Author
About 40% of texts have an author recorded — this list will grow as more are attributed.
330 results
— page 1 of 17
CMR018
· ཀརྨ་ཆགས་མེད།
ཌཱཀི་སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས།
ཌཱཀི་སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་བཛྲ་ཌཱ་ཀི་སེ་ཧ་མུ་ཁ་ཡེ། །སྔོན་ཚེ་བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མས། ཤ་ཟ་མཁའ་འགྲོ་སྡེ་བརྒྱད་འདུལ་བའི་ཕྱིར། །ཐུགས་བསྐྱེད་སྨོན་ལམ་དམོད་པ་བོར་བའི་མོད། །སེང་གེའི་གདོང་མར་གྱུར་ལ་གསོལ་བ་འདེབས། །དྲེགས་པ་དབང་བསྡུས་སྲོག་གི་སྙིང་པོ་བླངས། །རི་རབ་སོ་གཉིས་རྡུལ་མཉམ་མཁའ་…
CMR018
· ཀརྨ་ཆགས་མེད།
ཌཱཀི་སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས།
འབྱུང་འཆི་བ་མེད་དེར་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོ་མངོན་སུམ་ཞལ་མཐོང་ནས། །སྒྲོམ་བུ་དགུ་བསྐོར་གཏེར་ཁ་གཏད་པའི་མཐུས། །མུ་སྟེགས་སྐལ་ལྡན་རྒྱལ་པོ་བསྒྲལ་མཛད་པ། །བ་རི་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །ཡེ་ཤེས་ཌཱཀྐིས་དུས་གསུམ་བྱིན་གྱིས་བརླབས། །བཻ་རོའི་སྦས་པའི་རྡོ་རྗེ་མཁའ་འགྲོ་ཡི། །སྒྲུབ་སྐོར་གཏེར་ནས་ཕྱུངས་ཏེ་སྤེལ་མ…
CMR018
· ཀརྨ་ཆགས་མེད།
ཌཱཀི་སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས།
འདེབས། །རི་རབ་སུམ་ཅུ་གཉིས་དང་རྡུལ་ཕྲན་དང་། །གྲངས་མཉམ་ཡེ་ཤེས་ལས་དང་འཇིག་རྟེན་གྱི། །སྲུང་མ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དཀར་མོའི་ཏིང་འཛིན་འབྲུ་བརྒྱད་གསང་སྔགས་ཀྱི། །སྒྲུབ་པའི་བར་ཆད་བསྲུང་བར་བྱིན་གྱིས་རློབས། །ནག་མོའི་ཏིང་འཛིན་བཅུ་ཡི་གསང་སྔགས་ཀྱིས། །ལུས་སྲོག་བར་…
CMR018
· ཀརྨ་ཆགས་མེད།
འགྲེས་བྱང་།
དཀོན་མཆོག་གསུམ་བཟུང་མི་སྤང་སྒྲུབ། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་རིགས་ཀྱི་དམ་ཚིག་ལས། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །རིན་ཆེན་རིགས་ཀྱི་དམ་ཚིག་ཡིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་གྱི་ཀྵ ཆོས་རྣམས་བཤད།…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
རྒྱ་གར་སྐད་དུ། ཊཀྐི་སེང་ཧ་མུ་ཁ་ས་དྷ་ན་མ། བོད་སྐད་དུ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ་མཁའ་འགྲོ་སེང་གདོང་མའི་བདག་བསྐྱེད་སྲུང་འཁོར་དང་བཅས་པ་སྟེ། ཕྱི་སྒྲུབ་བསྙེན་པའི་ལས་རིམ་བལྟས་ཆོག་བཞུགས་སོ། །དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་སྟེ་རྩ་བའི་མན་ངག་གོ །སེང་གེ་ཁ་འཐབ་ལ་སོགས་གཞན་དུ་ཤེས་སོ། །
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
