ལྷ། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་རྣམས། །གང་འདོད་ཐམས་ཅད་དེ་ལྟར་བསྒོམ་ཆོག་སྟེ། །འདི་ནི་རྒྱུད་སྡེ་བཞི་ཡི་སྤྱི་སྒྲུབ་ཡིན། །ལྷ་གཅིག་སྔགས་གཅིག་བཟླས་པས་ཀུན་འགྲུབ་གསུངས། །དེ་བཞིན་ཕག་ཁྲོས་་་་མཁའ་འགྲོ་རྒྱ་མཚོ། །སེང་གསུམ་སྒྲོལ་མའི་རིགས། །ཐུགས་རྗ…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      པ་ཡིན། །དེ་ནས་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་འཕྲོས། །སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་། །པདྨ་དབང་གི་དཀྱིལ་འཁོར་ཉིད་དུ་གྱུར། །བཅུད་ཀྱི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་སུ་གྱུར། །དམྱལ་བ་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྐུར་གྱུར་ད…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      རྫོགས་པར་ཐུན་རེ་བསྒོམ། །མི་ལྕོགས་ན་ནི་ཞག་གཅིག་རྫོགས་པས་ཆོག །ཞག་བདུན་བསྒྲུབ་ན་དེ་ཡན་ཞག་དྲུག་བྱ། །དེ་ནས་ཞག་གཅིག་ལས་སྦྱོར་དམིགས་པ་ནི། །ཐུན་གྱི་བཟུང་ལུགས་སྔོན་དང་འདྲ་བ་ལས། །སྔ་ཐུན་ཡུད་ཙམ་ཤར་དུ་ཁ་བལྟས་ལ། །བདག་ཉིད་ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དཀར་པོ་ཡབ་ཡུམ་ཞལ་ནས་ཐོན། །མདུན་དུ་བཞུགས་པའི་རྡོ་རྗེ་ས…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      ཀྱིས་ཐིམ་པ་ལས། །རང་གི་ཐུགས་ཀར་ཐིམ་ཞིང་ལུས་ཁྱབ་པས། །ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །འོད་ཀུན་ཐུགས་ཀའི་ཧྲུལ་ཐིམ་པ་ཡིས། །སེམས་ཀྱི་ཉོན་སྒྲིབ་ཤེས་སྒྲིབ་ཐམས་ཅད་ཞི། །ཞི་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བསྒོམ། །སྔགས་རིང་ཧ་རི་ནི་ས་ཧཱུྃ་ཕཊ་ཅན། །ལྔ་བརྒྱ་ལ་སོགས་ཇི་ཙམ་ལྕོགས་པ་བཟླ། །དེ་ནས་བདག་ཉིད་ཡབ་ཡུམ་སྔགས་ཕྲེ…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      བསྒོམ་ཞིང་སྔགས་རིང་མཇུག་དེ་རུ། །ནད་གདོན་སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཅི་ལྕོགས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །དེ་ནས་ཉི་མ་དྲོས་ཆེན་དུས་བབ་ཚེ། །བདག་བསྐྱེད་ཚར་གཅིག་བཏང་བ་དེ་ཡི་རྗེས། །ལྷོའམ་བྱང་དུ་ཡུད་ཙམ་ཁ་གྱུས་ནས། །སྔགས་རིང་ནི་ས་ཧཱུྃ་ཕཊ་ཅན་བཟླ་ཞིང་། །བདག་ཉིད་ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེ…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      གསེར་མདོག་འཕྲོས་ཤིང་ཞལ་ནས་ཐོན། །གཡས་ཀྱི་རྒྱབ་ཟུར་རིན་ཆེན་མཁའ་འགྲོ་ཡི། །ཐུགས་ཀར་ཐིམ་པས་མཆོད་པར་གྱུར་ནས་མཉེས། །སྔགས་ཕྲེང་དྲག་འཁོར་ཐུགས་དམ་རྒྱུད་བསྐུལ་ཏེ། །རྒྱས་པའི་ཕྲིན་ལས་སྒྲུབ་ལ་ཐུགས་དགོངས་གཏད། །ཐུགས་ལས་འོད་ཟེར་བཙོ་མ་གསེར་མདོག་འཕྲོས། །ཞལ་ནས་ཐོན་ཚེ་ཉི་མའི་དཀྱིལ་འཁོར་བཞིན། །དེ་ཡི་འོད་ཟེར་ཉི་མའི་འོད་ལྟ…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      འོད་ཟེར་དམར་པོ་བྱུ་རུའི་ཕྲེང་བ་ལྟར། །ཞལ་ནས་ཐོན་ཅིང་རྒྱབ་ཀྱི་ཕྱོགས་སུ་སོང་། །པདྨ་སྤྱན་གཟིགས་ཡབ་ཡུམ་ཐུགས་ཀར་ཐིམ། །སྔགས་ཕྲེང་དྲག་འཁོར་ཐུགས་དམ་རྒྱུད་བསྐུལ་བས། །སྣང་སྲིད་དབང་སྡུད་ལས་ལ་དགོངས་པ་གཏད། །ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས། །ཞལ་ནས་ཐོན་པས་པདྨ་རཱ་གའི་མདོག །དེ་ལས་འོད་ཟེར་གློག་འདྲ་འཇིག་རྟེན་ཁྱ…
      CMR025 · ཀརྨ་ཆགས་མེད།
      དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
      གྲུབ་བསྡུ་ཞིང་འོད་དེར་ཐིམ། །ཚུར་བྱོན་རང་གི་ཐུགས་ཀར་ཐིམ་པ་ཡིས། །ཁམས་གསུམ་དབང་དུ་འདུས་པའི་དངོས་གྲུབ་ཐོབ། །སྔགས་རིང་བེ་རོ་ཙ་ནཱི་ཡེ་ཡི་མཇུག །ནི་རི་ཧ་ས་བ་སུ་ན་ན་ཊི་དྷ་སརྦ་སིདྡྷི་པ་ཤཾ་ཀུ་རུ་སྭཱ་ཧཱ། །ཅི་ལྕོགས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །དེ་ནས་མུན་རུབ་བདག་བསྐྱེད་ཚར་གཅིག་བཏང་། །ཡུད་ཙམ་བྱང་ངམ་ལྷོ་རུ་ཁ་…