ན་མོ་བཛྲ་ཌཀྐི་ཡེ། གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། །ཡེ་ཤེས་ཌཱཀྐིའི་སྒྲུབ་ཐབས་གསལ་བཀོད་བྱ་། །ཌཱཀྐིའི་ཚོགས་ཀྱིས་བཀའ་གནང་བྱིན་གྱིས་རློབས། །དེ་ལ་རྟེན་གྱི་གང་ཟག་འདི་ཡི་དབང་ཐོབ་ཅིང་། གསང་སྔགས་ཀྱི་དམ་ཚིག་སྤྱི་དང་ཁྱད་པར་དུ་འདི་ཞུས་པའི་སློབ་དཔོན་ལ་སྐུར་པ་ཅུང་ཟད་ཙམ་མི་གདབ་ཅིང་ཐུགས་དང་མི་འགལ་བ་གལ་ཆེ། སློ…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
མཐེབ་ཀྱུས་བཅད་ཁ་བཞི་ཡིས་བསྐོར། དཀར་དམར་གྱིས་བརྒྱན་ཅིང་། མཐར་མཆོད་པ་རྣམ་ལྔ་དང་སྨན་རཀ་བཤམས། རང་ཉིད་སྟན་བདེ་བ་ལ་འདུག་ཅིང་། ཌཱ་དྲིལ་མདུན་དུ་བཀོད། དེ་ནས་གནས་བདག་ལ་དཀར་གཏོར་བྱིན་ལ། མ་སྒྲིག་མ་བསྔངས་བར་བདག་གི་གྲོགས་གྱིས་ཤིག །ཅེས་བཀའ་བསྒོའོ། །བགེགས་ལ་གཏོར་མ་བྱིན་ལ། སུ་བྷས་བསྐྲད། དེ་ནས་མཆོད་པ་རྣམས། ཨོཾ་བྷི་ཤྭ…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
ཅན་ཐམས་ཅད། ཕ་དྲིན་ཅན་རྩ་བརྒྱུད་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །ལོངས་སྐུ་ཡེ་…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་ལ་ཡི་གེ་བརྒྱ་པའི་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་འཁོད་པ་ལས་བདུད་རྩིའི་རྒྱུན་བབས་རང་གི་ཚངས་བུག་ནས་ཞུགས་ཤིང་ལུས་ཀྱི་ཕྱི་ནང་གཉིས་ཀ་བཀྲུས་པས་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་བྱང་ཞིང་དག །ལུས་ཤེལ་སྒོང་གཡའ་དག་པ་ལ…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པའི་ལྷ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །དཔལ་ལྡན་རྡོ་།དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །སེང་གེའི་གདོང་ཅན་ལྷ་མོར་འདུད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱི…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
གྱུར། སྟོང་པའི་ངང་ལས་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་ཅིག་ཏུ་གྱུར། ཧཱུཾ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་རིམ་པ་ལྟར་འཕྲོས་པ་ལས། །གནམ་ལྕགས་ཀྱི་འཁོར་ལོ་གུར་ཐབས་རྩིབས་སྟོང་རྣོ་བའི་ངར་དང་ལྡན་པ། དེ་ཡི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེ་ཁ་གདེངས་བ་གསོར་ལོ་ལྟར་འཁོར་བ་བར་མཚམས་མེད་པའི་གུར། དེ་ཡི་ཕྱི་རོལ་དུ་ལས་…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
ཡི་ཕྱི་རོལ་དུ་ཁ་ཊཾ་འབར་བ་རྩེ་ཕྱིར་བསྟན་པའི་གུར། དེ་ཡི་ཕྱི་རོལ་དུ་རལ་གྲི་བསམ་ཆོད་འབར་བའི་གུར། དེ་ཡི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་དམར་ནག་འུ་རུ་རུ་འབར་བ་དུམ་བུ་གཅིག་ཏུ་གྱུར་པའོ། །དེ་ལྟར་གུར་ཁང་དགུ་རིམ་གྱི་དབུས་སུ་འཁོར་ལོའི་ལྟེ་བར་གནམ་ལྕགས་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་མེད་པ་རྒྱ་ཆེ་བ་དཔངས་མཐོ་བ་ལ…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་གཞལ་ཡས་ཁང་གི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་དང་། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ་དགྲ་བགེགས་ཕོ་མོ་བསྣོལ་བ་དང་ཨུ་མ་བསྐྱེལ་བའི་སྙིང་ཁར་རང་གི་རྣམ་པར་ཤེས་པའི་ངོ་བོ་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་བབ་ཅིང་། དེ་ལས་འོད་ཟེར་དམར་ནག་འཕྲོས། དགྲ་བགེགས་བྱད་མ་སྡེ་དཔུང་བཅས་པ་བསྒྲལ་ནས་རྒྱལ་བའི་ཡུམ་གྱི…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
རྗེས་མཚན་པའི་གྲི་གུག་ནམ་མཁའ་ལ་འཕྱར་བའི་འོད་ཀྱིས་འཇིག་རྟེན་གསལ་ཞིང་། གཡོན་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་པའི་རྟིང་པས་བྷ་ག་མནན་ཞིང་། གཡོན་བརྐྱངས་བས་ཨུ་མའི་སྙིང་ཁར་མནན་པ། གྲུ་མོ་གཡོན་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊཾ་ག་གྱེན་དུ་བསྒྲེངས་པ་ལ་ཌ་མ་རུ་དང་དར་སྣ་ལྔ་ཡི་ཅོད་པན་དང་གཡེར་ཁ་…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
སངས་རྒྱས་རིགས་ཀྱི་སེང་གདོང་མ་དཀར་མོ་འཁོར་ལོས་མཚན་པའི་གྲི་ཐོད་འཛིན་ཅིང་རྣམ་སྣང་གི་དབུ་རྒྱན་ཅན། །མགྲིན་པར་འདུ་ཤེས་ཀྱི་ཕུང་པོ་དང་མེ་ཁམས་རྣམ་པར་དག་པ། པདྨ་རིགས་ཀྱི་སེང་གདོང་མ་དམར་མོ་པདྨས་མཚན་པའི་གྲི་ཐོད་འཛིན་ཅིང་སྣང་མཐའི་དབུ་རྒྱན་ཅན། སྙིང་ཁར་རྣམ་ཤེས་ཀྱི་ཕུང་པོ་དང་། ཆུ་ཁམས་རྣམ་པར་དག་པ། རྡོ་རྗེ་རིགས་ཀྱི་སེ…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
བར་རེག་རྡོ་རྗེ་མ་ལྗང་མོ་སེང་གེའི་གདོང་པ་ཅན། བ་སྤུ་ཐམས་ཅད་ཀྱང་སྤྲུལ་པ་ཡང་སྤྲུལ་གྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཡུངས་ཀར་གྱི་འབྲུ་ཙམ་པ། དེ་དག་ཐམས་ཅད་ཀྱི་ཁ་ཊཾ་དང་གྲི་གུག་ཐོད་ཁྲག་བསྣམས་པ། གཡས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟག་གི་གདོང་པ་ཅན། གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དོམ་གྱི་གདོང་པ་ཅན། དེ་གཉིས་ཀྱང་ཁྲོ་རྔམ…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
གནས་དང་། ཨོ་རྒྱན་གྱི་ཡུལ་རབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་ནས་མ་ཡེ་ཤེས་ཀྱི་ཌཱཀྐི་སེང་གེའི་གདོང་ཅན་མའི་ལྷ་ཚོགས་སྤྱན་དྲངས། རྐང་གླིང་ཌཱ་དྲིལ་རོལ་མོ་བསྒྲོགས། ཧཱུྃ་བྷྱོ༔ འོག་མིན་མཁའ་སྤྱོད་ཞིང་ཁམས་ཨོ་རྒྱན་ཡུལ། །རབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་ནས། །རྒྱལ་བའི་བསྐྱེད་ཡུམ་ཌཀྐི་སེང་གདོང་མ། །རྣལ་འབྱོར་བྱིན་གྱིས་བར…
CMR018
· ཀརྨ་ཆགས་མེད།
མཁའ་འགྲོ་སེང་གདོང་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།
བཀོད་དེ། ཨ༔ཀ༔ར༔མ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ ཅེས་པ་རྣམས་ཁ་དོག་མཐིང་ནག་དམར་མདངས་ཆགས་པའོ། །དང་པོའི་ཡིག་འབྲུ་དེ་དག་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས་ཏེ། རྣམ་བཅད་ཡོད་པའི་ཕྱིར་དྲག་པོར་བཅད་དེ་འབྲུ་རེ་རེ་དུམ་བུར་བཀླག་གོ །དེ་ནས་ཡིག་འབྲུ་དེ་རྣམས་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་ཚོན་ལྟ་བུར་བྱུང་སྟེ། འོད་ཟེར་གཡོན་དུ་ཀྱི་ལི་ལི་འཁོར…